དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-10-15 08:54:59   |   515

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཚེག་བར་བདུན་མའི་བཅད་མ།
བློ་མཐུན་ཀོ་མོ་རོའི་སྙན་ངག་གི་ལན།
གཅིག་དགུ་རེ་གཅིག་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན།


ས་གཞིར་ཐོག་རྒྱག་རླུང་འཚུབ་དུས་ཉིད་ནས། །

རུས་དཀར་ཕུང་པོ་ལས་ནི་བདུད་མོ་སྐྱེས། །

བླ་རྒན་རྨོངས་ཀྱང་སློབ་གསོས་བཀུག་ན་ཆོག །

གདོན་འདྲེ་མིར་བརྫུས་ངེས་པར་ཆག་སྒོ་སློང་། །

སྤྲེལ་རྒྱལ་དཔའ་སྟོབས་བསྐྱེད་ནས་གསེར་དབྱུག་ཕྱར། །

གཡུ་ལྗང་གནམ་འོག་རྡུལ་སྙིགས་གཙང་ཕྱགས་བྱས། །

དེ་རིང་སྤྲེལ་རྒྱལ་དགའ་བས་འབོད་པ་ནི། །

གདོན་འདྲེའི་སྨུག་རྡུལ་སླར་ཡང་འཚུབ་པས་སོ། །

སྙན་ངག་འདི་ཆེས་ཐོག་མར་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གི1963ལོའི་ཟླ12པའི་པར་གཞི《མའོ་ཀྲུའུ་ཞིའི་སྙན་ཚིག》སྟེང་བཀོད་ཡོད།


七律
和郭沫若同志
一九六一年十一月十七日


一从大地起风雷,

便有精生白骨堆。

僧是愚氓犹可训,

妖为鬼蜮必成灾。

金猴奋起千钧棒,

玉宇澄清万里埃。

今日欢呼孙大圣,

只缘妖雾又重来。

这首诗最早发表在人民文学出版社一九六三年十二月版《毛主席诗词》。


མཉམ་སྤྱོད།