དེ་རིང་ནི2024ལོའི་ཟླ09པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-09-11 10:06:49   |   195

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཉན་ནུའུ་ཅོ།
རི་བོ་ཁུ་ནུ།
གཅིག་དགུ་སོ་ལྔ་ལོའི་ཟླ་བཅུ་པར།

དགུང་སྔོན་པོའི་འོག་ནས་ལྷང་ངེར་འགྱིངས། །
རི་ཁུ་ནུའི་དབལ་སོའི་མུ་ཁྱུད་འདིས། །
དཔལ་མི་ཡུལ་མཛེས་སྡུག་མ་ལུས་མྱངས། །
འབྲུག་དཀར་པོ་བརྒྱ་སྟོང་གར་སྟབས་ཀྱིས། །
འཁྱགས་གྲང་ངར་ཆེན་པོས་གནམ་འོག་དཀྲུགས། །
དབྱར་ཚ་བས་འཁྱགས་རོམ་བསྡམས་མ་ཞུས། །
ཆུ་རྨ་འབྲི་ལྟེམས་སེ་གང་སར་བཞུར། །
མི་ལ་ལ་ཉ་མོའི་ལྟོ་རུ་གྱུར། །
ལོ་སྟོང་ཕྲག་ལེགས་ཉེས་གཉིས་ཀའི་ཆ། །
སུས་ཇི་ལྟར་དཔྱད་ནས་བརྗོད་པར་བྱེད། །

དུས་ད་ལྟ་ང་ཡིས་ཁྱེད་ལ་བརྗོད། །
མཐོ་ནམ་མཁར་ཟུག་པའི་དཔངས་མི་དགོས། །
གངས་ཁ་བའི་འདབ་མ་བརྩེགས་མི་དགོས། །
རྒྱབ་དགུང་བསྙེས་རལ་གྲིའི་ཤུབས་ནས་ཕྱུང་། །
ཁྱོད་དུམ་བུ་གསུམ་ལ་ཇི་ལྟར་བགོ །
དུམ་མགོ་མ་ཡོ་རོབ་དབྱིན་ཇིར་འབུལ། །
དུམ་བར་མ་མེ་གླིང་ཨ་རིར་སྦྱིན། །
དུམ་མཐའ་མ་ཤར་ཕྱོགས་གླིང་འདིར་འཇོག །
གནས་ཞི་བདེ་ས་ཡི་གོ་ལ་འདིས། །
དྲོད་ཚ་གྲང་སྐྱིད་སྡུག་འདྲ་ན་བསམ། །

སྙན་ཚིག་འདི་ཆེས་སྔ་མོར1957ལོའི་ཟླ་དང་པོའི《སྙན་དེབ》དུས་དེབ་སྟེང་བཀོད་ཡོད།

念奴娇
昆仑
一九三五年十月

横空出世,
莽昆仑,
阅尽人间春色。
飞起玉龙三百万,
搅得周天寒彻。
夏日消溶,
江河横溢,
人或为鱼鳖。
千秋功罪,
谁人曾与评说?

而今我谓昆仑.
不要这高,
不要这多雪。
安得倚天抽宝剑,
把汝裁为三截?

一截遗欧,
一截赠美,
一截还东国。
太平世界,
环球同此凉热。

这首词最早发表在《诗刊》一九五七年一月号。


མཉམ་སྤྱོད།