དེ་རིང་ནི2025ལོའི་ཟླ04པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ཕྱོགས་མང་པོའི་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་དུར་སྦེད་ཁྱབ་ཁོངས་ཀྱི་ཆེད་དོན་བྱ་འགུལ་སྤེལ་བ།

2025-03-06 08:56:15   |   622

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཏང་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་རིམ་པའི་དུར་སྦེད་དོ་དམ་ལས་དོན་སྐོར་གྱི་བླང་བྱ་ལག་བསྟར་གཏིང་ཟབ་དང་། དུར་སྦེད་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱི་བསམ་འཆར་དྲག་པོ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ། དུར་སྦེད་ལས་དོན་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད།   མདའ་བཞི་རྫོང་གི་དུར་སྦེད་ཁྱབ་ཁོངས་ཀྱི་རུལ་སུངས་བཅོས་སྒྲིག་ཆེད་དོན་བྱ་འགུལ་མགོ་ཁྲིད་ཚོ་ཆུང་གིས་གོང་རིམ་གྱི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ། དུར་སྦེད་ཁྱབ་ཁོངས་བཅོས་སྒྲིག་གི་ཆེད་དོན་བྱ་འགུལ་ཁྱོན་ཡོངས་ནས་སྤེལ་བ་དང་སྡེ་ཁག་རིམ་པས་གཞོགས་འདེགས་དམ་ཟབ་དང་མཐུན་སྦྱོར་སྐུལ་འདེད་བཏང་ཡོད། 

1741167450521771.png

ཚད་མཐོའི་སྣེ་ཁྲིད་དང་གཅིག་གྱུར་འཆར་འགོད་བཀོད་སྒྲིག་གིས་བྱ་འགན་འཁྲི་མངོན་པ། དུར་སྦེད་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དུར་སྦེད་ཞབས་ཞུའི་དོ་དམ་ཆུ་ཚད་མཐོ་རུ་གཏོང་ཆེད། མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དུར་སྦེད་ཁྱབ་ཁོངས་ཀྱི་ཆེད་དོན་བྱ་འགུལ་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གུང་མདའ་བཞི་རྫོང་ཨུ་ཡོན་ལྷན་ཁང་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ཀྲུང་གུང་མདའ་བཞི་རྫོང་སྐབས་བཅུ་བདུན་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་རྫོང་ཨུའི་འགན་འཁུར་པ་གཙོ་བོས་དུར་སྦེད་ཁྱབ་ཁོངས་ཀྱི་རུལ་སུངས་བཅོས་སྐྱོང་གི་གནད་དོན་ལ་དམིགས་ནས།འགན་ནུས་སྡེ་ཚན་ལ་གནས་ཚུལ་གསལ་པོ་ཤེས་རྟོགས་དང་གཞི་རྩ་ཁོང་དུ་ཆུད་པར་སྐུལ་འདེད་བཏང་སྟེ། གནད་དོན་ཞིབ་བཤེར་དང་ཡོ་བསྲང་བྱེད་པར་གཅིགས་ཆེན་བྱས་ཏེ། ཆེད་དོན་བྱ་འགུལ་བརྟན་བརླིང་ངང་སྐུལ་འདེད་གཏོང་ཐུབ་པར་འགན་ལེན་བྱས་ཡོད། ཟླ2པ་ནས་བཟུང་འགན་ནུས་སྡེ་ཚན་གྱིས་རྫོང་སྲིད་གཞུང་གི་ཁག་བགོས་དོ་དམ་མགོ་ཁྲིད་ལ་ཁྱོན་ཐེངས5སྙན་སེང་ཞུས་ཤིང་། རྫོང་རིམ་པའི་ཁག་བགོས་དོ་དམ་མགོ་ཁྲིད་ཀྱིས་འབྲེལ་ཡོད་བྱ་བའི་བླང་བྱ4བཏོན་ཡོད་པ་རེད། 

