དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-10-23 08:38:45   |   209

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཧྲོས་ཏུའོ་ཀི་ཐུག
ཡང་བསྐྱར་རི་བོ་ཅིན་ཀང་ཧྲན་ལ་འགོས་པ།
གཅིག་དགུ་རེ་ལྔ་ལོའི་ཟླ་ལྔ་པར།


ཆུང་ནས་མཐོ་སར་སྙེག་པའི་སྤོབས་པ་ལྡན། །

ཡང་བསྐྱར་རི་བོ་ཅིན་ཀང་ཧྲན་ལ་འགོས། །

ལེ་དབར་སྟོང་ལ་གནའ་ཡུལ་བཙལ་དུ་ཡོང་། །

སྔོན་གྱི་རྣམ་པ་ཆ་ཤས་ཙམ་ཡང་མེད། །

ག་ས་གང་དུ་བྱ་བྱིའུ་གླུ་དང་གར། །

དྭངས་གསལ་ཆུ་བོ་ལྷུང་ལྷུང་བཞུར་རྒྱུན་རིང་། །

རི་ཡི་ལམ་ཆེན་ཨ་སྔོན་དགུང་ལ་ཟུག །

ཧྭོང་དབྱང་ཅེ་ཞེས་འགག་འཕྲང་བརྒལ་བ་ན། །

ད་ནི་ཉེན་ཁའི་གནས་ཤིག་མི་མཐོང་ངོ་། །

ཆར་ཐོག་རླུང་རྒོད་དམག་གི་དར་ཆ་ནི། །

ལྷབ་ལྷུབ་སྐྱོད་ལ་འདི་ནི་མི་ཡི་ཡུལ། །

འདས་ཟིན་ལོ་ཡི་འཁོར་མོ་སོ་བརྒྱད་ནི། །

སེ་གོལ་གཏོགས་པའི་ཡུན་གྱི་སྐད་ཅིག་མ། །

མཁའ་རུ་འཕུར་ནས་ཟླ་བ་བླངས་ཀྱང་ཆོག །

རྒྱ་མཚོར་འཛུལ་ནས་རུས་སྦལ་བཟུང་ཡང་ཆོག །

ཡང་རྩེར་སྙེག་པའི་བློ་ཐག་བཅད་ཡོད་ཚེ། །

འཛམ་བུ་གླིང་འདིར་དཀའ་བའི་ལས་མེད་དོ། །

སྙན་ཚིག་འདི་ཆེས་སྔ་མོར1976ལོའི་ཟླ་དང་པོའི《སྙན་དེབ》དུས་དེབ་སྟེང་བཀོད་ཡོད།

水调歌头

重上井冈山

一九六五年五月


久有凌云志,

重上井冈山。

千里来寻故地,

旧貌变新颜。

到处莺歌燕舞,

更有潺潺流水,

高路入云端。

过了黄洋界,

险处不须看。


风雷动,

旌旗奋,

是人寰。

三十八年过去,

弹指一挥间。

可上九天揽月,

可下五洋捉鳖,

谈笑凯歌还。

世上无难事,

只要肯登攀。

这首词最早发表在《诗刊》一九七六年一月号。


སྐབས་སྔོན་མ། ས་སྐྱ་ལེགས་བཤད།
སྐབས་རྗེས་མ། ས་སྐྱ་ལེགས་བཤད།
མཉམ་སྤྱོད།