བོད་ཡིག    |    རྒྱ་ཡིག

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2021ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2022ལོའི་ནོར་སྲིད་སྔོན་རྩིས་སྙན་ཞུ།

2022-11-18 14:08:32   |   1071

——2022ལོའི་ཟླ2ཚེས22ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གྲོས་འཆམ་བྱུང་།ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་།

འཐུས་མི་རྣམ་པ།

ཁུལ་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར། ད་ལྟ《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ》ཚོགས་ཆེན་སྟེང་གྲོས་ཞིབ་བྱེད་པར་སྙན་ཞུ་འབུལ་རྒྱུ་ཡིན་པས། སྲིད་གྲོས་ཨུ་ཡོན་དང་ཟུར་ཞུགས་མི་སྣས་བསམ་འཆར་འདོན་རོགས་ཞུ།

གཅིག 2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ།

2021ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་ལ། “ལོ་ལྔ་ཚན་བཅུ་བཞི་པའི”མགོ་ཚུགས་པའི་ལོ་ཡང་ཡིན། རྙོག་འཛིང་ཆེ་བའི་ཕྱི་ཡུལ་གྱི་ཁོར་ཡུག་དང་དཔལ་འབྱོར་སླར་གསོ་འཕེལ་རྒྱས་ཁྲོད་ཀྱི་འགལ་ཟླའི་གནད་དོན་དུ་མར་ཁ་གཏད་ནས། ཁུལ་ཨུའི་འགྱུར་མེད་ཀྱི་མགོ་ཁྲིད་དང་། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་ཀྱིས་ལྟ་སྐུལ་དང་རྒྱབ་སྐྱོར་འོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་། ཞིང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་། དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པར་ཞུགས་པ་དང་མཚོ་སྔོན་དུ་གཟིགས་ཞིབ་ཕེབས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། བརྟན་བརླིང་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་ལས་དོན་སྤྱིའི་ལས་སྟངས་རྒྱུན་འཁྱོངས་དང་།  ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་ཁྱབ་བཀོད་འདོམས་བྱས། བློ་སེམས་གཅིག་སྒྲིལ་དང་ཞུམ་མེད་མདུན་སྐྱོད་ཀྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་ཚུལ་བརྟན་བརླིང་དང་། ལྗང་མདོག་གི་རྨང་གཞི་རྒྱུན་མཐུད་སྲ་བརྟན།  “ས་ཁུལ་བཞིའི”འཛུགས་སྐྲུན་ལ་ཐོག་མའི་འབྲས་བུ་ཐོབ་པ། དམངས་འཚོའི་འགན་སྲུང་ཤུགས་ཆེན་ནུས་ལྡན་ཡིན་པ། བཅོས་སྒྱུར་གསར་གཏོད་ལ་གཏིང་ཟབ་པའི་སྒོ་ནས་སྐུལ་འདེད་བཏང་བ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་གཞི་བདེ་བླག་སྒྲིག་བཟོ་བྱས་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྱོང་བྱེད་པར་གོམ་སྟབས་གསར་བ་སྤོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་པ། “ལོ་ལྔ་ཚན་བཅུ་བཞི་པའི”མགོ་ཡག་པོ་ཚུགས་ནས། རྒྱལ་ཁའི་ངང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་བྱང་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་པར་རྨང་གཞི་བརྟན་པོ་བཏིང་།

(གཅིག)གནས་བབ་གསར་པར་གཞི་ཚུགས་ནས། དཔལ་འབྱོར་གྱི་རྩ་བའི་རྨང་གཞི་བརྟན་པོར་གཏོང་བ་མཐའ་འཁྱོངས་ཀྱིས་དཔལ་འབྱོར་འཁོར་སྐྱོད་ཐད་སྔོན་དཔག་གསར་པ་མངོན་འགྱུར་བྱུང་། དུས་ཚིགས་རེར་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་ཚོགས་འདུ་འཚོག་པ་དང་དཔལ་འབྱོར་གྱི་དུས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱས་པ། ཚན་རིག་དང་མཐུན་པའི་གནད་སྨིན་ཇུས་གཞི་ལག་བསྟར་བྱས་བས། ཁུལ་ཡོངས་ཀྱི་དཔལ་འབྱོར་དེ་བརྟན་བརླིང་ཁྲོད་འཕེལ་རྒྱས་བྱུང་། 2021ལོར་ཁུལ་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་དུང་ཕྱུར100.4མངོན་འགྱུར་བྱུང་ཞིང་།  སྒོར་དུང་ཕྱུར་བརྒྱའི་འགག་སྒོ་ཆེན་པོ་ལས་བརྒལ་ཡོད་ལ། ལོ་སྔོན་མ་དང་བསྡུར་ན3.2%འཕར་སྣོན་བྱུང་ཡོད་པ་མ་ཟད། ལོ་འཁོར་གྱི་དམིགས་ཚད་ལས0.2%བརྒལ་ལ། ལོ་གཉིས་རིང་ཆ་སྙོམས་ཀྱིས1.8%འཕར་སྣོན་བྱུང་ཡོད། དེའི་ཁྲོད།  ཐོན་ལས་དང་པོ4.4%འཕར་བ་དང་། ཐོན་ལས་གཉིས་པ1.2%མར་ཆག  ཐོན་ལས་གསུམ་པ3.8%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་དངུལ་བཏང་ཚད་སྒོར་དུང་ཕྱུར43.23ཟིན་པ་དང་། ལོ་སྔོན་མ་དང་བསྡུར་ན7.2%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་དེ་ལོ་སྔོན་མ་དང་བསྡུར་ན5.3%མར་ཆག་པ་དང་།  སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་སྤྱི་འབོར7.9%འཕར་ཡོད། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར23735ཟིན་པ་དང9.4%འཕར་ཡོད། མཁར་གྲོང་དང་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་ཆོག་པའི་ཡོང་འབབ་སོ་སོར6.6%དང10.2%འཕར་ཡོད། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར6.46ཡིན་པ་དང19.5%འཕར་ཡོད་ལ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་གི་སྟོན་གྲངས1.6%འཕར་ཡོད།

(གཉིས།) བླང་བྱ་གསར་པར་གཞི་ཚུགས་ཏེ། སྐྱེ་ཁམས་སྲུང་སྐྱོང་གཙོ་འགན་དུ་འཛིན་པ་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ། སྐྱེ་ཁམས་གཙོ་རུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་དམ་འཛིན་ལྷོད་མེད་བྱེད་པ་མཐའ་འཁྱོངས་བྱས་ཏེ། “རྒྱལ་ཁབ་དོན་ཆེན”གྱི་མཐོ་ཚད་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཇུས་འགོད་དང་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་རགས་རྒྱུན་མཐུད་བརྟན་འཇགས་བཟོས་ཡོད།《མཚོ་བྱང་ཁུལ་གྱི་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད》དང་། 《མཚོ་བྱང་ཁུལ་གྱི“ལོ་ལྔ་ཚན་བཅུ་བཞི་པའི”སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འཆར་འགོད》《མཚོ་བྱང་ཁུལ་གྱི“ལོ་ལྔ་ཚན་བཅུ་བཞི་པའི”ནགས་ལས་རྩྭ་ཐང་འཕེལ་རྒྱས་འཆར་འགོད》སོགས་གཙོ་གནད་ཆེད་དོན་འཆར་འགོད་སྒྲིག་བཟོ་བྱས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ནན་གྱིས་སྐུལ་འདེད་བཏང་བ་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་འཇུག་སྒོའི་ཉེ་འཁོར་གྱི་སྐྱེ་ཁམས་ཁྱམས་རིང་འཛུགས་སྐྲུན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་ཚོད་ལྟ་བྱེད་གནས་ཀྱི་སྙན་ཞུ་གོ་རིམ་དང་ལྡན་པར་སྤེལ་བ་དང་། སྐྱེ་ཁམས་གནས་སྤོ་བཀོད་སྒྲིག་ལས་དོན་སྲ་བརྟན་ངང་སྐུལ་འདེད་བཏང་སྟེ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སློབ་གྲྭ་ཐོག་མ་དེ་བདེ་བླག་ངང་གསར་དུ་བཙུགས། རེས་སྐོར་ཐེངས་གཉིས་ཀྱི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཆུ(མཚོ)དཔོན་དང་། ནགས(རྩྭ)དཔོན་གྱིས་འགན་ཁུར་ནན་སྒྲུབ་བྱས།  ཆུ་བོ་དང་མཚེའུ་ཆེད་དོན་བཅོས་སྒྲིག་རྒྱུན་མཐུད་ནས་གཏིང་ཟབ་ཏུ་བཏང་བ་དང་། ནགས་རྩྭ་ལས་རིགས་ཀྱི་ཆེད་དོན་འགུལ་སྐྱོད་ཏན་ཏིག་སྤེལ་ནས། གཟབ་ནན་མགྱོགས་མྱུར་ངང་མུ་རི་གཏེར་ཁུལ(སྤྱང་ཚང་གཏེར་དོང་དང་པོ)དང་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་སྔོན་ཕྱོགས་དང་མཚོ་བྱང་ས་མཚམས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱས་ཏེ། རིས་ཁྲ232དང་། གཏེར་རི139ཡི་བཅོས་སྐྱོང་ལས་དོན་ཡོངས་འགྲུབ་བྱས་ནས“ལོ་གཉིས་ནང་ལྗང་མདོག་སླར་གསོ་བྱེད་པའི”དམིགས་ཚད་མངོན་འགྱུར་བྱུང་། མ་དངུལ་སྒོར་དུང་ཕྱུར4.8བཏང་ནས་ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན། ཉམས་གསོ་སོགས་སྐྱེ་ཁམས་བཅོས་སྐྱོང་ལས་གཞི50ལག་བསྟར་བྱས་ནས་རྒྱལ་ཁོངས་ལྗང་སྒྱུར་གྱི་སྤུས་ཚད་མཐོར་འདེགས་དང་རྒྱ་སྐྱེད་བཏང་བ་དང་།  རྒྱལ་ཁོངས་ལྗང་སྒྱུར་མུའུ་ཁྲི40.9ལེགས་འགྲུབ་བྱུང་བ་དང་། མཚོ་སྔོན་པོའི་བྱང་ངོགས་ཀྱི་གཞི་ཁྱོན་ཅན་གྱི་བྱེ་འགོག་བྱེ་བཅོས་བཟོ་སྐྲུན་མུའུ་ཁྲི3ལག་ཏུ་བསྟར། རྩྭ་སའི་ཕྱོགས་བསྡུས་ལས་དོན་གྱི་སྐྱེ་དངོས་ཁེབས་ཚད69%སླེབས་ཡོད། ཁུལ་ཡོངས་ཀྱི་མཚོ་སྐོར་ས་ཁུལ་གྱི་རྫས་འགྱུར་ལུད་རྫས་དང་ཞིང་སྨན་བཀོལ་ཚད་ཇེ་ཉུང་གཏོང་བ་དང་ཕན་འབྲས་ཇེ་མཐོར་གཏོང་བའི་དཔེ་སྟོན་ལས་དོན་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད། ནུས་ཤུགས་ཡོད་རྒུས“ས་ཆུ་རི་གཙང་གི”སྲུང་སྐྱོང་ལས་དོན་ལེགས་པར་བསྒྲུབས་པ་དང་། ཁ་དབུགས་ཀྱི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད95.9%ཟིན་ཡོད། ཆུ་རྒྱུན་ཆེན་པོ་གསུམ་གྱི་ཆུའི་སྤུས་ཚད་སྤྱིའི་ཆ་ནས་ཇེ་ལེགས་སུ་སོང་ཡོད་ལ། ཆུ་སྣ་གཙོ་བོའི་རང་མངའ་ཁོངས་ཀྱི་ཆུ་སྤུས་ཀྱི་ཚད་ལོངས་ཚད100%སླེབས་ཡོད། ནུས་ཁུངས་ཟད་གྲོན་གྱི“ཚོད་འཛིན་གཉིས”དང་ཆུའི་ཐོན་ཁུངས་ཀྱི་གཟབ་ནན་དོ་དམ་ལས་དོན་ནན་ཏན་གྱིས་སྤེལ་བ་དང་། “མཐོ་བ་གཉིས”ཀྱི་ལས་གཞི་ཁྱོན་ཡོངས་ནས་ལེགས་སྒྲིག་བྱས་ཏེ། ནུས་ཁུངས་ཟད་གྲོན་ཆེ་བའི་ཁེ་ལས་ལ་རྩད་ཞིབ་དང་དག་ཐེར་ནན་མོ་བྱས། ཁུལ་ཡོངས་ཀྱི་ལོ་རྒྱུས་སྟེང་གི་ཐོག་དང་པོའི་སྐྱེ་ཁམས་ཁོར་ཡུག་གི་གནོད་འཚེའི་གུན་གསབ་བྱེད་པའི་གྱོད་དོན་ཞི་འདུམ་བྱུང་།

