དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མདའ་བཞི་རྫོང་སྲིད་འཛིན་ཁྲིམས་འཛིན་ཅུས“དམ་འཛིན་གསུམ”ལེགས་པོར་བསྒྲུབས་ཏེ་འགྲིམ་འགྲུལ་བདེ་འཇགས་ལ་ཁག་ཐེག་བྱས་པ།

2025-07-18 16:10:06   |   570

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ཞོད་འགོག་བདེ་འཇགས་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་། མདའ་བཞི་རྫོང་གི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ཤུགས་ཆེ་རུ་གཏོང་བ། འགྲོ་ལམ་གྱི་བདེ་འཇགས་ལ་གནོད་པའི་མངོན་མེད་རྐྱེན་ངན་ཚད་མཐོ་བའི་སྒོ་ནས་ཇེ་དམའ་རུ་གཏོང་བ། གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་འབྱུང་བ་སྔོན་འགོག་བཅས་བྱ་ཆེད། བསྟུན་མར་ཉིན་འགའི་རིང་མདའ་བཞི་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས་བྱེད་ཐབས་ནུས་ལྡན་སྤྱད་དེ་ནུས་ཤུགས་ཡོད་རྒུས་འགྲོ་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་འགོག་སྲུང་ལ་ཤུགས་བརྒྱབ་སྟེ། མི་དམངས་མང་ཚོགས་ལ་བདེ་འཇགས་དང་འཆམ་མཐུན། གོ་རིམ་ལྡན་པའི་འགྲོ་ལམ་དང་འགྲིམ་འགྲུལ་ཁོར་ཡུག་ཅིག་ཧུར་ཐག་གིས་བསྐྲུན་ཡོད།    

གཅིག བདེ་འཇགས་ཞིབ་བཤེར་གྱི་གོ་རིམ་ལ་དམ་པོར་དམིགས་ཏེ་བགྲོད་ལམ་བདེ་འཇགས་ཀྱི་དོ་དམ་ཚོད་འཛིན་བྱ་བ་ལེགས་པོར་སྒྲུབ་པ། "ཉིན་བརྒྱའི་འགག་སྒྲོལ"གྱི་ཆེད་དམིགས་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ་ས་གནས་གཏན་འཁེལ་སྒོས་ཞིབ་བཤེར་དང་སྐོར་སྐྱོད་སྐོར་ཞིབ་ཟུང་འབྲེལ་བྱེད་པའི་བྱེད་ཐབས་ཐོག་ཚད་བརྒལ་ས་ཚིགས་དང་པེ་ཧྲན་གཞུང་ལམ། མཚོ་སྐོར་ཤར་ལམ་བཅས་སུ་གནས་སྐབས་ཀྱི་ཞིབ་བཤེར་ས་ཚིགས་བཙུགས་ནས་འགྲོ་འོང་གི་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་ལྕི་མའི་རིགས་དང་གནས་སྐོར་རླངས་འཁོར་ཆེན་མོ། གླ་གཏོང་རླངས་འཁོར་བཅས་ལ་མྱུར་ཚད་ལས་བརྒལ་བ་དང་ཐེག་ཚད་ལས་བརྒལ་བ། ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས་ཏེ་མངའ་ཁུལ་གྱི་འགྲིམ་འགྲུལ་ཁོར་ཡུག་སྔར་བས་བདེ་འཇགས་དང་བཀག་སྡོམ་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།    

གཉིས། གཙོ་གནད་དམ་འཛིན་བྱས་ཏེ་གནས་སྐོར་འགྲིམ་འགྲུལ་གྱི་བདེ་འཇགས་མཐོར་འདེགས་བཏང་བ། དབྱང་གནང་སྐབས་ཀྱི་གནས་སྐོར་ཁྲོམ་རའི་གནས་ཚུལ་ལ་དམིགས་ནས། གནས་སྐོར་སྐྱེལ་འདྲེན་ཁྲོམ་ར་དང་འགྲུལ་སྐྱེལ་ཞབས་ཞུའི་ཁྲོམ་རའི་འགུལ་རྣམ་ལྟ་སྐུལ་དོ་དམ་ལ་ཤུགས་བརྒྱབ་སྟེ། "བདེ་འཇགས་གཉེར་སྐྱོང"དང"ཚད་ལྡན་ཞབས་ཞུའི"ལྟེ་བ་ཆེན་པོ་གཉིས་ལ་དམིགས་ནས། མངའ་ཁུལ་གྱི་གནས་སྐོར་བསྡུ་འགྲེམས་ས་ཚིགས་དང་ལྗོངས་ཁུལ་མཐའ་འཁོར་གྱི་སྐྱེལ་འདྲེན་རླངས་འཁོར་དང་གླ་གཏོང་རླངས་འཁོར་བཅས་ལ"དྲ་འཐེན་རྣམ་པའི"ཞིབ་བཤེར་བྱས་ཡོད་དེ། རླངས་འཁོར་གཉེར་སྐྱོང་གི་འོས་ཐོབ་དང་ཁ་ལོ་བའི་ལག་རྟགས། རླངས་འཁོར་གྱི་བདེ་འཇགས་གནས་ཚུལ་དང་འཕྲལ་སྡོམ་སྒྲིག་ཆས་ཀྱི་སྒྲིག་བཀོད་གནས་ཚུལ་བཅས་ལ་གཙོ་གནས་ཞིབ་བཤེར་བྱས་ཤིང་། ལག་རྟགས་མེད་པར་གཉེར་སྐྱོང་དང་ཁྲིམས་འགལ་གྱིས་ལྟ་སྐོར་བ་འགོག་པ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱས་ཏེ། དུས་ཐོག་ཏུ་ཚད་ལྡན་མིན་པའི་ལས་གཉེར་བྱ་སྤྱོད་ལ་ཡོ་བསྲང་དང་ལས་གཉེར་མཁན་ལ་ཁྲིམས་མཐུན་སྒོས་བྱ་བ་བསྒྲུབ་པར་ཁྲིད་སྟོན་བྱས་ཡོད།   

