དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-10-22 08:30:16   |   615

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཧི་ཞིན་ལང་།
ལོ་རྒྱུས་བཀླགས་པ།
གཅིག་དགུ་རེ་བཞི་ལོའི་དཔྱིད།


མི་སྤྲ་དབྱེ་འབྱེད་གུས་ལུགས་ཕྱག་གིས་བྱས། །

རྡོ་ལ་གཅོག་བརྡར་བྱས་ནས་བཀོལ་སྤྱོད་ཙམ། །

འདི་ནི་མིའི་རིགས་ན་ཆུང་དུས་སྐབས་ཡིན། །

ཟངས་ལྕགས་ཁྲོ་ཐབས་ནང་ནས་བཙོ་སྦྱངས་བྱས། །

དེ་ནི་དུས་རབས་གང་ལ་གཏོགས་ཤེ་ན། །

དེ་ཡང་ལོ་ངོ་སྟོང་འགའི་དུས་ཙམ་ཡིན། །

སྐབས་དེའི་མི་ལ་དགའ་སྤྲོའི་སྨྲ་བ་མེད། །

གཡུལ་སར་དགྲ་དང་གཞུ་མོ་བཀུག་ནས་རྩོད། །

གྲོང་ཕྱིའི་ཐང་ཡོངས་ཁྲག་གི་རྒྱུན་གྱིས་བཀང་། །


ལོ་རྒྱུས་བཀླགས་ཏེ་མགོ་སྐྲ་དཀར་པོར་གྱུར། །

དྲན་ངོར་འཆར་བ་ཡིག་འབྲུ་ཐིགས་པ་འགའ། །

འདས་དོན་ཕྱག་རྗེས་ཡིག་ཕྲེང་འགའ་ལས་མེད། །

ཝུའུ་ཏཱེ་ཟན་ཧྭོང་ཟེར་བའི་རྒྱལ་པོ་ཡི། །

རླབས་ཆེན་མཛད་པས་གྲངས་མེད་སྐུ་མགྲོན་བསླུས། །

དོན་དམ་སྐྱེས་ཆེན་ག་ཚོད་འཁྲུངས་ཤེ་ན། །

ཏོད་ཀྲི་ཀྲོང་ཅེ་སྙན་གྲགས་འཕེལ་ལས་གཞན། །

ཁྲིན་ཧྲིན་གྱིས་ནི་གསེར་གྱི་དགྲ་སྟ་གཡུགས། །

བྲིས་མཚམས་འདིར་སླེབས་ཐོ་རངས་སྐྱ་མདའ་བཀྱགས། །

སྙན་ཚིག་འདི་ཆེས་སྔ་མོར1978ལོའི་འདོན་ཐེངས9པའི《དར་དམར》སྟེང་བཀོད་ཡོད།


贺新郎
读史
一九六四年春


人猿相揖别。

只几个石头磨过,

小儿时节。

铜铁炉中翻火焰,

为问何时猜得,

不过几千寒热。

人世难逢开口笑,

上疆场彼此弯弓月。

流遍了,

郊原血。


一篇读罢头飞雪,

但记得斑斑点点,

几行陈迹。

五帝三皇神圣事,

骗了无涯过客。

有多少风流人物?

盗跖庄蹻流誉后,

更陈王奋起挥黄钺。

歌未竟,

东方白。

这首词最早发表在《红旗》一九七八年第九期。


སྐབས་སྔོན་མ། ས་སྐྱ་ལེགས་བཤད།
སྐབས་རྗེས་མ། ས་སྐྱ་ལེགས་བཤད།
མཉམ་སྤྱོད།