(གསུམ།)དམིགས་འབེན་གསར་པར་གཞི་ཚུགས་ཏེ། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྱུར་ལྟེ་བར་འཛིན་པ་མཐའ་འཁྱོངས་ཀྱིས་ལྗང་མདོག་འཕེལ་རྒྱས་ལ་དགེ་མཚན་གསར་པ་མངོན་ཡོད། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གལ་ཆེའི་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་དང་། “ས་ཁུལ་བཞིའི”འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་ནས། དེང་རབས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་། པུའུ་དང་ཞིང་ཆེན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་མཉམ་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། ནོར་གནག་དང་བོད་ལུག  ནས། ཀེ་ཚེ། གཟན་རྩྭ་བཅས“ཐོན་ལས་ཆེན་པོ་ལྔ”ཡི་བསྐྱར་དར་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གསར་བཟོ་བྱས་པ་དང་། མདའ་བཞི་རྫོང་གི་ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་གླིང་དང་། རྐང་ཚ་རྫོང་གི་རྒྱལ་ཁབ་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་སྔོན་སྐྱོད་ས་ཁུལ་གྱི་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་། འཇུ་ལག་རྫོང་གི་ནས་དང་ཀེ་ཚེའི་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་རེ་ཞུ་ཞུས་པ་ལེགས་འགྲུབ་བྱུང་བ་དང་། “སྣོན་པ་གསུམ་དང་འཚམ་པ་གསུམ་གྱི”ནོར་གནག་ཐོན་སྐྱེད་ཀྱི་མ་དཔེ་གསར་བ་འཚོལ་ཞིབ་དང་གསར་གཏོད་མཛད། གོ་རིམ་ལྡན་པའི་སྒོ་ནས་བོད་ལུག་གི“ལོ་གཉིས་ནང་ལུ་གུ་གསུམ་བཙའ་བའི”ཕན་འབྲས་མཐོ་བའི་གསོ་སྤེལ་ཕྱོགས་བསྡུས་ཆ་སྡེབ་ལག་རྩལ་ཁྱབ་བརྡལ་དུ་བཏང་བ་དང་། མདོ་ལའི་བོད་ལུག་དང་ནོར་གནག་གི་དེང་རབས་ཞིང་ལས་ཐོན་ལས་གླིང་དེ་ཞིང་ཆེན་རིམ་པའི་གཙོ་གནད་གསར་སྐྲུན་མིང་ཐོའི་ནང་ཚུད་ཡོད། བོད་ལུག་དང་ནོར་གནག་གི་ཁུངས་འདེད་མ་ལག་འཛུགས་སྐྲུན་ལ་ནན་གྱིས་སྐུལ་འདེད་བཏང་། གསར་དུ་རེ་ཞུ་བྱས་པའི“ཐོན་རྫས་གཉིས་དང་མཚོན་རྟགས་གཅིག”གི་སྤུས་རྟགས10ལྷག་ཡོད་པ་དང་། རྐང་ཚའི་འབྲི་ཞོ་དང་ནོར་གནག་གི་ཁུ་ལུའི་ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་ལ་རྒྱལ་ཁབ་ཀྱི་བཤེར་མཆན་ཐོབ། ཞིང་ལས་ཀྱི་སོན་བཟང་གསོ་སྤེལ་དང་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་མ་ལག་ལ་ཤུགས་བསྣན་ཏེ། ནས་ཀྱི་སོན་བཟང་འདེབས་ཞིང་ས་མུའུ་ཁྲི2དང་། སྐེ་ཚེའི་སོན་བཟང་འདེབས་ཞིང་ས་མུའུ5000བཙུགས་པ་དང་། སོན་བཟང་ཅན་དུ་འགྱུར་ཚད98%ཡན་ཟིན་ཡོད། “བྱང་ནས”མུ་འབྲེལ་གྱི་ནས་དང་། “བྱང་སྣུམ”མུ་འབྲེལ་གྱི་སྐེ་ཚེའི་འདེབས་གསོ་རྒྱུན་མཐུད་ངང་ཞིབ་ཚགས་ཅན་དང་སྤུས་ལེགས་ཅན་དུ་སྔོན་འདེད་བྱས་ཤིང་། ཤ་མོ་དང་ཀྲུང་བོད་ལུགས་སྨན་རྫས། གྲོ་མ། སྦྲང་རྩི་སོགས་འཁྱགས་རིགས་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་། “འདེབས་འཛུགས། གསོ་སྤེལ། ལས་སྣོན”དང“ཞིང་ལས། བཟོ་ལས། ཉོ་ཚོང་།” “ཤེད་གསོག གསོ་སྤེལ། ཁྱབ་བརྡལ”བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་བཏང་། ཤུགས་ཆེན་པོས“གསར་པ་ལྔ”ཡི་ཁེ་ལས་གསོ་སྐྱོང་བཟོ་སྐྲུན་དང“ཆེད་ལས་ཅན་དང་སྤུས་ལེགས་ཅན། ཁྱད་ལྡན་ཅན། གསར་གཏོད་ཅན”གྱི་ཁེ་ལས་ཀྱི་ངོས་ལེན་ར་སྤྲོད་ལས་དོན་ལག་བསྟར་བྱས་ནས། ཁེ་ལས་འབྲིང་ཆུང57སྐྱེད་སྲིང་བྱས་པ་དང་། གཞི་ཁྱོན་ཡན་གྱི་ཁེ་ལས3གསར་དུ་བསྣན་ཡོད།  མཚོ་སྔོན་ཅིན་ཆི་ལེན་འོ་མའི་ལས་རིགས་ཚད་ཡོད་འགན་འཁྲི་ཀུང་སི་དེ་བདེ་ལེགས་ངང་ཞིང་ཆེན་གྱི་སྐོར་ཁག་བཞི་པའི“ཆེད་ལས་ཅན་དང་སྤུས་ལེགས་ཅན། ཁྱད་ལྡན་ཅན། གསར་གཏོད་ཅན”གྱི་ཁེ་ལས་ཀྱི་ངོས་ལེན་ར་སྤྲོད་བྱེད་ཐུབ་བྱུང་། ཞ་ཧྭ་ཤ་རིགས་བཟའ་ཆས་ཀུང་སི་དང་མདོ་ལ་ཡུས་ཏ་ཀུང་སི་གཉིས་སྐོར་ཁག་བདུན་པའི་ཞིང་ལས་ཐོན་ལས་ཅན་གྱི་རྒྱལ་ཁབ་ཀྱི་གཙོ་གནད་སྣེ་འདྲེན་ཁེ་ལས་ནང་བདམས་ཐོན་བྱུང་། ཁེ་ལས་ཀྱི་མ་དངུལ་བསྡུ་རུབ་བྱེད་པའི་ཐབས་ལམ་རྒྱ་ཆེར་བཏང་ནས། བཟོ་ལས་ཀྱི་གཞན་སྒྱུར་རིམ་སྤོར་དང་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་གཏོང་བའི་ཆེད་སྤྱོད་མ་དངུལ་སྒོར་ཁྲི656བརྩོན་ལེན་བྱས་ཡོད། 《མཚོ་བྱང་ཁུལ་གྱི“ལོ་ལྔ་ཚན་བཅུ་བཞི་པའི”ནུས་ཁུངས་འཆར་འགོད》བཟོས་ནས། འོད་ཤུགས་དང་རླུང་གློག་སོགས་ནུས་ཁུངས་གཙང་མའི་ལས་གཞི་གལ་ཆེན་ལ་སྐུལ་འདེད་བཏང་བ་དང་། རྐང་ཚའི་བླ་མཚོ་དང་། མདོ་ལའི་བཙུན་མོ་གཞོངས། རྐང་ཚའི་ཆུ་ཁོལ་བཅས་ལས་གཞི3གྱི་སྟོང་ཧྥུ330གློག་འདྲེན་གློག་སྒྱུར་གྱི་བཟོ་སྐྲུན་ལག་བསྟར་བྱེད་པར་བཤེར་མཆན་བཀོད། རྐང་ཚ་རྫོང་གི་སྟོང་ཝ་ཁྲི330ཡི“གློག་ཁུངས་གློག་གསོག”གཞི་གཅིག་ཅན་གྱི་ལས་གཞི་དངོས་སུ་མགོ་ཚུགས་པ་དང་། རྐང་ཚ་རྫོང་གི་འོམ་ཆུའི་ཤར་རྒྱུད་གྱི་ཀྲའོ་ཝ49.5དང་མདའ་བཞི་རྫོང་གི་ཀྲའོ་ཝ100ཡི་གཅིག་སྡུད་རྣམ་པའི་རླུང་གློག་ལས་གཞི་དང་། ཀྲའོ་ཝ55ཡི་ཁ་ཐོར་རྣམ་པའི་རླུང་གློག་ལས་གཞི་རྒྱུན་མཐུད་ངང་དྲ་སྦྲེལ་བྱས་ནས་གློག་བཏོན་པས། 2021ལོའི་ལོ་མཇུག་གི་ཚུན་དུ་གློག་འདོན་བྱེད་ཚད་ཏུའུ་དུང་ཕྱུར4.12ལ་སླེབས་ཡོད། རྫོང་བཞི་དེ་རྒྱལ་ཡོངས་ཀྱི་རྫོང་ཧྲིལ་པོའི་ཁང་སྟེང་གི་འོད་ཤུགས་གློག་འདོན་གསར་སྤེལ་གྱི་ཚོད་ལྟའི་ས་ཁུལ་ནང་བཞག་པ་དང་། འཇུ་ལག་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་རིམ་པའི་སྲིད་འཛིན་ལས་དོན་ལས་ཁུངས་ལ་གཞི་རྩའི་ཆ་ནས་དྭངས་གཙང་དྲོད་རླངས་མཁོ་འདོན་བྱེད་པ་མངོན་འགྱུར་བྱུང་ཡོད། ཡུལ་ཁོངས་ཧྲིལ་བོའི་གནས་སྐོར་དཔེ་སྟོན་ས་ཁུལ་གསར་འཛུགས་ཀྱི་ལས་དོན་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། མདོ་ལ་དང་རྐང་ཚ་གཉིས་རྒྱལ་ཁབ་རིམ་པའི་ཡུལ་ཁོངས་ཧྲིལ་བོའི་གནས་སྐོར་དཔེ་སྟོན་ས་ཁུལ་དུ་བདམས་ཐོན་བྱུང་། མདའ་བཞི་དང་འཇུ་ལག་གཉིས་ཞིང་ཆེན་རིམ་པའི་ཡུལ་ཁོངས་ཧྲིལ་བོའི་གནས་སྐོར་དཔེ་སྟོན་རྫོང་དུ་བདམས། གསེར་དངུལ་ཐང་དང་རྡུལ་ཕྲན་མཁར་གྱི་མཛེས་ལྗོངས་ས་ཁུལ་དེ་རྒྱལ་ཁབ་ཀྱིAཅན5རིམ་པའི་མཛེས་ལྗོངས་ས་ཁུལ་གྱི་གསར་འཛུགས་མིང་ཐོའི་ནང་དངོས་སུ་བཞག་ཡོད། སྔ་གཞུག་ཏུ་འཇུ་ལག་གི་ཡུལ་ཁོངས་ཧྲིལ་བོའི་གནས་སྐོར་བའི་ཞབས་ཞུ་ལྟེ་གནས་དང་། མདོ་ལ་རྫོང་གི་ར་གདོང་ཆུང་བའི་རྨང་གཞིའི་སྒྲིག་བཀོད་དང་རྐང་ཚ་རྫོང་གི་གསེར་ཉའི་གཞིས་ཁྱིམ། མདའ་བཞི་རྫོང་གི་བོན་གྱ་ཕྱུགས་ར་སོགས་ཀྱི་ལས་གཞི་ལེགས་འགྲུབ་བྱུང་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་གཞན་སྒྱུར་གོང་སྤེལ་གྱི་འཕེལ་རྒྱས་ལ་ཤུགས་ཆེན་པོས་རོགས་འདེགས་བྱས། 《ཐོག་དང་པོའི་རྡུལ་ཕྲན་མཚོན་ཆ་ཞིབ་བཟོའི་གནས་རྙིང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཆར་འགོད》སྒྲིག་འབྲི་བྱས་ནས། ཐོག་དང་པོའི་རྡུལ་ཕྲན་མཚོན་ཆ་ཞིབ་བཟོ་གནས་རྙིང་སྲུང་སྐྱོང་འཛུགས་སྐྲུན་གཙོ་གནད་དུ་བཟུང་བ་དང་། གནས་གཞིའི་གནས་རྙིང་སྲུང་སྐྱོང་བེད་སྤྱོད་ཀྱི་ལས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས། འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཚོད་ལྟའི་ས་ཁུལ་གྱི་གསར་འཛུགས་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། འབྲོང་ཡུལ་ནས་ཝུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྤེན་མདོ་ཁ་ནས་འཇུ་ལག་ཁིས་ཐོག་བར་མཚམས་སོགས་གཙོ་གནད་འཛུགས་སྐྲུན་ལས་གཞིའི་བཟོ་སྐྲུན་མགྱོགས་མྱུར་ངང་སྔོན་འདེད་བྱས་པ་དང་། ཁྱད་ལྡན་མཛེས་ལྗོངས་གནས་སྐོར་བགྲོད་ལམ་དང་། འགྲིམ་འགྲུལ་མཉམ་འདྲེས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་ས་ཚིགས། ལྗོངས་གཟིགས་སྟེགས་བུ་སོགས་སྒྲིག་བཀོད་ཆ་ཚང་གི་འཛུགས་སྐྲུན་ཕྱོགས་ཡོངས་ནས་སྤེལ་མགོ་ཚུགས། “མི་འབུམ་ཕྲག་གཉིས་མཚོ་བྱང་དུ་གནས་སྐོར་བྱེད་པ”དང་མཚོ་སྔོན་རོགས་སྐྱོར་རིག་གནས་གནས་སྐོར་མནའ་འབྲེལ་གྱི“རླངས་འཁོར་སྟོང་དང་གནས་སྐོར་བ་ཆིག་ཁྲི་མཚོ་སྔོན་དུ་སྐྱོད་པའི”བྱེད་སྒོ་དང་། ཝང་ལུའོ་པིན་རོལ་དབྱངས་རིག་གནས་གནས་སྐོར་དུས་ཆེན་སོགས་གལ་ཆེའི་དུས་ཆེན་གྱི་བྱེད་སྒོ་བདེ་ལེགས་ངང་སྤེལ། “དག་སྣང་མཚོ་བྱང”གི་རྫས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས། ལོ་ཧྲིལ་པོར་གནས་སྐོར་བ་མི་ཐེངས་ཁྲི463.65ལ་སྣེ་ལེན་བྱས་པ་དང་གནས་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར21.33ཐོན་ཡོད། འཛད་སྤྱོད་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། ཚོང་དོན་དཔལ་འབྱོར་བརྟན་བརླིང་ངང་སླར་གསོ་བྱུང་བ་དང་། ཁུལ་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་གི་སྤྱི་འབོར་སྒོར་དུང་ཕྱུར29.21མངོན་འགྱུར་བྱས་ཤིང་། ན་ནིང་དང་བསྡུར་ན7.9%འཕར་ཡོད། དྲ་ཐོག་ཚོང་དོན་ལས་སྟེགས་ཀྱི་གྲངས་འཛིན་ཅན་མུ་མཐུད་དུ་རིམ་སྤོར་བྱས་པ་དང་། དྲ་ཐོག་ཚོང་དོན་ཁེ་ལས(ས་ཚིགས)238འཕེལ་རྒྱས་སུ་བཏང་། དྲ་ཐོག་ཚོང་དོན་ཞིང་སྡེ་རུ་སྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་རྫོང་དེ་རང་རེའི་ཁུལ་གྱི་རྫོང་བཞིའི་ཁྱོན་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས། དྲ་ཐོག་ཚོང་དོན་གྱི་ཕྱིར་འཚོང་བྱེད་ཚད་ན་ནིང་དང་བསྡུར་ན178.74%འཕར་ཡོད། ཁུལ་ཡོངས་ཀྱི་དེང་རབས་ཟོག་འདྲེན་འཁོར་རྒྱུག་མ་ལག་མགྱོགས་མྱུར་སྒོས་འཛུགས་སྐྱོང་བྱས་པ་དང་། ཚོགས་འདུ་གསོ་སྦྱོང་དང་བདེ་ཐང་ཁམས་གསོ། དྲ་རྒྱའི་ཆ་འཕྲིན་སོགས་ཞབས་ཞུ་ལས་རིགས་སྤུས་ཚད་མཐོ་བ་དང་སྣ་མང་ཅན་དུ་རིམ་སྤར་བྱས།

