དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-12-12 08:27:33   |   805

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཚེག་བཞི་སྙན་ངག
གོང་མའི་གདུང་མཆོད་ཞུ་ཚིག
གཅིག་དགུ་སོ་བདུན་ལོའི་ཟླ་གསུམ་པར།


མཚན་སྙན་དབང་གྲགས་ལྡན་པའི་མེས་པོ་ཡིས། །

ཀྲུང་ཧྭ་མི་རིགས་བློ་དང་རྩལ་གྱིས་བསྐྲུན། །

ཚ་རྒྱུད་འཕེལ་ཞིང་མཆོད་པ་རྒྱུན་མི་ཆད། །

རི་ལྔ་བརྗིད་ཆགས་རྨ་ཆུའི་བཞུར་རྒྱུན་དྲག །

རིག་པའི་ཁོ་ལག་རྫོགས་པའི་རྒྱལ་པོ་དེ། །

མཁྱེན་པའི་བློ་རྒྱ་ཕྱོགས་ཀྱི་མཐའ་ལ་འཕྲོ། །

རླབས་ཆེན་ལེགས་པའི་མཛད་རྗེས་འདི་འདྲ་བ། །

འཛམ་གླིང་ཤར་ན་མངོན་པར་འཕགས་པ་བསྐྲུན། །

འཇིག་རྟེན་འགྱུར་ལྡོག་འབྱུང་བ་ཆོས་ཉིད་དེ། །

རེ་འཕེལ་རེ་འགྲིབ་རྐྱེན་ངན་བར་ཆད་འབྱུང་། །

སྟོང་ལོའི་རྗེས་སུ་སྟོབས་ལྡན་ཁྱིམ་མཚེས་ཀྱིས། །

གནས་ལུགས་ཅི་ཡང་མེད་པར་བཙན་འཛུལ་བྱས། །

ལིག་ཆིག་དང་ནི་ཐེ་ཝན་གླིང་ཕྲན་ཤོར། །

བྱང་གི་ཁོ་རི་ཡ་ཡ་ཡང་བཤིག་རོར་བཏང་། །

ཏུང་པེ་དང་ནི་ཧི་པེ་ས་ཕྱོགས་ན། །

ནང་རུལ་ངོ་ལོག་ཅི་འདྲའི་མང་བ་ལ། །

རང་ས་བཅད་དེ་དགྲ་ལ་བྱིན་ནའང་། །

དེ་ཡི་ཧམ་པ་ནམ་ཡང་བཀང་ཡོད་མིན། །

དགྲ་བོས་ལག་ལ་དྲག་ཆས་དབྱུག་པ་ཐོགས། །

དམངས་ལ་བརྙས་བཅོས་བྱེད་ཅིང་བྲན་དུ་བཀོལ། །

རང་རེའི་མེས་པོར་སྤྱོད་གཙང་གུས་ལུགས་ལྡན། །

དཔའ་མཛངས་བློ་གྲོས་སྲིད་པར་གྲགས་པ་ཆེ། །

ཀྲུའུ་ལུའུ་གནས་སུ་གཡུལ་འཐབ་རྒྱལ་ཁ་བླངས། །

མཚོ་ཡི་ཚུར་རོལ་ད་གཟོད་བདེ་བར་གནས། །

དེང་དུས་ཁོང་ཚོའི་རྗེས་འཇུག་མི་རབས་ནི། །

དཔའ་བོའི་སྤོབས་དང་བྲལ་བ་སུ་ལ་བརྗོད། །

རྔམ་བརྗིད་ལྡན་པའི་རྒྱལ་ཁབ་ཆེན་པོ་འདི། །

ཆག་འཇིག་ཉམས་པར་གྱུར་པའི་ངང་ཚུལ་སྐྱོ། །

མའོ་ཙེ་ཏུང་སོགས་འཇོན་ནུས་མེད་ནའང་། །

དྲག་ཆས་སྤྲས་ནས་འཇིགས་མེད་སྟོབས་ཀྱིས་ལངས། །

དམག་དཔུང་ཆེན་པོའི་སྣེ་ཁྲིད་དཀའ་བ་མྱངས། །

