དེ་རིང་ནི2025ལོའི་ཟླ02པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-12-30 08:43:16   |   1087

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། 


1724286892128003.png

ལུའུ་ཡུག་གི་སྙན་ངག


ཚུགས་མལ་འཁྲིས་ཀྱི་ཟམ་པ་ཆད་རོའི་འགྲམ། །

འཇམ་ཅག་ལྷམ་མེར་བཞད་ཀྱང་ལྟ་མཁན་མེད། །

སྲོད་ལ་སླེབས་ཚེ་གཅིག་པུར་སྐྱོ་སྣང་ཆེ། །

རླུང་དང་དྲག་ཆར་ལྷག་ཏུ་རྒོད་ཅིང་རྩུབ། །

དཔྱིད་ཀྱི་དཔལ་མོར་འགྲན་པའི་སེམས་མེད་ཀྱང་། །

མེ་ཏོག་ཀུན་གྱིས་ཕྲག་དོག་བྱེད་ཡུལ་གྱུར། །

འདབ་ལོ་ལྷུང་ནས་རྡུལ་དུ་གྱུར་ཀྱང་རུང་། །

དྲི་བསུང་ཞིམ་པོ་སྔར་བཞིན་ཕྱོགས་བཞིར་ཁྱབ། །


陆游原词


驿外断桥边,

寂寞开无主。

已是黄昏独自愁,

更著风和雨。

无意苦争春,

一任群芳妒。

零落成泥碾作尘,

只有香如故。


མཉམ་སྤྱོད།