(བཞི།)མགོ་འཛུགས་ས་གསར་པར་གཞི་ཚུགས་ཏེ། ལས་གཞིའི་འཛུགས་སྐྲུན་སྒུལ་ཤུགས་སུ་འཛིན་པ་མཐའ་འཁྱོངས་བྱས་ཏེ། མ་དངུལ་གཏོང་བའི་ལས་དོན་ལ་ཐོལ་བརྒལ་གསར་བ་བྱུང་། “ལས་གཞི་གཙོ་བོར་འཛིན་པའི”འདུ་ཤེས་བརྟན་པོ་བཙུགས་ནས། ཐབས་བརྒྱ་ཇུས་སྟོང་གིས་ལས་གཞི་དམ་འཛིན་བྱས་ནས་མ་དངུལ་གཏོང་བར་སྐུལ་འདེད་བཏང་། འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་དང་། མཁར་དམར་ནས་ཆབ་ཆ་བར་གྱི་མྱུར་བགྲོད་གཞུང་ལམ། མཚོ་སྔོན་པོ་མཐའ་འཁོར་གྱི་ཆུའི་མགོ་ཁུངས་དང་ཆུའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་སོགས་དུས་མགོའི་ལས་གཞི་བརྒྱ་ལྷག་ཙམ་གཙོ་གནད་དུ་བཟུང་ནས་སྐུལ་འདེད་བཏང་བ་དང་། ལས་གཞི་སྣ་ཚོགས་ཀྱི་དུས་མགོའི་འགྲོ་གྲོན་སྒོར་ཁྲི1735བརྩོན་ལེན་བྱས་ཡོད། ཁུལ་རིམ་པའི་མགོ་ཁྲིད་ཀྱིས་འགན་གཙང་ལེན་བྱས་པའི་ལས་གཞི་གལ་ཆེན་གྱི་ལས་དོན་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། ལས་གཞིའི་འགག་གནད་དང་དཀའ་གནད་རིམ་པ་དབྱེ་ནས་ཐག་བཅད་པ་དང་། “ཇི་ལྟར་སྒྲུབ་པ”དང“ནམ་ཞིག་སྒྲུབ་པ”ཁ་གསལ་བྱས་ནས། ལས་སྒྲུབ་ཀྱི་ཆེས་བཟང་བའི་དུས་སྐབས་ནང་ཡོངས་འགྲུབ་བྱེད་པར་ནུས་ཤུགས་ཡོད་རྒུ་བཏོན་ནས་འབད་འཐབ་བྱས། G338གཞུང་ལམ་ཁིས་ཐོག་ནས་འཇུ་ལག་བར་མཚམས་ཀྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ་དང་། འབྲོང་ཡུལ་ནས་ཝུན་ཁྲོན་དང་། ནུབ་མཚོ་ནས་ཚ་ཧན་ནོ། མན་ཏི་ལ་ནས་རྟ་ཐང་། ནུབ་མཚོ་གྲོང་རྡལ་ནས་ཅ་ཏིན་བར་སོགས་ཀྱི་མྱུར་བགྲོད་གཞུང་ལམ་བརྟན་བརླིང་ངང་ལག་བསྟར་བྱས། མཚོ་བྱང་དང་ཧྲན་ཏུང་གི་སྐྱེ་དངོས་གླིང་ཁུལ་ཞིང་ཕྱུགས་ཚན་རྩལ་གསར་གཏོད་ཚད་ལྡན་ཅན་གྱི་གསོ་སྐྱོང་གནས་གཞིའི་འཛུགས་སྐྲུན་གྱི་ལས་གཞི་དང་། མུ་རི་གཏེར་ཁུངས་སྤྱང་ཚང་གཏེར་དོང་དང་པོའི་གཏེར་ཁྲོན་དང་། གཏེར་རི་གཞི་གཅིག་ཅན་གྱི་བཅོས་སྐྱོང་བཟོ་སྐྲུན། འཇུ་ལག་རྫོང་གི་རྒྱ་མདོ་ཆུ་མཛོད་དང་། མདོ་ལ་རྫོང་གི་གངས་ཆབ་ལས་གཞིའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས། འཇུ་ལག་རྫོང་གི་ཧྲན་ཏུང་མཚོ་སྔོན་མཐོ་རིམ་སློབ་འབྲིང་སོགས་ཀྱི་གཙོ་གནད་ལས་གཞིར་ནུས་ཤུགས་ཆེན་པོས་སྐུལ་འདེད་བཏང་། ཁུལ་རིམ་པའི་མགོ་ཁྲིད་ཀྱིས་འགན་གཙང་ལེན་བྱས་པའི་ལས་གཞི32ལ་མ་དངུལ་སྒོར་དུང་ཕྱུར32.62བཏང་། དེས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་ནོར་དངུལ་གཏོང་སྤྱི་འབོར་གྱི75.5%ཟིན་པ་དང་། ལོ་ཧྲིལ་པོའི་མ་དངུལ་གཏོང་བའི་འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་ཤིང་། དམིགས་ཚད་ལས་བརྒྱ་ཆའི་གྲངས0.7ལས་བརྒལ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལས་གཞི་གལ་ཆེན་ཁག1084གྲབས་གསོག་བྱ་རྒྱུའི་འཆར་འགོད་བྱས་པ་དང་། མ་དངུལ་གཏོང་བའི་སྤྱི་འབོར་སྒོར་དུང་ཕྱུར2487ཟིན། “ཁུལ་རིམ་པའི་སྒོར་དུང་ཕྱུར་སྟོང་དང་རྫོང་རིམ་པའི་སྒོར་དུང་ཕྱུར་བརྒྱའི”ལས་གཞིའི་བང་མཛོད་འཛུགས་སྐྲུན་ལེགས་འགྲུབ་བྱུང་།