1741167487782533.png

གནད་ཁེལ་ལྟ་སྐུལ་དང་ཚད་གཞི་སྙོམ་སྒྲིག་གིས་སྐུལ་འདེད་དང་དོན་འཁྱོལ་དྲག་པོ་བྱས་པ། རྫོང་སྒྲིག་ཁྲིམས་ཨུ་ལྷན་དང་ལྟ་སྐུལ་ཨུ་ལྷན་གྱིས་ལྟ་སྐུལ་དང་ལག་བསྟར་འགན་ལེན་འདོན་སྤེལ་གང་ལེགས་བྱས་ཏེ། ཁོངས་མིའི་སྡེ་ཚན་ཁག་དུས་ཐོག་ཏུ་རྩ་འཛུགས་བྱས་ནས་དུར་སྦེད་ཁྱབ་ཁོངས་ཀྱི་ཆེད་དོན་བྱ་འགུལ་བཀོད་གཏོང་ཚོགས་འདུ་བསྡུས་པ་དང་། ཚོགས་འདུའི་ཐོག་ཁོངས་མིའི་སྡེ་ཚན་ཁག་ཅིག་གིས་དུར་སྦེད་ཁྱབ་ཁོངས་ཀྱི་ལས་འགན་བཅོས་སྒྲིག་ཐད་ཀྱི་ལས་དོན་འཕེལ་རིམ་ལ་ཉན་པ་དང་དུས་མཚུངས་སུ། འབྲེལ་ཡོད་གནད་དོན་བཅོས་སྒྲིག་གི་བསམ་འཆར་དང་གྲོས་མགོ་བཏོན་ནས་སྡེ་ཚན་ཁག་གིས་བྱེད་པོའི་འགན་འཁྲི་བརྟན་པོར་ཁུར་ནས་བཅོས་སྒྲིག་ལས་དོན་ལ་བརྟན་བརླིང་ངང་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཆེད་དོན་བྱ་འགུལ་ཁྲོད་དུ་འགན་འཁྲི་གང་བྱུང་དང་ཁ་གཡར་བ།བཅོས་སྒྲིག་རྫུན་མ་སོགས་ཀྱི་བྱ་འགུལ་ལ་འགན་འཁྲི་བདའ་འདེད་ནན་མོ་བྱ་རྒྱུ་ནན་བཤད་བྱས་པ་རེད། ཐེངས་འདིའི་བཀོད་གཏོང་ཚོགས་འདུ་བརྒྱུད་འགན་འཁྲིའི་འབྲེལ་ཐག་སྔར་བས་དམ་ཟབ་བྱས་ཏེ་གོང་འོག་མཉམ་འགུལ་དང་།མཉམ་འཛིན་མཉམ་དོམ་གྱི་རྣམ་པ་བཟང་པོ་བསྐྲུན་ནས་ཆེད་དོན་བྱ་འགུལ་བདེ་བླག་ངང་ལག་བསྟར་བྱ་རྒྱུར་སྒྲིག་ཁྲིམས་ཀྱི་འགན་སྲུང་མཁོ་འདོན་བྱས་ཡོད། 