རྒྱལ་ཁབ་ཆེད་དུ་རང་གི་ཚེ་སྲོག་འབུལ། །

ལོ་མང་དཀའ་སྡུག་ཕྲག་ཏུ་རབ་བླངས་ཏེ། །

ཉེན་ཁ་མང་པོ་རབ་དང་རིམ་པར་བརྒྱུད། །

འཇར་པན་དགྲ་ངན་ཚར་གཅོད་མ་བྱས་ཚེ། །

ཁྱིམ་གཞིས་བདེ་ལྷོད་ཅན་ཞིག་གང་ན་ཡོད། །

ཏང་ཁག་མི་འདྲ་ལས་རིགས་སོ་སོ་དང་། །

དམག་དམངས་གཉིས་ཀའི་གང་ཞིག་ཡིན་ན་ཡང་། །

དབུལ་དང་ཕྱུག་པོའི་དབྱེ་བ་མི་འབྱེད་པར། །

འཇར་འགོག་མཐུན་སྒྲིལ་དཔུང་བ་སྲ་ཞིང་བརྟན། །

མི་རིགས་འཐབ་ཕྱོགས་གཅིག་ཏུ་སྒྲིལ་བའི་ལས། །

རྒྱལ་ཁབ་སྐྱོབ་པའི་ཐབས་ཇུས་བཟང་པོ་ཡིན། །

མི་དམངས་དུང་ཕྱུར་བཞི་ཡི་མང་ཚོགས་ཀྱིས། །

འགོག་རྒོལ་མཐའ་འཁྱོངས་བྱེད་པའི་བློ་སེམས་བརྟན། །

རྒྱལ་ཁབ་ལམ་ལུགས་དམངས་གཙོ་སྤྱི་མཐུན་དང་། །

ནང་སྲིད་བཅོས་སྒྱུར་བྱེད་པའི་འདོད་བློ་འཛིན། །

མི་དམངས་དུང་ཕྱུར་བློ་སེམས་མཐུན་གྱུར་ན། །

འཇར་འགོག་དམག་འཁྲུག་རྒྱལ་ཁ་ལོན་ཤ་སྟག །

ང་ཡི་རི་ཆུ་ནགས་གསུམ་ཕྱིར་ལ་བྱིན། །

རྒྱལ་ཁབ་ཁེ་དབང་ང་ལ་ཕྱིར་སྤྲོད་ཅིག །

རྒྱལ་ཁབ་གནས་འཇིག་གནད་འགག་གནད་དོན་ཐད། །

ཇི་སྲིད་བོར་བའི་མནའ་ལ་འགྱུར་བ་མེད། །

དམག་དཔུང་དག་སྒྲིག་དྲག་ཆས་དོ་དམ་བྱེད། །

སྐྱེས་ཆེན་མེས་པོ་རྣམས་ལ་ཞུ་གསོལ་འབུལ། །

མགོ་ཐོག་གནམ་དང་རྐང་འོག་ས་དོག་མོས། །

བདེན་པའི་སྡོང་གྲོགས་མཛོད་ཅིག་གསོལ་ལོ་མཆོད། །

གདུང་མཆོད་རྩོམ་ཡིག་འདི1992ལོའི་ཟླ7པའི་པར་གཞིའི《སྙན་དེབ》ལས་བདམས་ཤིང་།



四言诗
祭黄陵文
一九三七年三月


赫赫始祖,吾华肇造。

胄衍祀绵,岳峨河浩。

聪明睿知,光被遐荒。

建此伟业,雄立东方。

世变沧桑,中更蹉跌。

越数千年,强邻蔑德。

琉台不守,三韩为墟。

辽海燕冀,汉奸何多!

以地事敌,敌欲岂足。

人执笞绳,我为奴辱。

懿维我祖,命世之英。

涿鹿奋战,区宇以宁。

岂其苗裔,不武如斯。

泱泱大国,让其沦胥。

东等不才,剑屦俱奋。

万里崎岖,为国效命。

频年苦斗,备历险夷。

匈奴未灭,何以家为。

各党各界,团结坚固。

不论军民,不分贫富。

民族阵线,救国良方。

四万万众,坚决抵抗。

民主共和,改革内政。

亿兆一心,战则必胜。

还我河山,卫我国权。

此物此志,永矢勿谖。

经武整军,昭告列祖。

实鉴临之,皇天后土。

尚飨!

这篇祭文最早发表在一九三七年四月六日延安《新中华报》。


མཉམ་སྤྱོད།