(ལྔ།)མགོ་འཛུགས་ས་གསར་པར་གཞི་ཚུགས་ཏེ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་བྱེད་པ་དེ་གོ་སྐབས་སུ་འཛིན་པ་མཐའ་འཁྱོངས་ཀྱིས་མཁར་གྲོང་དང་ཞིང་སྡེ་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད། མི་ལྟེ་བར་འཛིན་པའི་མཁར་གྲོང་དང་ཞིང་སྡེའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པ་མཐའ་འཁྱོངས་བྱས་ཏེ། གནད་ས་གཅིག་གིས་ཁྱོན་ཡོངས་སྒུལ་ཁྲིད་བྱེད་པའི་ཡུལ་སྡེ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཡུལ་སྡེ་དར་སྤེལ་ལས་དོན་གཉིས་འབྲེལ་མཐུད་གང་ལེགས་བྱས་ཏེ། ཡུལ་སྡེ་དར་སྤེལ་གྱི་ཡུན་ཕན་སྒྲིག་སྲོལ་འཐུས་ཚང་དུ་བཏང་ཞིང་། སློབ་གསོ་དང་ལས་ཞུགས། སྨན་བཅོས་སོགས་ཀྱི་ཁྱབ་ཁོངས་སོ་སོའི་རོགས་སྐྱོར་སྲིད་ཇུས་རྒྱུན་མཐུད་ངང་སྤེལ་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་བདེ་བླག་ངང་ཞིང་ཆེན་རིམ་པའི་དཔྱད་འཇོག་བྱས། ཞིང་ཆེན་རིམ་པ་དང་དེའི་ཡན་གྱི་ནོར་སྲིད་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར4.8བརྩོན་ལེན་བྱས་ཤིང་། ལས་ཞུགས་རོགས་སྐྱོར་སྒོས་དབུལ་ཐར་མང་ཚོགས9155སྤོ་སྒྱུར་ལས་ཞུགས་མངོན་འགྱུར་བྱས། འཛད་སྤྱོད་རོགས་སྐྱོར་གྱི་དྲ་ཐོག་དང་དྲ་ཕྱིའི་ཕྱིར་འཚོང་བྱེད་ཚད་སྒོར་དུང་ཕྱུར3.6ལ་སླེབས་ཡོད། གནས་སྐོར་རོགས་སྐྱོར་བྱས་ནས་དབུལ་ཐར་མང་ཚོགས3000ཙམ་གྱི་ཡོང་སྒོ་འཕར་སྣོན་བྱུང་བ་དང་། དྲ་ཐོག་ཚོང་དོན་རོགས་སྐྱོར་གྱིས་རིམ་རྩིས་བྱས་ན་དབུལ་ཐར་མང་ཚོགས2300ལྷག་ལ་མི་རེར་ཆ་སྙོམས་ཡོང་འབབ་སྒོར2000ལྷག་འཕར་སྣོན་བྱུང་བར་སྐུལ་ཁྲིད་བྱས་ཡོད། “3+1”མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་ལ་གཏིང་ཟབ་པའི་སྒོ་ནས་སྐུལ་འདེད་བཏང་ནས། རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་དང་། མདོ་ལ་རྫོང་མུ་རི་གྲོང་རྡལ། འཇུ་ལག་རྫོང་ཆུ་མིག་ཁ་གྲོང་རྡལ་སོགས་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་གྱི་ལས་གཞི་གཏིང་ཟབ་པའི་སྒོ་ནས་ལག་བསྟར་བྱས་པ་དང་། ནུབ་མཚོ་གྲོང་རྡལ་ས་མཐོའི་མཛེས་སྡུག་ལྡན་པའི་དཔེ་སྟོན་གྲོང་རྡལ་གྱི་འཛུགས་སྐྲུན་གོ་རིམ་ལྡན་པའི་སྒོ་ནས་ལས་ཀྱིན་ཡོད། ས་མཐོའི་མཛེས་སྡུག་ལྡན་པའི་ཡུལ་སྡེ15འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། རྣམ་པ་གསར་བའི་མཁར་གྲོང་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་། མཁར་གྲོང་གི་གཞིས་ཁུལ་རྙིང་པ637ཕྱོགས་བསྡུས་བཅོས་སྒྲིག་བྱས་པ་དང་། དུད་ཁྱིམ2499ཡི་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་བཟོ་སྐྲུན་ལེགས་འགྲུབ་བྱུང་། རྐང་ཚ་དང་འཇུ་ལག་གིས་ཞིང་ཆེན་རིམ་པའི“ཞིང་སྡེའི་བཟང་པོ་བཞིའི་ལམ”གྱི་དཔེ་སྟོན་རྫོང་གསར་འཛུགས་ལེགས་འགྲུབ་བྱུང་བ་དང་། ཞིང་སྡེའི་གློག་དྲ་སྒྱུར་བཀོད་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན། དབུལ་ཐར་ས་ཁུལ་གྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་གྱི་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ་དང་། ཁག་དང་པོའི5Gདྲ་རྒྱའི་སྦྲེལ་ཚུགས189བསྐྲུན་ནས་འཁོར་སྐྱོད་བྱས།

