དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་ཡིག་ཡིག་གཟུགས་འགྲན་སྡུར་སྤེལ་བའི་བརྡ་སྦྱོར།

2022-10-10 08:37   |   494

རྩོམ་སྒྲིག ཁོན་ཐར་ཚེ་རིང་།  ཡོང་ཁུངས། མཚོ་བྱང་རྒྱང་སྒྲོག་བརྙན་འཕྲིན་བོད་སྐད་སྤྱི་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


དེ་ཡང་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་འཛུགས་གཙོ་རྐང་དུ་འཛིན་པ། “རྒྱུན་འཛིན་དང་གསར་གཏོད། མཉམ་སྤྱོད”ལྟེ་བར་བྱས་ཏེ། མཚོ་བྱང་ཁུལ་གྱི་སྣ་མང་རིག་གནས་ཀྱི་ཐོན་ཁུངས་ལ་བརྟེན་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་སྒྱུ་རྩལ་གྱི་ཉིང་བཅུད་དར་སྤེལ་གཏོང་བ་དང་། མཚོ་བྱང་ཁུལ་དུ་ཡིག་གཟུགས་རིག་གནས་སྣ་མང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་ཤེས་རིག་གི་འཕེལ་རྒྱུན་རྒྱུན་མཐུད་ཡོང་བ་བཅས་ལ་འབད་དེ། རང་ཁུལ་གྱི་དགེ་བཟོ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རང་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་པའི་སྤྲོ་སེམས་ལ་སྐུལ་མ་གཏོང་ཆེད། མཚོ་བྱང་ཁུལ་གྱི་བོད་ཡིག་ཡིག་གཟུགས་འགྲན་སྡུར་སྤེལ་རྒྱུ་ཡིན་ཞིང་། འགྲན་སྡུར་བརྡ་སྦྱོར་གྱི་ཞིབ་ཕྲའི་ནང་དོན་གཤམ་གསལ་ལྟར།

དང་པོ། བྱེད་སྒོའི་བརྗོད་དོན།

“སྨོན་ལམ་མཐོན་པོར་བསྟོད་བསྔགས་བྱེད། ཐུན་མོང་འདུ་ཤེས་བརྟན་དུ་གཏོང”ཞེས་པ་བརྗོད་བྱ་གཙོ་བོ་བྱས་ཏེ། ཡིག་གཟུགས་བརྩམས་ཆོས་བརྒྱུད་མཚོ་བྱང་ཁུལ་གྱི་རང་བྱུང་མཛེས་ལྗོངས་༼དཔེར་ན། མདོག་ལྔའི་མཚོ་བྱང་གི་རང་བྱུང་མཛེས་སྡུག་སྟེ། མཚོ་སྔོན་པོའི་ལང་ཚོ། རྩྭ་ཐང་གི་མཛེས་ཉམས། བྱེ་ཐང་གི་འཚར་ཉམས། གངས་རིའི་གཟི་མདངས་སོགས༽དང་། མི་རིགས་དམངས་སྲོལ་རིག་གནས། གསར་བརྗེའི་རིག་གནས། གྲོང་གསེབ་དར་སྤེལ། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སོགས་བརྗོད་བྱ་གཙོ་བོ་མངོན་པར་མཚོན་རྒྱུ་དེ་ཡིན་ཞིང་། ནང་དོན་ཐད་ཧུར་བརྩོན་ཡར་ཐོན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་འབུར་ཏུ་ཐོན་དགོས།

གཉིས་པ། རྩ་འཛུགས་ལས་ཁུངས།

གཙོ་སྒྲུབ་ལས་ཁུངས། མཚོ་བྱང་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས།

འགན་སྒྲུབ་ལས་ཁུངས། མཚོ་བྱང་ཁུལ་མདའ་བཞི་རྫོང་མདོ་ལ་རི་བོའི་སློབ་འབྲིང་།

གསུམ་པ། འགྲན་ཞུགས་ཁྱབ་ཁོངས།

ཁྱིམ་ཐོ་མཚོ་བྱང་ཁུལ་གྱི་ཡིན་པའམ་ཡང་ན་མཚོ་བྱང་ཁུལ་དུ་ལས་སྒྲུབ་དང་སློབ་གཉེར་བྱེད་བཞིན་པའི་བོད་ཡིག་ཡིག་གཟུགས་དགའ་མོས་ཅན་ཡོངས་ལ་ཁ་ཕྱོགས་པ། 