སྣ་མང་སྟོབས་ཤུགས་ཆེ་རུ་བཏང་ནས་མདའ་བཞི་རྫོང་དང་ཁྲིད་སྟོན་བྱས་ཏེ་ཐུན་མོང་གི་ངོས་འཛིན་གཅིག་གྱུར་ཡོང་བར་ཤུགས་བརྒྱབ་པ། རྫོང་ཞིང་འབྲོག་ཆུ་བེད་དང་ཚན་རྩལ་ཅུ་ཡི་མདའ་བཞི་རྫོང་གི་དུར་སྦེད་ཁྱབ་ཁོངས་ཀྱི་རུལ་སུངས་བཅོས་སྐྱོང་ཆེད་དོན་བྱ་འགུལ་མགོ་ཁྲིད་ཚོགས་ཆུང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ནས། ཁྱོན་ཡོངས་ནས་དྲིལ་སྒྲོག་ལས་དོན་སྤེལ་ཞིང་། དུར་སྦེད་ཁྱབ་ཁོངས་ཀྱི་རུལ་སུངས་བཅོས་སྒྲིག་ནང་མང་ཚོགས་ཞུགས་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་དང་། མང་ཚོགས་ལ་དཔལ་ཡོན་དང་གྲོན་ཆུང་།ལྗང་མདོག་བཅས་ཀྱི་དུར་སྦེད་ཀྱི་དར་སྲོལ་གསར་པ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ། མི་ཚང་མས་དུར་སྦེད་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱེད་པ་དང་སྤྱི་ཚོགས་ཡོངས་ཀྱིས་དུར་སྦེད་བྱ་གཞག་འཕེལ་རྒྱས་ལ་སེམས་ཁུར་བྱེད་པའི་རྣམ་པ་བཟང་པོ་ཧུར་ཐག་གིས་བསྐྲུན་དགོས་ཤིང་། ཡུལ་དངོས་ནས《ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་གཙོ་གནད་འགྲེལ་བཤད》དང་《དམངས་ཕན་སྲིད་ཇུས་གསལ་ཐོ》སོགས་དཔྱད་ཡིག་ཁག200ལྷག་ཙམ་འགྲེམས་སྤེལ་བྱས་པ་དང་མང་ཚོགས་ཀྱི་གནད་དོན20ལྷག་ཙམ་ལ་ལན་བཏབ་པ་རེད། རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུ་དངུལ་རི་སྡེ་བ་དང་ཆུ་ཁོལ་སྡེ་བའི་ཁྱིམ་ཚང་དུ་བསྐྱོད་ནས་དྲིལ་སྒྲོག་བྱས་པ་བརྒྱུད《དུར་སྦེད་དོ་དམ་སྲོལ་ཡིག》དང་དེ་བཞིན་དུར་སྦེད་སྒྱུར་བཅོས་སྲིད་ཇུས་དྲིལ་སྒྲོག་ཡི་གེ40བཀྲམས་པ་དང་མི30ལྷག་ཙམ་ལ་འབྲེལ་ཡོད་ཁྲིམས་སྲོལ་སྲིད་ཇུས་ཞིབ་ཕྲ་འགྲེལ་བཤད་བྱས་པ་རེད། རྫོང་ཨུའི་དྲིལ་སྒྲོག་པུ“བདེ་བརྟན་མདའ་བཞིའི་”སྐད་འཕྲིན་སྤྱི་སྟེགས་སྤྱད་དེ“སྲོལ་བརྗེ་ལུགས་བསྒྱུར”དང་“སྲིད་ཇུས་འགྲེལ་བཤད”ཞེས་པའི་ཆེད་བསྒྲིགས་ལེ་ཚན་བཙུགས་ནས་དུར་སྦེད་ཁྱབ་ཁོངས་ཀྱི་ཆ་འཕྲིན་དོན་ཚན་6ཁྱབ་བསྒྲགས་བྱས་པ་རེད། རྫོང་དམངས་དོན་དོ་དམ་ཅུ་ཡི་སེམས་ལྔ་བརྗོད་དོན་ཡིན་པའི་དུར་སྦེད་ཞབས་ཞུ་ལག་ལེན་བསྟར་བ་དང་། ཞབས་ཞུའི་བྱ་འགུལ་རྒྱུན་ཆད་མེད་པར་ཚད་ལྡན་དང་ཞབས་ཞུའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཞབས་ཞུའི་སྤུས་ཚད་ཇེ་ལེགས་སུ་བཏང་སྟེ་དུར་སྦེད་ཞབས་ཞུའི་སྣང་བརྙན་ཁྱོན་ཡོངས་ནས་མཐོ་རུ་བཏང་ནས་དུར་སྦེད་ཞབས་ཞུ་དེ་དམངས་སེམས་ལ་བདེ་བ་སྟེར་བའི་དམངས་ཚིས་ལས་དོན་ཞིག་ཏུ་བསྒྱུར་དགོས།



མཉམ་སྤྱོད།