དེ་རིང་ནི2024ལོའི་ཟླ12པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧོས་རིགས།

2022-11-16 22:08:28   |   820

ཧོས་རིགས།

ཧོས་རིགས(回族)ནི་ཀྲུང་གོའི་གྲངས་ཉུང་མི་རིགས་ཁྲོད་ཐར་ཐོར་དུ་གནས་པའི་རྒྱ་ཧ་ཅང་ཆེས་མང་བའི་མི་རིགས་ཤིག་ཡིན། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ནི་ཧོས་རིགས་འདུས་སྡོད་བྱས་པ་ཆེས་མང་བའི་ས་ཁུལ་ཞིག་ཡིན་པ་ལས་གཞན། ཀན་སུའུ་དང་ཧོ་ནན། ཞིན་ཅང་། མཚོ་སྔོན། དེ་མིན་ཡུན་ནན་དང་ཧོ་པེ། ཧྲན་ཏུང་སོགས་ཞིང་ཆེན་ནའང་ཡོད། ཧོས་རིགས་ལ་ཁྱོན་སྡོམ་མི་གྲངས10586087ལྷག་མཆིས།

ཧོས་རིགས་ཀྱི་གྱོན་ཆས་ལ་རང་མི་རིགས་ཀྱི་ཁྱད་ཆོས་ལྡན། སྐྱེས་པ་ཚོས་ནང་ལྭ་དཀར་བོ་དང་དེའི་ཐོག་ཏུ་མདོག་ནག་གི་ཕུ་མེད་སྟོད་ཐུང་གོན་ལ། མགོ་རུ་ཞྭ་དཀར་གོན། ཉིན་ཞ་དང་མཚོ་སྔོན། ཀན་སུའུ་སོགས་མཐའ་འཁོབ་ས་ཁུལ་གྱི་བུད་མེད་ཚོས་མེ་ཏོག་གཙགས་ཡོད་པའི་ཕུ་ཐུང་ཅན་གོན་ཞིང་གཞན་རྣམས་རྒྱ་རིགས་ཀྱི་གྱོན་པ་དང་འདྲ། ཉིན་ཞ་དང་ཀན་སུའུ། མཚོ་སྔོན་སོགས་ཞིང་ཆེན་དང་ལྗོངས་ཀྱི་བུད་མེད་ཚོས་ལོ་ཚོད་དང་གཉེན་བསྒྲིགས་ཡོད་མེད་ཀྱི་གནས་ཚུལ་ལྟར་མགོ་ཁེབས་ལྗང་ཁུ་དང་ནག་པོ།  དཀར་བོ་དཀྲིས།

ཡོན་དང་མིང་རྒྱལ་རབས་གཉིས་ཀྱི་སྐབས་སུ་རྒྱལ་ཡོངས་ཀྱིས་བཀོལ་སྤྱོད་བྱས་མྱོང་བའི་ཧོས་ཧོས་ལི་ཐོ་དེ་ལོ་བཞི་བརྒྱ་ལྔ་བཅུ་ལྷག་འདས་པས་ཀྲུང་གོའི་ལོ་རྒྱུས་སྟེང་རྒྱལ་ཡོངས་སུ་བཀོལ་སྤྱོད་རྒྱ་ཆེན་བྱས་པའི་གྲངས་ཉུང་མི་རིགས་ཀྱི་ལི་ཐོ་ཉག་གཅིག་ཡིན། ཧོས་རིགས་ཀྱི་རྩོམ་རིག་ནི་དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིག་ལས་གྲུབ་ཀྱང་ཡི་གེ་རྒྱ་ཡིག་དང་སྐད་ཆ་རྒྱ་སྐད་བཀོལ་བཞིན་ཅིང་མི་རིགས་རང་ལ་སྐད་དང་ཡི་གེ་ནི་མེད། དམངས་ཁྲོད་རྩོམ་རིག་གི་ནང་དུ་ལྷ་སྒྲུང་དང་གཏམ་རྒྱུད། ངག་རྒྱུན། དོན་བརྗོད་སྙན་ངག  དམངས་གླུ་སོགས་འདུས། ལྷ་སྒྲུངཉི་མའི་གཏམ་རྒྱུདསོགས་ཡོད་ལ། དེས་མིའི་རིགས་ཀྱི་འབྱུང་ཁུངས་གསལ་བཤད་བྱས། དམངས་ཁྲོད་ངག་རྒྱུན་ནང་དུ་མི་སྣའི་ངག་རྒྱུན་ཡོད་དེ། དཔེར་ན། མཱ་ཧ་མོ་དུའི་ངག་རྒྱུནལྟ་བུ། དམངས་ཁྲོད་གཏམ་ལཨ་པུ་ཏོའི་གཏམ་རྒྱུདསོགས་ཡོད། དཔའ་ཨེར་ནི་ཧོས་རིགས་སྤུན་ཟླས་ལེན་པར་དགའ་བའི་དམངས་གླུ་ཞིག་ཡིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཧོས་རིགས་ལ་རྩོམ་པ་པོ་གྲགས་ཅན་མང་བོ་བྱུང་ཡོད་པ་དཔེར་ན། སྙན་ངག་པ་ཧྲ་ལེ་དང་མུའུ་ཧྥུ། ཀའོ་ཧྲིན། སྒྲུང་གཏམ་མཁས་ཅན་ཧུའུ་ཆི་སོགས་ཡོད།

ཧོས་རིགས་ཀྱིས་ཕག་ཤ་དང་རྟ་ཤ  བོང་ཤ་ཁྱི་ཤ་སོགས་གཏན་ནས་མི་ཟ། གཅན་གཟན་རིགས་ཀྱི་ཤ་ཡང་མི་ཟ་ཞིང་ཆང་དང་དུ་བ་སོགས་ལ་ལོངས་མི་སྤྱོད། ཁོ་ཚོས་ཨ་ཧོང་དང་ཧོས་རིགས་ཀྱིས་བཤས་པའི་ནོར་ལུག་གི་ཤ་དང་བྱ་ཤ་ཟ་ལ། ཧ་ཅང་དགའ་བ་ནི་ལུག་ཤའི་རིགས་ཀྱིས་གཡོ་སྐོལ་བྱས་པའི་ཟ་མ་ལས་གཞན་དཀར་ཡོལ་ཁ་ཁེབས་ཅན་གྱི་ནང་དུ་ཇ་འཐུང་བར་དགའ།

ཧོས་རིགས་གཉེན་སྒྲིག་བྱེད་དུས་ཕོ་མོ་ཕྱོགས་གཉིས་ཀྱིས་གཉེན་སྒྲིག་ཡི་གེ་བླངས་རྗེས་ད་གཟོད་མཉམ་འདུག་བྱེད་ལ། མནའ་མ་བསུ་དུས་ནངས་མོར་ཅི་ཙམ་སྔ་ན་དེ་ཙམ་ལེགས་པ་དང་། མནའ་མ་གཉེན་ཚང་གི་སྒོ་ཁར་ཐོན་མ་ཐག་གདན་དམར་ཐོག་ནས་ཉལ་ཁྲི་ཡོད་སར་འགྲོ་དགོས། ཧོས་རིགས་ནི་དབྱི་སི་ལན་ཆོས་ལུགས་ལ་དད་པ་དང་། ཁོ་ཚོར་སྨྱུང་གནས་གྲོལ་བའི་དུས་ཆེན་སོགས་ཆོས་ལུགས་དུས་ཆེན་གསུམ་ཡོད། 



མཉམ་སྤྱོད།