(དྲུག)རེ་སྒུག་གསར་པར་གཞི་ཚུགས་ཏེ། དམངས་འཚོ་ལེགས་བཅོས་འགན་སྲུང་བྱ་རྒྱུ་དེ་ལས་འགན་དུ་འཛིན་པ་མཐའ་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་མཐོ་རུ་ཕྱིན་ཡོད། ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་ནས་རྣམ་པ་ཀུན་ཏུ་དམངས་འཚོ་ལ་དོ་ཁུར་དང་མཐོང་ཆེན། འགན་ལེན། ལེགས་བཅོས་བཅས་བྱས་ནས། ལོ་ཧྲིལ་པོར་ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཀྱིས་དམངས་འཚོའི་རིགས་ཀྱི་དངུལ་གཏོང་སྒོར་དུང་ཕྱུར51.93བཏང་ནས་རིག་ལྡན་ལས་ཞུགས་དང་། རིག་ལྡན་སྨན་ཁང་། གྲངས་འཛིན་སློབ་ར། རིག་ནུས་སྤྱི་པའི་ཞབས་ཞུ་སོགས་གྲངས་གཞི་ཅན་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། དམངས་ཡོངས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྐྲུན་དང་མཉམ་སྤྱོད་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་། སློབ་གསོའི་རྨང་གཞིའི་འགན་སྲུང་ལ་ཤུགས་བསྣན་པ་དང་། སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། སློབ་གྲྭ་ཆུང་འབྲིང་གི“དོ་དམ་ལྔ”དང“གཉིས་འཕྲི”ལས་དོན་ཏན་ཏིག་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་། སློབ་ཞུགས་གོང་གི་ལོ་གསུམ་གྱི་བྱིས་གཉོར་ཁང་དུ་ཞུགས་ཚད་དང་། འོས་འགན་སློབ་གསོ་སྲ་བརྟན་དུ་བཏང་ཚད། མཐོ་འབྲིང་དུས་རིམ་གྱི་སློབ་ཞུགས་བྱེད་ཚད་བཅས་སོ་སོ95.95%དང98.23%  95.63%ལ་སླེབས་པ་དང་། སློབ་ལོ་རན་པའི་བྱིས་པ་སློབ་ཞུགས་བྱེད་ཚད100%ཡིན། ལས་རིགས་སློབ་གསོའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱས་ཚད་མུ་མཐུད་དུ95%ཡན་རྒྱུན་འཁྱོངས་བྱས་ཡོད། ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་ལག་བསྟར་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། “གཉིས་གཏོད”དང“བཞི་སྐྱེལ་”ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་དང་། ཧུར་ཐག་གིས་ལས་ཞུགས་རྩལ་ནུས་དངོས་སྦྱོང་གནས་གཞི་འཛུགས་སྐྲུན་གྱི་ལས་གཞི་ལ་སྐུལ་འདེད་བཏང་། རིག་ལྡན་ལས་ཞུགས་སྟེགས་བུའི་དུས་རིམ་དང་པོའི་འཛུགས་སྐྲུན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། ལོ་འདིའི་ནང་མཁར་གྲོང་གི་ལས་ཞུགས་མི་སྣ1871གསར་དུ་བསྣན། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་གཞན་སྒྱུར་ལས་ཞུགས་མི་ཐེངས་ཁྲི4.77སླེབས་པ་དང་། མཁར་གྲོང་གི་ལས་ཤོར་ཐོ་འགོད་བྱེད་ཚད2.82%ཡིན། གླ་ཕོག་ཆད་འགྱངས་བྱས་པའི་གྱོད་གཞི་རྩ་བ་ནས་ཐག་བཅད་ཚད100%རུ་སླེབས་པ་མངོན་འགྱུར་བྱུང་། ཡོང་འབབ་དམའ་བ་དང་འགྲོ་སོང་མང་བའི་ཁྱིམ་ཚང་དེ“སྒོ་གཅིག་བདག་སྤྲོད”མ་ལག་ནང་དུ་འཇུག་པའི་ལས་དོན་དེ་ཞིང་ཆེན་ཡོངས་ཀྱི་སྔོན་དུ་ལེགས་འགྲུབ་བྱུང་བ་དང་། གཞིས་ཁུལ45ཡི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་དང་ཞིང་སྡེའི་རོགས་རེས་བདེ་སྐྱིད་ཁང་འཛུགས་སྐྲུན་གྱི་ལས་གཞི་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བས། རྒན་གསོའི་ཞབས་ཞུ་འགན་ལེན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། བདེ་ཐང་མཚོ་བྱང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་དང་སྨན་བཅོས་ཐུན་མོང་སྒྲིག་གཞི་འཛུགས་སྐྲུན་རྫོང་བཞི་བོར་ཁྱབ་པར་བྱས། “བདེ་ཐང་མཚོ་བྱང་གི་སྔོ་ཁྲབ་སྲུང་སྐྱོབ”འགུལ་སྐྱོད་ཀྱིས་ལྟ་སྐུལ་བྱེད་ཚད100%ཟིན་པ་དང་། གཙོ་གནད་མི་ཚོགས་ཁྱིམ་ཚང་དང་ཁྱིམ་ཚང་འགན་ལེན་བྱེད་པའི་སྨན་པའི་གན་རྒྱ་བཞག་ཚད100%ཟིན། གཞུང་བཙུགས་སྨན་ཁང་ཚང་མར་རྒྱང་ཁྲིད་ནད་དཔྱད་ཀྱི་ལས་སྒོ་སྤེལ་བཞིན་ཡོད་ལ། “དྲ་སྦྲེལ+སྨན་བཅོས་བདེ་ཐང”འཛུགས་སྐྲུན་ལས་གཞི་ཁྱོན་ཡོངས་ནས་མགོ་བཙུགས། རིམས་ནད་འགོག་སྡོམ་ནན་གྱིས་བཟུང་ནས། རིམས་འགོག་སྨན་ཁབ་ཀྱི་འགྲོ་གྲོན་སྒོར་ཁྲི320དོན་འཁྱོལ་ལག་བསྟར་བྱས་པ་དང་། སྡོད་དམངས་ལ་རིན་མེད་རིམས་འགོག་སྨན་ཁབ་རྒྱག་པའི་འགྲོ་གྲོན་སྒོར་ཁྲི165བཀོད་སྒྲིག་བྱས། རིམས་ནད་འགོག་སྡོམ་ལ་ནུས་ཤུགས་ཡོད་རྒུ་བཏོན་ནས། ཞིང་ཆེན་ཡོངས་ཀྱི་སྔོན་དུ་ལོ18ཡན་གྱི་མི་ཚོགས་ཀྱི་རིམས་འགོག་སྨན་ཁབ་དང་པོ་དང་གཉིས་པའི་སྨན་ཁབ་རྒྱག་པའི་ལས་འགན་ལེགས་འགྲུབ་བྱུང་སྟེ། གཞི་རྩའི་སྟེང་མི་ཚོགས་ཡོངས་ཀྱི་རིམས་ནད་འགོག་པའི་སྲུང་རགས་ཆགས་པར་བྱས་ཡོད། རྡུལ་ཕྲན་མཁར་རྗེས་དྲན་ཁང་གི་རིག་དངོས་འགྲེམས་བཀོད་བསྐྱར་དུ་སྒྲིག་བཟོ་བྱས་ཏེ་སླར་ཡང་སྒོ་ཕྱེས་པ་དང་། མཚོ་སྔོན་པོའི་སྐྱེ་ཁམས་རྟེན་མཛོད་ཁང་སླར་གསོ་སྒོ་འབྱེད་བྱས།  “ཨ་རིག་གླུ་ཤགས”དེ་སྐོར་ཁག་ལྔ་པའི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་ཐོ་ནང་བཞག་པ་དང་། “ས་མཐོའི་མཚོ་བྱང”དང“ཁྲི་ཤོར་རྒྱལ་མོའི་བྱང་འདབས། མདོ་ལ་རིང་མོའི་ལྷོ་ཕྱོགས”སོགས་གསར་འགྱུར་སྨྱན་སྦྱོར་གྱི་ཕན་འབྲས་རྒྱུན་མཐུད་ནས་ཆེ་རུ་ཕྱིན་ཡོད། མི་རིགས་རྩལ་འགྲན་ལུས་རྩལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་སོང་བ་དང་། མཚོ་བྱང་གི་ལུས་རྩལ་པ་ཚོས་ཏུང་ཅིང་ཨོ་རྩལ་འགྲན་ཚོགས་དང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས། ཞིང་ཆེན་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་སྟེང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། འབྲུ་རིགས་བདེ་འཇགས་ཀྱི་སྲིད་འཛིན་མགོ་འཛིན་གྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། འབྲུ་རིགས་འཁོར་རྒྱུག་གི“2021ལོའི་བཅོས་སྒྲིག”ཆེད་དོན་ཁྲིམས་བསྟར་འགུལ་སྐྱོད་དང་འབྲུ་རིགས་ཉོ་ཚོང་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་ཆེད་དོན་བཅོས་སྒྲིག་ལས་དོན་ནན་གྱིས་སྤེལ། འཕྲལ་བསྟུན་རིན་གོང་རྟོག་འཇལ་གྱི་ཉིན་རེའི་སྙན་སེང་གི་ལམ་ལུགས་ལག་བསྟར་ནན་མོ་བྱས་པ་དང་། ཟོག་གོང་སྙོམས་སྒྲིག་ཚོད་འཛིན་དང་རིན་གོང་རྟོག་འཇལ་ལ་མུ་མཐུད་དུ་ཤུགས་བསྣན་པས། དམངས་འཚོའི་ཚོང་ཟོག་གཙོ་བོ་དང་རིམས་འགོག་མཁོ་ཆས་ཀྱི་ཚོང་རའི་མཁོ་སྤྲོད་འདང་ངེས་ཡོད། འཇུ་ལག་གི“1.8”དང6.9རིམ་པའི་ས་ཡོམ་རྒུད་སྐྱོབ་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་དང་། དུས་ཐོག་ཏུ་ས་ཡོམ་འཕྲལ་བསྟུན་རིམ་པIIདང་ལེན་བྱེད་མགོ་བཙུགས་ཏེ། གནོད་སྐྱོན་ཐེབས་པའི་ས་ཁུལ་གྱི་འགྲིམ་འགྲུལ་དང་། གློག་ཤུགས། འཕྲིན་གཏོང་། རླུང་འཕྲིན་བརྙན་འཕྲིན། ཆུ་མཁོ་འདོན་སོགས་ཀྱི་སྒྲིག་བཀོད་ནུས་ཤུགས་ཡོད་རྒུས་མྱུར་དུ་ཞིག་གསོ་བྱས་ནས། ས་ཡོམ་གྱི་གནོད་འཚེ་གྲལ་བཤེར་དང་བཤེར་འཇལ་སོགས་ཀྱི་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་མགྱོགས་མྱུར་ངང་སླར་གསོ་བྱུང་ཡོད། ཁྲིམས་སྐྱོང་འཛུགས་སྐྲུན་དང་། བདེ་འཇགས་མཚོ་བྱང་། ནག་སེལ་ངན་འཇོམས་སོགས་ཀྱི་ལས་དོན་ཁག་ལ་ནན་གྱིས་སྐུལ་འདེད་བཏང་བས། བདེ་འཇགས་ཐོན་སྐྱེད་དེ་སྤྱིའི་ཆ་ནས་བརྟན་བརླིང་བྱུང་ཡོད།

