དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-09-30 09:37:20   |   771

སྒྱུར་མཁན། རིན་ཆེན་ཚེ་རིང་།  ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཚེག་བདུན་རྐང་བརྒྱད་སྙན་ངག
གྲོགས་པོར་ལན་བཏབ་པ།
གཅིག་དགུ་རེ་གཅིག་ལོར།


ས་འཛིན་ཅིག་དབྱིའི་མཁའ་དབྱིངས་སུ། །

སྤྲིན་པ་དཀར་པོ་འཕུར་ནས་རྩེ། །

རླུང་ལ་བཞོན་པའི་ལྷ་མོ་ཉིད། །

གཡུ་ཡི་རི་ལས་ལྷོད་ཀྱིས་འབབ། །

སྨྱུག་ཁྲ་སྡོང་རྐང་གཅིག་གི་སྟེང་། །

མཆི་མའི་མུ་ཏིག་སྟོང་ཕྲག་འདུས། །

མཚམས་སྤྲིན་དམར་པོས་ཡོངས་བརྒྱན་པ། །

སྣ་ཚོགས་གོས་ཀྱི་ཤམ་བུ་འདྲ། །

ཏུང་ཐིན་མཚོ་མོ་འཕྱུར་བའི་རླབས། །

མཁའ་ནས་འབབ་པའི་གངས་དང་འདྲེས། །

ཁྲང་ཏོ་ཡུལ་མིའི་སྙན་པའི་གླུས། །

ས་གཞི་སྨེང་ནས་འདར་བར་བྱས། །

དེའི་ཕྱིར་བདག་གི་རྨི་ལམ་ལ། །

ཡངས་པའི་ཡུལ་ལྗོངས་དྲན་གསོས་ནས། །

པད་མའི་རྒྱལ་ཁམས་ལ་ཐང་ཀུན། །

ཉི་གཞོན་ཡོ་ལང་རྒྱས་ཡོད་དོ། །

སྙན་ངག་འདི་ཆེས་ཐོག་མར་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གི1963ལོའི་ཟླ12པའི་པར་གཞི《མའོ་ཀྲུའུ་ཞིའི་སྙན་ཚིག》སྟེང་བཀོད་ཡོད།


七律
答友人
一九六一年


九嶷山上白云飞,

帝子乘风下翠微。

斑竹一枝千滴泪,

红霞万朵百重衣。

洞庭波涌连天雪,

长岛人歌动地诗。

我欲因之梦寥廓,

芙蓉国里尽朝晖。

这首诗最早发表在人民文学出版社一九六三年十二月版《毛主席诗词》。


མཉམ་སྤྱོད།