དེ་རིང་ནི2025ལོའི་ཟླ09པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2022-10-10 08:37   |   81

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

fd002cc28fd6fa8545ed3cf4e9a2f732.jpg

  • ཟླ9ཚེས8ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གསེར་འབོ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་དྲ་ཐོག་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་ཁ་བྱང་ལ《མཐུན་སྒྲིལ་མཉམ་ལས་ཀྱིས་འབད་འབུངས་མདུན་སྐྱོད་བྱེད་དགོས》ཞེས་པའི་གསུང་བཤད་གལ་ཆེན་ཡང་གནང་།  

  • ཟླ9ཚེས8ཉིན། ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་ལྔ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས། 

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། 2024ལོར་རང་རྒྱལ་གྱི་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱས་པའི་དངུལ་འབོར་ཨ་སྒོར་དུང་ཕྱུར1922ཡིན་པ་དེ་ལོ་གོང་མ་ལས8.4%འཕར་ཡོད། 

  • ཀྲུང་གོ་དུས་ཟོག་ལས་རིགས་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་བརྒྱད་པའི་བར་ལ་ཡོངས་ཀྱི་དུས་བཅད་ཚོང་ཟོག་ཁྲོམ་རའི་རིམ་རྩིས་བྱས་ན་ཚོང་འགྲིག་ཚད་སྒོར་དུང་ཕྱུར་ཁྲི476.12ཡིན་པ་དེ་དུས་མཚུངས་ལས22.85%འཕར་ཡོད། 

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི29.57ཡིན་པ་དེ་དུས་མཚུངས་ལས3.5%འཕར་ཡོད། 

bf448935133ba0ce2641e999475a109b.jpg

  • ཉེ་དུས་ཆར་པ་བབས་པའི་རྐྱེན་གྱིས་རྨ་ཆུའི་དབུས་རྒྱུད་ཀྱི་ཅིང་ཝེ་གཙང་པོར་མངོན་གསལ་དོད་པོས་ཆུ་རྒྱས་པའི་བརྒྱུད་རིམ་བྱུང་བ་དང་། ཚེས8ཉིན་ཆུ་བེད་པུས2025ལོའི་འབྲུབ་དུས་ཀྱི་རྨ་ཆུའི་ཆུ་འདྲེན་དང་བྱེ་མ་སྙོམས་སྒྲིག་བྱེད་མགོ་བརྩམས་པ་རེད། 

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོས་བསྟུད་མར་ལོ16ལ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་དང་པོའི་གནས་བབ་རྒྱུན་འཁྱོངས་བྱས་པ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བསྟུད་མར་ལོ་ལྔ་ལ་ཀྲུང་གོའི་ཚོང་དོན་རོགས་ཟླ་ཆེ་གྲས་དང་པོར་གྱུར་ཡོད། 

  • རུ་འཁྱུར་དམག་མིའི་ལས་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ལྷོ་ཁོ་རེ་ཡ་ཕྱོགས་ཀྱིས་ཟླ9ཚེས12ཉིན་ཀྲུང་གོ་ཕྱོགས་ལ་ལྷོ་ཁོ་རེ་ཡར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་སྐུ་རུས་དང་དེ་བཞིན་འབྲེལ་ཡོད་ཤུལ་བཞག་དངོས་རྫས་རྩིས་སྤྲོད་བྱ་རྒྱུ་ཡིན་པ་རེད། 

  • ཚེས8ཉིན་ཕྱི་འབྲེལ་པུས་ལྗར་པན་གྱི་གྲོས་མི་ཧྲི་ཕིང་ལ་འགོག་རྒོལ་བྱེད་ཐབས་སྤྱོད་རྒྱུའི་སྐོར་གྱི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་རེད། 

    སྤྱི་ཚོགས།

a935e13d4767051af602d9ce3f6ce424.jpg

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུས་མཉམ་འབྲེལ་ཐོག་ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་ཉེན་བརྡ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་ཚེས8ཉིན་གྱི་ཆུ་ཚོད20ནས9ཉིན་གྱི་ཆུ་ཚོད20བར། ཀོང་ཞིའི་དབུས་རྒྱུད་དང་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཆེན་པོ་ཡོད་པ་རེད། 

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ10ཚེས1ཉིན་ནས་བཟུང་རྒྱལ་ཡོངས་ལྕགས་ལམ་འགྲུལ་པ་སྐྱེལ་འདྲེན་ཁྱབ་ཁོངས་སུ་གློག་རྡུལ་འཛིན་ཤོག་ཕྱོགས་ཡོངས་ནས་སྤྱོད་རྒྱུ་ཡིན་པ་ལས་ཤོག་བུའི་རྩིས་ཞུའི་དཔང་ཡིག་སྤྲོད་རྒྱུ་མ་རེད། 

  • རིག་གནས་གནས་སྐོར་པུས་ཉེ་ཆར2025ལོའི་གནས་སྐོར་ཁྲོམ་རའི་བཙན་ཤེད་འཛད་སྤྱོད་གནད་དོན་ཁག་གསུམ་པའི་དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་བྱས་པ་རེད།

  • ཉིན་འགའི་སྔོན་དུ། བཟོ་ལས་དང་ཆ་འཕྲིན་པུས་ཀྲུང་གོ་འབྲེལ་འཕྲིན་ལ་སྲུང་སྐར་འཁྱེར་འཕྲིན་འཕྲིན་གཏོང་ལས་སྒོ་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་སྤྲད་པ་རེད། 