གཅིག  དར་མའི་ཚོགས་ཆུང་། ལོ༡༨ཡན་དང་སློབ་གྲྭ་ན་མེད་པའི་མི།

གཉིས། སློབ་མའི་ཚོགས་ཆུང་། སློབ་གཉེར་བྱེད་བཞིན་པའི་སློབ་མ།

བཞི་པ། འགྲན་བསྡུར་གྱི་རྣམ་པ་དང་བླང་བྱ།

གཅིག  བརྩམས་ཆོས་ཀྱི་ནང་དོན་ལ་སྙན་ངག་དང་ལེགས་བཤད། བསླབ་བྱ་སོགས་ཡ་རབས་སྤྱོད་བཟང་དང་ཡར་སྐུལ་གྱི་ནང་དོན་ལྡན་ཞིང་། དུས་རབས་གསར་བའི་སྙིང་སྟོབས་དང་འཚོ་བ་མཚོན་པ་ཡིན་དགོས་ལ། མ་རབས་སྤྱོད་ངན་དང་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ། ཆོས་ལུགས་ཀྱི་ཤུགས་ཧ་ཅང་ཆེ་བའི་ནང་དོན་ཡོད་མི་ཆོག  སྤུ་སྨྱུག་དང་པུར་སྨྱུག ལྕགས་སྨྱུག་གིས་བྲིས་པའི་ཡིག་གཟུགས་ཡིན་དགོས ཡིག་རྒྱུན་གྱི་ཚད་བཀག་མེད་ལ། དབུ་ཅན་དང་དབུ་མེད། ཚུགས་རིང་ཐུང་། འབྲི་ཚ། མཛེས་བྲིས་སམ་རྣམ་པ་གསར་བའི་ཡིག་གཟུགས་བརྩམས་ཆོས་སོགས་འགྲན་ཞུགས་བྱས་ཆོག

གཉིས། བརྩམས་ཆོས་ཀྱི་ཤོག་བུའི་ཆ་ཚད་སོགས་ལ་ཚད་བཀག་མེད། རབ་ཡིན་ན་བརྩམས་ཆོས་ལ་གོང་བཤམས། མཐའ་རྒྱན་ཡོད་ན་བཟང་།

གསུམ། འགྲན་ཞུགས་པས་ངེས་པར་དུ་བརྩམས་ཆོས་ཀྱི་རྒྱབ་ཕྱོགས་ཀྱི་གཡོན་ངོས་སུ་འགྲན་ཞུགས་པའི་མིང་དང་བརྩམས་ཆོས་ཀྱི་མིང་། ཁ་པར་ཨང་གྲངས་བཅས་ཞ་སྨྱུག་གིས་གསལ་པོར་འགོད་དགོས། མི་རེར་བརྩམས་ཆོས་གསུམ་ལས་བརྒལ་མི་ཆོག བརྩམས་ཆོས་ངེས་པར་དུ་རང་རྩོམ་དང་རང་ཉིད་གཅིག་པུའི་བརྩམས་ཆོས་ཡིན་དགོས་པ་མ་ཟད། གསར་རྩོམ་བརྩམས་ཆོས་ཡིན་དགོས།

བཞི། འགྲན་ཞུགས་བརྩམས་ཆོས་བསྐུར་སྟངས། སྦྲག་བསྐུར་རམ་ཡང་ན་རང་ཉིད་ཀྱིས་བསྐྱལ་ཡོང་ནའང་ཆོག