(བདུན།)བྱེད་ཐབས་གསར་པར་གཞི་ཚུགས་ནས། ཚོང་རའི་བྱེད་པོའི་གསོན་ཤུགས་སྐུལ་སློང་བྱ་རྒྱུ་གནད་འགག་ཏུ་འཛིན་པ་མཐའ་འཁྱོངས་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། “གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་ཟབ་སྤེལ་བྱས་ནས། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ནས་ཇེ་ལེགས་སུ་བཏང་ཞིང། ཞིང་ཆེན་ཡོངས་ཀྱི་ཕྱོགས་གསུམ་པའི་ཚོང་གཉེར་ཁོར་ཡུག་གདེང་འཇོག་དཔྱད་དཔོག་དང་མདའ་བཞི་རྫོང་གི་ཚོད་ལྟའི་དཔྱད་འདེམས་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་། ཁུལ་ཡོངས་ཀྱི་སྲིད་འཛིན་ལས་དོན་ལས་ཁུངས16གི་སྲིད་དོན་ཞབས་ཞུའི་དོན་ཚན160“སྒེའུ་ཁུང་གཅིག་ནས་བདག་སྤྲོད་དང་རིགས་དབྱེ་སྟེ་ལས་སྒྲུབ་བྱེད་པ”མངོན་འགྱུར་བྱུང་ཡོད་པ་དང་། གསར་བཙུགས་ཁེ་ལས་ཀྱི་འགྲོ་རིམ་ལས་སྒྲུབ་དེ་ཉིན3གྱི་ནང་ཚུན་དང་། གཏན་འཇགས་རྒྱུ་ནོར་གྱི་ཐོག་དང་པོའི་ཐོ་འགོད་དང་ཐོ་འགོད་གཞན་སྒྱུར་སོགས་སྤྱིར་བཏང་གི་ཐོ་འགོད་འགྲོ་རིམ། གཏའ་མ་ཐོ་འགོད་ཀྱི་འགྲོ་རིམ་ལས་སྒྲུབ་དུས་ཚོད་ཉིན5ནང་ཚུན་དུ་ཇེ་ཉུང་དུ་བཏང་ཡོད་ལ། ཁེ་ལས 318དང་འབྲེལ་བའི་ལས་དོན་གྱི་གསལ་ཐོ་ཡོངས་རྫོགས“འཛིན་དཔང་དབྱེ་ཕྲལ”ནང་དུ་བཞག སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་རྒྱུན་མཐུད་ནས་སྐུལ་འདེད་བཏང་བ་དང་། འཇུ་ལག་རྫོང་གིས་ཁུལ་རིམ་པའི་ཡིད་རྟོན་རྫོང་གསར་འཛུགས་ལེགས་འགྲུབ་བྱུང་། “ཡིད་རྟོན་མཚོ་བྱང”དྲ་ཚིགས་ཀྱི་ཆ་འཕྲིན་ཐོ་འགོད་གོང་ཞུ་བྱེད་ཚད་རིམ་རྩིས་བྱས་ན་ཁྲི45སླེབས་པ་དང་། རིམ་རྩིས་ལྟར་ན་ཡིད་རྟོན་དུད་ཚང49013དང་། ཡིད་རྟོན་སྡེ་བ192། ཡིད་རྟོན་ཡུལ་ཚོ28དང་། ཞིང་ཆེན་རིམ་པ་དང་། ཁུལ་རིམ་པའི་ཡིད་རྟོན་རྫོང2བཅས་ཞིབ་དཔྱད་གཏན་འཁེལ་བྱས་ཡོད། “ནོར་སྲིད་ཀྱི་རྒྱབ་སྐྱོར་ཐོབ་པའི་དམངས་གཉེར་དང་ཁེ་ལས་ཆུང་གྲས་ཀྱི་དངུལ་རྩའི་ཞབས་ཞུའི་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཚོད་ལྟའི་གྲོང་ཁྱེར”གྱི་མཚན་སྙན་ཐོབ་ནས། ཀྲུང་དབྱང་ནོར་སྲིད་ཀྱི་ཀུན་ཕན་དངུལ་རྩའི་ཆེད་དོན་བྱ་དགའི་མ་དངུལ་སྒོར་ཁྲི5000བརྩོན་ལེན་བྱས་ཡོད། ཁུལ་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱི་སྣ་སོ་སོའི་གསོག་དངུལ་གྱི་ལྷག་གྲངས་སྒོར་དུང་ཕྱུར162.02དང་འཕར་སྣོན6.9%བྱུང་ཡོད་ལ། སྣ་སོ་སོའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར91ཡིན་ལ། འཕར་སྣོན1.6%བྱུང་ཡོད། གསོག་དངུལ་དང་དངུལ་བུན་གྱི་བསྡུར་ཚད་དེ1.69:1ནས1.78:1ལ་རྒྱ་སྐྱེད་བྱུང་ཡོད། ཞིང་ཆེན་ཡོངས་ཀྱི་ཐོག་དང་པོའི་སྒོར་ཁྲི1500ཡིན་པའི“ཚབ་སྤྲོད་མ་དངུལ”སྒྲིག་འཛུགས་བྱས་ནས། སྔ་གཞུག་ཏུ་ཁྱོན་སྡོམ་ཁེ་ལས46གི་འཁོར་རྒྱུག་དངུལ་བུན་སྒོར་ཁྲི5395བསྐྱིས་པ་དང་དངུལ་བུན་སྒོར་ཁྲི13750ལ་རྟིང་སྐུལ་བྱས། པེ་རུན་ཁག་ཐེག་ཀུང་སིས་ལོ་དེར་ཁྱོན་སྡོམ་གསར་སྣོན་དངུལ་བུན་ཁག364ལ་ཁག་ཐེག་བྱས་ཤིང་། ཁག་ཐེག་མ་དངུལ་སྒོར་ཁྲི29153.3ལ་སླེབས་ཡོད། ཁྱོན་སྡོམ་ཁག་ཐེག་གྲོན་དངུལ་སྒོར་ཁྲི396.53ཇེ་ཉུང་ངམ་མེད་པར་བཏང་ནས་ཁེ་ལས་ཀྱི་མ་དངུལ་མཉམ་འདྲེས་དཀའ་བར་རོགས་སྐྱོར་བྱས།

(བརྒྱད།)འཕེལ་རྒྱས་གསར་པར་གཞི་ཚུགས་ནས། ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་ཁ་ཕྱོགས་སུ་འཛིན་པ་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་གསོན་ཤུགས་ལ་གྲུབ་འབྲས་གསར་པ་བླངས་ཡོད། ཁུལ་ཡོངས་ཀྱི་ཚོང་འགུགས་དངུལ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར10.9དམིགས་སར་འབྱོར་བ་དང་།《ཧྲན་ཏུང་ཞིང་ཆེན་གྱིས་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད》སྒྲིག་འབྲི་བྱས་པ་དང་། ཁ་གཏད་རོགས་སྐྲུན་ལས་དོན་གཏིང་ཟབ་དང་ཞིབ་ཚགས་ངང་སྤེལ་ཏེ། ལོ་ཧྲིལ་པོར་ཧྲན་ཏུང་གིས་ཁ་གཏད་རོགས་སྐྱོར་བྱས་པའི་ལས་གཞི44ཡོད་ལ། སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར2.59ཡིན། མ་དངུལ་དམིགས་སར་འབྱོར་ཚད100%ཐོན་ཡོད། ཧྲན་ཏུང་མཚོ་སྔོན་གློ་བའི་སྐྲན་ནད་ཀྱི་སྔ་རིམ་འཚག་བཤེར་ལྟེ་གནས་དང་། ཧྲན་ཏུང་མཚོ་སྔོན་འཇུ་བྱེད་མ་ལག་ནད་རིགས་སྨན་བཅོས་ལྟེ་གནས། ཧྲན་ཏུང་མཚོ་སྔོན་ཁྲག་རྒྱུན་དབྱེ་འབྱེད་ལྟེ་གནས་བཅས་བཙུགས། ཧྲན་ཏུང་མཚོ་སྔོན་མཐོ་རིམ་སློབ་འབྲིང་གི་དུས་རིམ་དང་པོའི་བཟོ་སྐྲུན་མགོ་ཚུགས་པ་དང་། མཚོ་བྱང་ཁུལ་གྱི་རིག་ལྡན་བདེ་ཐང་ཆ་འཕྲིན་ལས་སྟེགས་འཛུགས་སྐྲུན་གྱི་ལས་གཞི་དེ་རྒྱལ་ཡོངས་ཀྱི“རིམ་ལྔའི་སྦྲེལ་མཐུད”ཀྱི་གྲོང་ཁྱེར(ཁུལ)རིམ་པའི་ལས་སྟེགས་དང་པོར་གྱུར་ཡོད། “ཧྲན་ཏུང་མཚོ་སྔོན་ས་མཐོའི་སྐྱེ་ཁམས་ཞིང་ཕྱུགས་ཐོན་ལས་ཆེད་མཁས་པའི་ལས་དོན་ས་ཚིགས”དང“སྐོར་སྐྱོད་སློབ་དཔྱོད་ཁང”བཙུགས། རྒྱང་ཁྲིད་རིག་ནུས་ཞབས་ཞུའི་ལས་སྟེགས་ཀྱི་མགོ་ཚུགས་ཏེ།  ཧྲན་ཏུང་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་བྱང་དུ་ཡན་ལག་ཀུང་སི་འཛུགས་རྒྱུར་སྐུལ་མ་དང་། ཐུན་མོང་ཐོག་འཕེལ་རྒྱས་དང་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་བཏང་སྟེ། ཁྱད་ལྡན་ཐོན་རྫས་དེ“གཞན་གྱི་གྲུ་གཟིངས་ལ་བརྟེན་ནས་ཕྱིར་སྐྱོད་པ”མངོན་འགྱུར་བྱུང་ནས་ཕྱི་ཕྱོགས་ཚོང་དོན་དཔལ་འབྱོར་ལ་གྲུབ་འབྲས་གསར་པ་བླངས་ཡོད། ས་ཁོངས་མཉམ་ལས་ཀྱི་བར་སྟོང་ཟམ་མི་ཆད་པར་རྒྱ་བསྐྱེད་དེ། ལན་ཞིན་གྲོང་ཁྱེར་ཁྱུ་ཚོགས་ཀྱི“1+3+10”ཞིང་ཆེན་བར་གྱི་མཉམ་ལས་སྒྲིག་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ། 《འབྲོང་ཡུལ་གྲོང་ཁྱེར་དང་མཚོ་བྱང་ཁུལ་གྱིས་མཉམ་དུ་ལན་ཞིན་གྲོང་ཁྱེར་ཁྱུ་ཚོགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི2021ལོའི་གཙོ་གནད་ལས་འགན》ལག་བསྟར་བྱས་ཏེ། སྤུན་ཟླའི་གྲོང་ཁྱེར་དང་ཁུལ་བར་གྱི་མཉམ་ལས་ལ་ཤུགས་བསྣན། “བྱམས་བརྩེ་མཐའ་ཡས”ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། རིམས་ནད་བྱུང་བའི་དུས་སུ་ཟི་ལིང་གྲོང་ཁྱེར་ལ་སྐམ་ལུག་ཤ་ཏུན10.5སོགས་རིམས་འགོག་དངོས་ཟོག་ཞལ་འདེབས་སུ་ཕུལ།