གསུམ། བདེ་འཇགས་ཀྱི་སྐོར་ཞིབ་གཙོ་གནད་དུ་བཟུང་སྟེ་འགྲོ་ལམ་གྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ།  རྫོང་མངའ་ཁུལ་གྱི་འགྲོ་ལམ་མགོ་ཁུངས་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཞུང་ལམ་ཐོག་གི་འགྲིམ་འགྲུལ་སྒྲིག་ལམ་ལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། རྒྱལ་ལམ་དང་ཞིང་ཆེན་གྱི་ལམ་དང་ཡུལ་ཚོའི་ལམ། སྡེ་བའི་ལམ་བཅས་གྱི་རྡིབ་སླ་བ་དང་ཆུ་འཛར་པ་སོགས་ཀྱི་མངོན་མེད་རྐྱེན་ངན་ལ་གཙོ་གནད་ཞིབ་བཤེར་བྱས་ཤིང་། རྫོང་འགྲིམ་འགྲུལ་ཅུ་དང་མཉམ་འབྲེལ་སྒོས་ལ་གཟར་དང་འཚུབ་དཀྱོག རི་བྲག་དང་ཆུ་བོར་ཐག་ཉེ་བའི་འགྲོ་ལམ་དང་ལྡེབས་ཉིལ་ཐོན་སླ་བ་སོགས་ཀྱི་འགྲོ་ལམ་བདེ་འཇགས་ལ་གནོད་པའི་མངོན་མེད་རྐྱེན་ངན་ས་ཚིགས་ལ་གོ་རིམ་ཡོད་པའི་སྒོ་ནས་གཙང་བཤེར་བྱས་ཡོད།  

མིག་སྔའི་བར་དུ་ཁྲིམས་འཛིན་མི་སྣ་མི་ཐེངས37དང་ཁྲིམས་འཛིན་རླངས་འཁོར12བཀོད་སྒྲིག་བྱས་ནས་གནས་སྐོར་འགྲུལ་འཁོར་60དང་འགྲུལ་སྐྱེལ་རླངས་འཁོར12 དངོས་ཟོག་འདྲེན་རླངས་འཁོར50 གླ་གཏོང་རླངས་འཁོར24 རླངས་འཁོར་འགྲུལ་སྐྱེལ་ས་ཚིགས2 གནས་སྐོར་བསྡུ་འགྲེམས་ས་ཚིགས2བཅས་ལ་བདེ་འཇགས་ཞིབ་བཤེར་བྱས་པར་མ་ཟད། འགྲིམ་འགྲུལ་གནས་སྐོར་ཁྲོམ་རའི་བདེ་འཇགས་ལ་གནོད་པའི་མངོན་མེད་རྐྱེན་ངན1ལ་ཡུལ་དངོས་ནས་བཅོས་སྒྲིག་བྱེད་དུ་བཅུག གྲོང་གསེབ་གཞུང་ལམ་སྤྱི་ལེ320དང་ཟམ་པ10 ཟམ་སྦུག20ལྷག་ཙམ་བཅས་ལ་ཞིབ་བཤེར་བྱས་ཤིང་། མདའ་བཞི་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་བདག་སྐྱོང་རུ་ཁག་ལ་དུས་ཐོག་ཏུ་གཏོར་བརླག་ཐེབས་པའི་འགྲོ་ལམ8ལ་ཞིག་གསོ་བྱེད་དགོས་པའི་བརྡ་བཏང་།   



མཉམ་སྤྱོད།