སྦྲག་བསྐུར་ས་གནས། མཚོ་བྱང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་དམག་དཔོན་ལམ་གྱི་སྒོ་ཨང༢པ། མདོ་ལ་རི་བོའི་སློབ་འབྲིང་བོད་ཡིག་ཡིག་གཟུགས་ཚན་ཆུང་། ༼སྦྲག་བསྐུར་བྱེད་སྐབས་བརྩམས་ཆོས་སྐུར་མཁན་གྱི་མིང་དང་འབྲེལ་གཏུག་ཁ་པར། འགྲན་ཞུགས་ཚོགས་ཆུང་། བརྩམས་ཆོས་ཀྱི་མིང་། ཞིབ་ཕྲའི་ས་གནས་བཅས་གསལ་པོར་འགོད་དགོས།༽

ལྔ་པ། དུས་ཚོད་བཀོད་སྒྲིག

གཅིག བརྩམས་ཆོས་བསྡུ་ལེན་བྱེད་པའི་དུས་ཚོད། ༢༠༢༥ལོའི་ཟླ༤པའི་ཚེས༢༠ཉིན་བར་ཡིན།

གཉིས། དཔྱད་འདེམས་དུས་ཚོད། ༢༠༢༥ལོའི་ཟླ༤པའི་ཚེས༢༥ཉིན་གྱི་སྔོན།༼ཆེད་ལས་དཔྱད་འདེམས་པ་གདན་འདྲེན་ཞུས་ནས་དཔྱད་འདེམས་བྱ་རྒྱུ།༽

གསུམ། དཔྱད་འབྲས་ཁྱབ་བསྒྲགས། ༢༠༢༥ལོའི་ཟླ༤པའི་ཚེས༢༧ཉིན།

བཞི། ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན། བྱ་དགའ་ཐོབ་པའི་བརྩམས་ཆོས་དག་ཁུལ་རིག་གནས་ཁང་དུ་འགྲེམས་སྟོན་བྱ་རྒྱུ་དང་འབྲེལ་གཟི་བརྗིད་དཔང་ཡིག་སྤྲོད་རྒྱུ།

དྲུག་པ། བྱ་དགའ་བཀོད་སྒྲིག

གཅིག  ཚོགས་ཆུང་སོ་སོར་ཨང་དང་པོ༢དང་། ཨང་གཉིས་པ༤། ཨང་གསུམ་པ༤། ཕུལ་བྱུང་བྱ་དགའ༦བཅས་བཀོད་སྒྲིག་བྱ་རྒྱུ།

གཉིས། དམིགས་བསལ་བྱ་དགའ་དང་ཕུལ་བྱུང་རྩ་འཛུགས་བྱ་དགའ་༼སློབ་གྲྭའམ་ཡང་ན་ལས་ཁུངས༽སྤྲོད་རྒྱུ།

བདུན་པ། དམིགས་གསལ་དོན་ཚན།

གཅིག  འགྲན་ཞུགས་པ་ཚང་མར་མིང་ཐོ་འགོད་རིན་མི་བསྡུ།

གཉིས། འགྲན་ཞུགས་བརྩམས་ཆོས་ངེས་པར་དུ་རང་ཉིད་ཀྱི་གསར་རྩོམ་བརྩམས་ཆོས་ཡིན་དགོས་པ་དང་། ཤེས་བྱའི་བདག་དབང་གནོད་མེད་ཡིན་དགོས།

གསུམ། བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་བདག་དབང་གཙོ་གཉེར་ལས་ཁུངས་ལ་དབང་བ་དང་། གཙོ་གཉེར་ལས་ཁུངས་ཀྱིས་སྤྱི་ཕན་དྲིལ་སྒྲོག་དང་འགྲེམས་སྟོན་སོགས་ཚོང་ལས་མིན་པའི་བྱེད་སྒོར་སྤྱོད་པའི་དབང་ཆ་ཡོད། འགྲན་སྡུར་ནང་ཞུགས་པའི་བརྩམས་ཆོས་ཚང་མ་ཕྱིར་མི་སྤྲོད།

འབྲེལ་གཏུག་བྱེད་ས། ལྕགས་ཐར་འབུམ།

འབྲེལ་གཏུག་ཁ་པར། ༡༣༩༠༩༧༠༩༦༨༧

མཚོ་བྱང་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས།

༢༠༢༥ལོའི་ཟླ༤པའི་ཚེས༩ཉིན།





མཉམ་སྤྱོད།