འདས་ཟིན་པའི་ལོ་གཅིག་ལ་ཕྱིར་དྲན་བྱས་ན། ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་ནས་དཀའ་ངལ་ཁྱད་གསོད་དང་འབད་པ་ལྷུར་ལེན་བྱས་ཏེ། སྣ་སོ་སོའི་ལས་དོན་སྔ་མོ་ནས་འཆར་གཞི་འཐེན་པ་དང་དམ་འཛིན་བྱས་པ། དོན་འཁྱོལ་ཏན་ཏིག་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད། འོན་ཀྱང་ང་ཚོས་ཤེས་དགོས་པ་ཞིག་ནི། མིག་སྔར། ལོ་བརྒྱའི་འཕོ་འགྱུར་དང་དུས་རབས་རིམས་ནད་གཉིས་ཕན་ཚུན་བསྣོལ་ཞིང་འདྲེས་པའི་གནས་བབ་དང་། རང་རྒྱལ་གྱི་དཔལ་འབྱོར་དེ་ཉམས་གསོའི་མཐོ་རླབས་ཤིག་བརྒྱུད་རྗེས་རིམ་བཞིན་རྒྱུན་ལྡན་གྱི་གནས་སུ་ཕྱིར་ལོག་བྱས་ཏེ་གཏིང་ཤུགས་མངོན་པའི་བར་མཚམས་སུ་སླེབས་ཡོད། འཕེལ་རྒྱས་དོ་མི་མཉམ་ཞིང་འཐུས་སྒོ་མི་ཚང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད། རང་རེའི་ཞིང་ཆེན་གྱིས་ཡུན་རིང་བསགས་པའི་སྒྲིག་གཞི་རང་བཞིན་གྱི་གནད་དོན་དེ། ཕྱི་ནང་རྒྱུ་རྐྱེན་གྱི་ཐུན་མོང་ནུས་པའི་འོག་སྔར་བས་མངོན་གསལ་དུ་ཕྱིན་ཡོད་པ་དང་། དཔལ་འབྱོར་སླར་གསོ་བརྟན་པོ་མེད་པ་དང་དོ་མཉམ་མིན་པ། གཏན་ཁེལ་མིན་པའི་རང་བཞིན་ཅུང་མང་། རང་ཁུལ་གྱི་དཔལ་འབྱོར་གཞན་སྒྱུར་འགོར་བ་ནི་སྔར་བཞིན་འཕེལ་རྒྱས་ཀྱི་འགག་འཕྲང་ལྟ་བུ་ཡིན་པ་དང་། གསར་གཏོད་མི་འདང་བ་ནི་སྔར་བཞིན་བཀག་རྒྱ་ཆེ་ཤོས་ཡིན། ཤེས་ལྡན་པ་མི་འདང་བ་ནི་སྔར་བཞིན་ཞན་ཆ་ཆེ་ཤོས་ཡིན་པས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་ནི། སྔར་བཞིན་ང་ཚོའི་ཆབ་སྲིད་ཀྱི་ངེས་ཤུགས་ལ་ཚོད་བགམ་དང་། ང་ཚོའི་བྱ་བའི་ནུས་པར་ཞིབ་བཤེར། ང་ཚོའི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་གཏིང་ཟབ་པའི་སྔོག་འདོན། ང་ཚོའི་གསར་གཏོད་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཡུན་རིང་གི་འགག་སྒྲོལ་བྱ་གཞི་ཞིག་ཡིན། གཙོ་བོ་ཕྱོགས་འདི་དག་ལས་མངོན་ཡོད་དེ། ཐོན་ལས་གཞན་སྒྱུར་འཕེལ་རྒྱས་ལ་སྔར་བཞིན་ཤུགས་རྒྱག་དགོས་པ། ཐོན་ལས་སྦྲེལ་ཐག་ཐུང་དྲགས་པ་དང་ཉམ་ཞན་པ། ཐོན་ལས་གྲུབ་ཚུལ་རྩུབ་པ་དང་ལྕི་བར་ཕྱོགས་པ་དེ་ནུས་ཁུངས་ཟད་གྲོན་གྱི“ཚོད་འཛིན་གཉིས”ཀྱི་བླང་བྱ་དོན་འཁྱོལ་བྱེད་པ་དང་མི་འཚམ་པ། གཞན་སྒྱུར་རིམ་སྤོར་གྱི་ལས་འགན་དཀའ་ཚེགས་ཆེ་བ་བཅས་རེད། དམངས་འཚོ་དང་སྤྱི་ཚོགས་བྱ་གཞག་གི་ཞན་ཆ་གསབ་དགོས་པ། སྤུས་ཚད་མཐོ་བའི་སྤྱི་པའི་ཞབས་ཞུ་མཁོ་སྤྲོད་མི་འདང་བས། མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་ཞིང་སྣ་མང་ཅན་གྱི་དགོས་མཁོ་སྐོང་དཀའ་བ་སོགས་ཡིན། དུས་མཚུངས་སུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ངེས་པར་དུ་མུ་མཐུད་ཤུགས་སྣོན་དགོས་པ། སྦགས་བཙོག་འགོག་བཅོས་ཀྱི་གནས་བབ་སྔར་བཞིན་ཛ་དྲག་ཆེ་བ་དང་། ནུས་ཁུངས་ཟད་གྲོན་གྱི་འགལ་འདུ་འཕར་སྣོན་བྱེད་པ་ལས་ཇེ་ཉུང་དུ་འགྲོ་བཞིན་མེད་པ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་བརྗེ་སྒྱུར་བྱེད་རྒྱུ་དེ་འཚོལ་ཞིབ་ཀྱི་དུས་རིམ་དུ་གནས་ཡོད་པས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་བྱེད་པའི་ལས་འགན་སྔར་བཞིན་ལྕི་ལ་ལམ་ཐག་རིང་།

གཉིས། 2022ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་འབད་འཐབ་ཀྱི་དམིགས་འབེན་གཙོ་བོ།

ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་བཀོད་སྒྲིག་གཞིར་བཟུང་ནས། 2022ལོའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་གཟིགས་ཞིབ་ཏུ་ཕེབས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ལག་ལེན་མཐར་ཕྱིན་བྱེད་དགོས། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་དང་། སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན། བརྟན་བརླིང་ཡོང་རྒྱུ་དང་བརྟན་བརླིང་ཁྲོད་འཕེལ་རྒྱས་ལ་སྙེག་པའི་ལས་དོན་སྤྱིའི་དགོངས་དོན་མཐའ་འཁྱོངས་བྱེད་དགོས་པ་དང་། ཆ་ཚང་དང་ཡང་དག  ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐིལ་ཕྱིན་བྱས་ཏེ། འཕེལ་རྒྱས་གསར་བའི་གནས་སྟངས་ལ་སྔར་བས་མཉམ་འདྲེས་དང་ཞབས་ཞུ་སྒྲུབ་དགོས། ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་དང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་རྟིང་སྐུལ་བྱེད་པ་མཐའ་འཁྱོངས་དང། མཁོ་འདོན་ཐད་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱེད་པ་གཙོ་གནད་དུ་འཛིན་པ་མཐའ་འཁྱོངས་བྱེད་དགོས། རིམས་ནད་འགོག་སྡོམ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ནས། “བརྟན་བརླིང་དྲུག”དང“འགན་ལེན་དྲུག”གི་ལས་དོན་མུ་མཐུད་དུ་ཡག་པོ་བསྒྲུབ་པ་དང་། མུ་མཐུད་དུ་དམངས་འཚོ་འགན་ལེན་དང་ལེགས་བཅོས་སུ་གཏོང་བ། “ཤུགས་རྒྱག་ས་བཞི”མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ་དང་། “243”གྱི་འཕེལ་རྒྱས་ཀྱི་གནས་སྟངས་གསར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། བརྟན་བརླིང་བདེ་ཐང་གི་དཔལ་འབྱོར་ཁོར་ཡུག་དང་། དུས་བདེ་ཞོད་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་ཤུགས་ཆེན་པོས་རྒྱུན་འཁྱོངས་བྱས་ཏེ། གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཐེངས་བཅུ་བཞི་པའི་ཏང་གི་འཐུས་མིའི་ཚོགས་ཆེན་བདེ་ལེགས་ངང་འཚོགས་པར་བསུ་མ་བྱེད་དགོས།

སྤྱིའི་བླང་བྱར་དམིགས་ཏེ། 2022ལོར་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་གི་དམིགས་ཚད་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྤྱི་འབོར5.5%ཡས་མས་འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི5%ཡས་མས་འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས7%ཡས་མས་འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་སྤྱི་འབོར7%ཡས་མས་འཕར་བ། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་སྒོ་དེ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྤྱི་འབོར་དང་མཉམ་དུ་འཕར་བ་བཅས་བྱེད་དགོས། སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་གཅིག་མཚུངས་ཡིན་དགོས་པ་དང་། མཁར་གྲོང་གི་ཐོ་འགོད་བྱས་པའི་ལས་ཤོར་གྱི་ཚད་དང་ལས་ཤོར་གྲལ་བཤེར་བྱེད་ཚད་དེ་ལོ་ཧྲིལ་པོར་སོ་སོར3.5%དང5.5%ནང་ཚུན་དུ་ཚོད་འཛིན་བྱེད་པ་དང་། སྡོད་དམངས་ཀྱི་འཛད་སྤྱོད་དངོས་རྫས་ཀྱི་རིན་གོང་འཕར་ཚད་དེ་ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་དམིགས་ཚད་ནང་ཚོད་འཛིན་བྱེད་དགོས། འབྲུ་རིགས་འདེབས་སའི་ཞིང་སའི་ས་ཁྱོན་མུའུ་ཁྲི26ཡན་རྒྱུན་འཁྱོངས་བྱས་ནས་སྤྱིའི་ཐོན་འབོར་ཏུན་ཁྲི6.2ཡན་དུ་སླེབས་སུ་འཇུག་པ་དང་། ཁ་དབུགས་ཀྱི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་དེ་ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་དམིགས་ཚད་དུ་སླེབས་པ། ཆུ་རྒྱུན་གཙོ་བོའི་རང་མངའ་ཁོངས་ཀྱི་སྤུས་ཚདIIརིགས་དང་དེའི་ཡན་དུ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས། ནུས་ཁུངས་ཟད་གྲོན་གྱི་ཚད་དེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དུས་ཚོད་ནང་། ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་དམིགས་ཚད་གཅིག་གྱུར་འཆར་འགོད་བྱས་ནས་ལེགས་གྲུབ་བྱེད་པ་དང་། སྦགས་བཙོག་དངོས་པོ་གཙོ་བོའི་བཙོག་འབུད་ཉུང་གཏོང་གི་དམིགས་ཚད་དེ་ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་དམིགས་ཚད་ནང་ཚུན་དུ་ཚོད་འཛིན་བྱ་དགོས་པ་བཅས་ཡིན།

གོང་གསལ་གྱི་དམིགས་ཚད་མངོན་འགྱུར་བྱེད་པར། ང་ཚོས་ལྟ་སྤྱོད་གཅིག་མཐུན་དང་ཞན་ཆ་ཁ་གསབ། དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས། ལས་དོན་སྒྲུབ་པའི་ནུས་པ་མཐོར་འདེགས། འབད་བརྩོན་ལྷོད་མེད་ཀྱི་རྣམ་འགྱུར་རྒྱུན་འཁྱོངས་ཀྱིས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ཁྲོད། སྔོན་དུ་སྐྱོད་པ་དང་དཔེ་སྟོན་བྱེད་དགོས།

གསུམ། 2022ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ།

ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་པའི་ལོ་ཡིན་ལ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དོན་འཁྱོལ་བྱེད་པའི་གནད་འགག་གི་ལོ་ཡང་ཡིན་པས། བརྟན་བརླིང་བདེ་ཐང་གི་དཔལ་འབྱོར་ཁོར་ཡུག་དང་། དུས་བདེ་ཞོད་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་རྒྱུན་འཁྱོངས་བྱེད་དགོས། ལས་འགན་གཟི་བརྗིད་ལྡན་ལ་འགན་འཁྲི་ལྕི། ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་དང་། ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་འཛོམས་གྲོས་ཚོགས་རིམ་བྱུང་། ཁུལ་ཨུའི་ཐེངས་བཅུ་གསུམ་པའི་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་བཅས་དོན་འཁྱོལ་ཡག་པོ་བྱས་ནས།  “243”གྱི་འཕེལ་རྒྱས་ཀྱི་གནས་སྟངས་གསར་བར་དམ་དུ་དམིགས་ཏེ། བརྟན་བརླིང་གནད་ཆེན་དུ་འཛིན་པ་དང་། ལྗང་མདོག་རྨང་གཞིར་འཛིན་པ། སྤུས་ཀ་གཙོ་བོར་འཛིན་པ། དངོས་ཐོག་བདེན་འཚོལ་བཅས་བྱེད་པ་མཐའ་འཁྱོངས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།

