དེ་རིང་ནི2025ལོའི་ཟླ06པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-11-15 08:55:33   |   840

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཚེག་བདུན་ཤོ་ལོ་ཀ
ལྱིག་ཧྥིན།
གཅིག་དགུ་ང་བརྒྱད་ལོར།


གཅིག (ཐད་སྒྱུར)

སྟོང་ལོའི་སྔོན་ལ་མཁའ་ལ་བཀྲ་ཤིས་གཡང་སྤྲིན་འཁོར། །

ཐང་རྒྱལ་དུས་དཀྱིལ་སྤྱང་གྲུང་གཉིས་ལྡན་ལྱིག་ཧྥིན་ཡོད། །

ཁྱུ་དང་བྲལ་བའི་སྒྲོ་ལྷུང་ཁྲུང་ཁྲུང་སྒྲ་མདས་གཙེས། །

རྟ་ཁྱུ་བག་འཁུམས་ཅང་ཤེས་འཚེར་བས་གྲགས་པ་འཕེལ། །

གཉིས། (དོན་སྒྱུར)

ཀྲུང་གོའི་ལོ་རྒྱུས་རིང་མོའི་ཆུ་རྒྱུན་ཁྲོད། །

དབེན་སར་གནས་པའི་སྐྱེས་ཆེན་མཁས་དབང་མང་། །

ཐང་གི་རྒྱལ་རབས་དུས་ཀྱི་བར་དཀྱིལ་ལ། །

ལྱིག་ཧྥིན་འདྲ་བ་བཀོལ་ཡོད་ཉམས་མི་འགྱུར། །

སྲོང་པོར་སྨྲ་བས་གྲོགས་མེད་ཁེར་རྐྱང་ལུས། །

གཞན་གྱི་སྡེ་ཡིས་འཚེ་བ་མྱོང་ནའང་། །

ཡ་མི་ང་ཞིང་ད་དུང་གཏམ་གྱིས་རྒོལ། །

འདི་འདྲའི་མཁས་པར་སྙན་པའི་གྲགས་པ་རྒྱས། །

སྙན་ངག་འདི་རྩོམ་པ་པོས་ཞིབ་དག་བྱས་ཟིན་པའི་མ་ཡིག་ལས་བཏོན་ནས་བཀོད་པ་ཡིན། ནང་དོན་གོ་བའི་ཆེད་དུ་ཐད་སྒྱུར་དང་དོན་སྒྱུར་གཉིས་བཀོལ་ཡོད།  སྒྱུར་པ་པོས།


七绝
刘蕡
一九五八年


千载长天起大云,

中唐俊伟有刘蕡。

孤鸿铩羽悲鸣镝,

万马齐喑叫一声。

这首诗根据作者审定的抄件刊印。


མཉམ་སྤྱོད།