  • ཉེ་ཆར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་སྤྱི་གཉེར་གྱི་དེ་སྔའི་ཏང་ཨུའི་ཨུ་ཡོན་དང་དངུལ་ཁང་གི་མགོ་འཛིན་གཞོན་པ་ཀྲང་ཀེང་ཧྲེང་གིས་ལྐོག་རྔན་བླངས་པ་དང་ཁྲིམས་འགལ་ངང་དངུལ་བུན་བཏང་བའི་གྱོད་གཞི་དེར་གཞུང་གཏུག་བྱས་པ་རེད། 

  • ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་མི་ཐབས་རིག་ནུས་ཐོན་ལས་ཀྱི་འཕེལ་རྒྱས་མགྱོགས་པའི་དུས་སྐབས་བསུས་པ་དང་། མིག་སྔར་མི་ཐབས་རིག་ནུས་ཁེ་ལས་ཀྱི་གྲངས་འབོར5000ལས་བརྒལ་ཡོད་པ་རེད། 

  • ཚེས8ཉིན། ཀྲུང་གོའི་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་ལྔ་པ་ཧྥུའུ་ཅན་ཞ་མོན་དུ་མགོ་བརྩམས་པ་དང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ120ལྷག་དང་རྒྱལ་སྤྱིའི་རྩ་འཛུགས11གི་འཐུས་མི་ཚོགས་པ་དང་དེ་བཞིན་ཁེ་ལས15000ལྷག་འགྲེམས་སྟོན་ནང་ཞུགས་ཡོད། 

  • ད་ལོའི་དབྱར་གསེང་རིང་། ཧྲང་ཧའེ་ཡིས་རྒྱལ་ཁོངས་སུ་ཡོང་མཁན་གནས་སྐོར་བ་མི་ཐེངས་ཁྲི390.1ལ་སྣེ་ལེན་ཞུས་ཤིང་། དེ་དུས་མཚུངས་ལས14.6%འཕར་ནས་རྒྱལ་ཁོངས་སུ་ཡོང་མཁན་གནས་སྐོར་བའི་གྲངས་འབོར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 

5223c852dacbf565d201888f1d37384b.jpg

  • ཚེས8ཉིན། རྒྱལ་ནང་གི་ནུས་ཚད་ཆེས་ཆེ་ཤོས་ཀྱི་རང་རྒྱལ་གྱིས་བཟོས་པའི་ཚོང་ལས་རླངས་འབར་སྒུལ་ཤུགས་ཆེ་གྲས“ཐའེ་ཧང110”ཡི་ཚོང་ལས་འཕྲུལ་ཚན་ཐོག་མ་དེ་ཀྲུང་གོའི་མཁའ་འགྲུལ་འབར་འཕྲུལ་འཁོར་བཟོ་ཚོད་ལྟའི་རྟེན་གཞིའི་བཟོ་གྲྭ་ནས་བྱུང་། 

    སྲིད་ཇུས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཕྲུ་གུ་གསོ་སྐྱོང་གི་ཁ་གསབ་རེ་ཞུ་དངོས་སུ་ཕྱོགས་ཡོངས་ནས་སྒོ་ཕྱེ་ཡོད་པ་དང་། དངུལ་སྤྲོད་འབོ་དང་སྐད་འཕྲིན། ཞིང་ཆེན་ཁག་གི་སྲིད་དོན་ཞབས་ཞུའི་ལས་སྟེགས་བཅས་དྲ་ཐོག་ནས་རེ་ཞུ་བྱེད་ཆོག་ལ། ཕྲུ་གུའི་ཁྱིམ་ཐོ་ཡོད་སའི་ཡུལ་གྲོང་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁྲུའུ་རུ་སོང་ནས་ཡུལ་དངོས་སུ་རེ་ཞུ་བྱེད་ཆོག་གི་ཡོད། 

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས་སྨན་ཐོ་སྨན་རྫས་དྲ་རྒྱའི་སིལ་ཚོང་སྒྲིག་སྲོལ་ཕྱོགས་སྟོན་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་ཏེ། སྨན་རྫས་དྲ་རྒྱ་ཕྱིར་འཚོང་གི་འབྲེལ་ཡོད་ཕྱོགས་ཀྱི་ལུགས་མཐུན་འདུ་ཤེས་དང་ནུས་པ་སྔར་བས་ཆེ་རུ་བཏང་ནས། སྨན་ཐོ་སྨན་རྫས་དྲ་རྒྱའི་སིལ་འཚོང་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུ་རེད། 

  • པེ་ཅིང་གིས་ཡིག་ཆ་བཀྲམ་ནས། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དཀྱུས་མའི་དམིགས་ཚད་ལ་ནུས་རྒྱུ་གསར་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཉོ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་སྤྱིར་བཏང་དམིགས་ཚད་ལ་ཚོད་འཛིན་མི་བྱེད་པར་འབར་སྣུམ་རླངས་འཁོར་རམ་ཡང་ན་ནུས་རྒྱུ་གསར་པའི་རླངས་འཁོར་ལ་བརྗེ་ཆོག

    དེ་རིང་གི་གནམ་གཤིས།

c140529476ac223db46ae238e61a4527.jpg

  • ཅང་ཧོའེ་དབུས་ཤར་རྒྱུད་དང་འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་ཤར་རྒྱུད། ཧྭ་ནན་གྱི་ས་ཆ་མང་ཆེ་བ་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་པ་དང་། དེའི་ནང་ཀོང་ཞིའི་དབུས་ཤར་རྒྱུད་དང་། ཀོང་ཏུང་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་པ་དང་། ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཤིན་ཏུ་ཆེན་པོ་འབབ་རྒྱུ་རེད། 





མཉམ་སྤྱོད།