(གཅིག)རྒྱལ་ཁབ་ཀྱི་དཀྱེལ་རྒྱ་ཆེ་བ་འབུར་དུ་ཐོན་པར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་སྔོན་དུ་འཇོག་པའི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་སྐྱེ་ཁམས་རྨང་གཞི་རྒྱུན་མཐུད་ནས་ཇེ་ལེགས་སུ་གཏོང་བ། ངོ་མཚར་མཚོ་བྱང་གི་རི་ཆུ་ནགས་གསུམ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་རགས་སྲུང་སྐྱོང་ཡག་པོ་བཅས་བྱས་ནས། སྟོབས་ཤུགས་ཡོད་ཚད་ཀྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་དགོས། གཅིག་ནི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་དམིགས་འབེན་ལ་དམིགས་ནས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་དུས་མགོའི་འཆར་འགོད་དང་རེ་ཞུར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས། སྤྱི་གླིང་ནང་གི་གཏེར་དབང་ཕྱིར་འཐེན་གྱི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ་དང་། སྐྱེ་ཁམས་གནས་སྤོས་ཡུལ་མིའི་གནས་སྤོ་དང་རྗེས་མཐུད་ཐོན་ལས་འཕེལ་རྒྱས་སོགས་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། མདོ་ལ་རིང་མོའི་ཆུ་ཁུངས་གསོ་སྐྱོང་གི་སྐྱེ་ཁམས་ཁུལ་དང་མཚོ་སྔོན་པོའི་རྩྭ་ཐང་དང་བརླན་སའི་སྐྱེ་ཁམས་ཁུལ་ཏེ། སྐྱེ་ཁམས་སྲུང་རགས་ཆེན་པོ་གཉིས་སྲ་བརྟན་དུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་དགོས། གཉིས་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁོངས་བར་སྟོང་གི་འཆར་འགོད་བཟོ་བ་དང་། རྒྱལ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོང་གི་རྣམ་པ་ལེགས་སྒྱུར་བྱེད་དགོས། རི་དང་ཆུ་བོ། ནགས་ཚལ། ས་ཞིང་། མཚོ་དང་རྩྭ་ཐང་། བྱེ་ཐང་དང་འཁྱག་རོམ་གྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་སྐུལ་འདེད་གཏོང་བ་དང་། རྨ་ཆུའི་འབབ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཙོང་ཆུ་དང་། མུ་རི་ཆུ་བོ། བ་ལྡིང་ཆུའི་ཁོར་ཡུག་དང་ཆུའི་སྐྱེ་ཁམས་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མདོ་ལ་རིང་མོ་དང་མཚོ་སྔོན་པོ་སྐོར་བའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་རིམ་གཉིས་པའི་བཟོ་སྐྲུན་སོགས་སྐྱེ་ཁམས་བཟོ་སྐྲུན་གྱི་ལས་གཞི་གལ་ཆེན་ཁག་གཅིག་ཇུས་འགོད་དང་ལག་བསྟར་བྱས་ཏེ། མཚོ་བྱང་གི་རི་བོ་དེ་བས་ཀྱང་མཛེས་པ་དང་། ཆུ་བོ་དེ་བས་ཀྱང་དྭངས་བ། ཡུལ་ལྗོངས་དེ་བས་ཀྱང་མཛེས་པར་བསྒྱུར་དགོས། གསུམ་ནི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས། མདོ་ལ་རིང་མོའི་ལྷོ་འདབས་དང་མཚོ་བྱང་ས་མཚམས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་ནན་གྱིས་སྐུལ་འདེད་གཏོང་བ་དང་། མུ་རི་གཏེར་ཁུལ་གྱི་རྩྭ་འདེབས་སྔོ་ལྗང་སླར་གསོའི་ལས་དོན་དམ་འཛིན་བྱེད་པ། གཏེར་རིའི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་ལ་དམ་འཛིན་བྱས་ཏེ། “ལོ་གཉིས་ནང་ལྗང་མདོག་མངོན་པ་དང་ལོ་གསུམ་རིང་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བའི”སྤྱིའི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས། རིམ་པ་བཞིའི་ཆུ(མཚོ)དཔོན་ལམ་ལུགས་དང་ནགས(རྩྭ)དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། གཙང་པོ་དང་མཚོའི“གང་བྱུང་བཞི་སེལ་བའི”ཆེད་དོན་འགུལ་སྐྱོད་ཟབ་སྤེལ་བྱེད་དགོས། རྒྱལ་ཁོངས་སྔོ་སྒྱུར་གྱི་དུས་མཇུག་གི་དོ་དམ་སྲུང་སྐྱོང་ལས་དོན་ལ་རྒྱུན་མཐུད་ནས་ནན་གྱིས་འཛིན་པ་དང་། ནུས་ཤུགས་ཡོད་རྒུས“དགུང་སྔོན་ཆུ་དྭངས་ས་གཙང”གི་སྲུང་སྐྱོང་དམག་འཐབ་ཆེན་པོ་གསུམ་ཡག་པོ་བརྒྱབ་སྟེ། “སྙིགས་མེད་གྲོང་རྡལ”དང“སྙིགས་མེད་ཡུལ་སྡེ”འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། བཞི་ནི་སྐྱེ་ཁམས་རིན་ཐང་ནུས་ལྡན་ངང་གཞན་སྒྱུར་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ཐཱན་རྩེར་སོན་དང་ཐཱན་བཏང་སྙོམས་ཀྱི་སྔོན་སྐྱོད་ཁུལ་གཏོད་པའི་དམིགས་ཚད་ལ་དམིགས་ཏེ། སྦགས་བཙོག་བཅོས་སྒྲིག་དང་བཙོག་འབུད་ཉུང་གཏོང་གི་བཟོ་སྐྲུན་ལ་ཤུགས་སྣོན་པ་དང་། ནུས་ཁུངས་གྲོན་ཆུང་དང་ཟད་གྲོན་ཆུང་དུ་གཏོང་བའི་ལག་རྩལ་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ། ནུས་རྒྱུའི་འཛད་སྤྱོད་སྤྱི་འབོར་དང་ཤུགས་ཚད་ཀྱི“ཚོད་འཛིན་གཉིས”དང་རྡོ་སོལ་འཛད་སྤྱོད་ཉུང་གཏོང་ཚབ་བྱེད་ལ་ཤུགས་བསྣན་ནས། སྐྱེ་ཁམས་ཐཱན་འདུས་ནུས་པ་ཆེ་རུ་གཏོང་དགོས།  སྐྱེ་ཁམས་ཁོར་ཡུག་དང་འཚམ་པའི་སྒྲིག་སྲོལ་སྒྲིག་ལུགས་མགྱོགས་མྱུར་ངང་འཚོལ་ཞིབ་བྱས་ནས་གྲུབ་པར་བྱེད་པ་དང་། རེས་སྐོར་གསུམ་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། མདོ་ལ་རིང་མོ་དང་། མཚོ་སྔོན་པོ། དེ་བཞིན་ཙོང་ཆུ་བཅས་ས་ཁུལ་དུ་བརླན་སའི་སྐྱེ་ཁམས་བྱ་དགའི་ཁ་གསབ་སྒྲིག་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བརྩོན་ལེན་བྱས་ཏེ། བ་ལྡིང་ཆུ་དང་ཙོང་ཆུ། མུ་རི་ཆུ། ཐོ་ལེ་ཆུ་བོའི་སྟོད་རྒྱུད་དང་སྨད་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁ་གསབ་ཚོད་ལྟའི་ས་ཁུལ་དེ་རྒྱལ་ཁབ་ཀྱི་ཁ་གསབ་ཁྱབ་ཁོངས་སུ་འཇོག་དགོས། སྐྱེ་ཁམས་གསོ་སྤེལ་ལས་རིགས་དང་། ཀྲུང་ལུགས་དང་བོད་སྨན་གྱི་འདེབས་འཛུགས་ལས་རིགས། ལུས་གསོའི་ལས་རིགས། སྐྱེ་ཁམས་གནས་སྐོར་ལས་རིགས་སོགས་ལས་རྣམ་སྣ་ཚོགས་འཕེལ་རྒྱས་སུ་བཏང་ནས། མཚོ་བྱང་གི་སྐྱེ་ཁམས་རིན་ཐང་ཆེ་ཤོས་མངོན་འགྱུར་བྱེད་དགོས།

(གཉིས།)ཐབས་མང་མཉམ་སྤྱོད་འབུར་དུ་ཐོན་པར་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་ཕྱོགས་ཡོངས་ནས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། འཕེལ་ཕྱོགས་ཆེན་པོར་ལྟ་མཁས་པ་དང་། ཁྱོན་ཡོངས་ལ་དོན་གཉེར་བྱེད་མཁས་པ། དོན་ཆེན་དམ་འཛིན་བྱེད་མཁས་པ་དང་། དངོས་སྒྲུབ་ཀྱི་ཐབས་ཇུས་མང་ཙམ་འདོན་པ། གསར་གཏོད་ཀྱི་བྱེད་ཐབས་མང་ཙམ་འདོན་པ། བརྟན་ལྷིང་འགན་ལེན་གྱི་ཐབས་ཤེས་མང་ཙམ་འདོན་དགོས། ཆེ་མཐོང་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་ཁབ་ཀྱི་སྙོམས་སྒྲིག་འགུལ་རྣམ་གསར་པ། འཐབ་ཇུས་ཀྱི་བཀོད་པ་གལ་ཆེན་བཅས་ལ་དོ་སྣང་ཆེན་པོ་བྱེད་པ་དང་། དཔལ་འབྱོར་ལ་རྟོག་འཇལ་དང་སྔོན་དཔག་སྔོན་བརྡ་གཏོང་བར་ཤུགས་སྣོན། དཔལ་འབྱོར་འཕེལ་ཕྱོགས་དང་འབྱུང་ལྟས་རང་བཞིན་དང་ཕྱོགས་ལྷུང་རང་བཞིན། མངོན་མེད་རང་བཞིན་གྱི་གནད་དོན་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་། ཞིབ་འཇུག་དང་དབྱེ་ཞིབ་ཡག་པོ་བྱས་ནས། ཇི་ལྟར་སྒྲུབ་ཚུལ་གྱི་བསམ་འཆར་འདོན་དགོས། གཙོ་གནད་ས་ཁོངས་དང་། གཙོ་གནད་ཐོན་ལས། གཙོ་གནད་ལས་གཞི། གཙོ་གནད་ཁེ་ལས་བཅས་ལ་དམ་པོར་དམིགས་ནས། འཕྲད་སྲིད་པའི་འབྲེལ་ཐག་ཆད་པ་དང་འགག་པའི་ཉེན་ཁ་དག་གསེད་བཀྲོལ་དང་གྲལ་བཤེར་བྱས་ཏེ། དེ་བཟློག་ཐབས་ལ་ཞིབ་འཇུག་དང་སྒྲིག་བཟོ་བྱེད་དགོས། བཀོད་གཏོང་ཞབས་ཞུའི་སྒྲིག་སྲོལ་འདོན་སྤེལ་ཡག་པོ་བྱེད་པ་དང་། དམིགས་ཚད་ལས་འགན་ཁག་བགོས་ཞིབ་ཚགས་སུ་གཏོང་བ། སྡེ་ཁག་གི་འགན་ནུས་འགན་འཁྲི་ནན་དུ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་བཀོད་གཏོང་དང་མཁོ་སྤྲོད་འགན་ལེན་ལ་ཤུགས་བསྣན་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

(གསུམ།)སྤུས་ཚད་དང་ཕན་འབྲས་འབུར་དུ་ཐོན་པར་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་ཕྱོགས་ཡོངས་ནས་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ཀྱི“ས་ཁུལ་བཞིའི”འཛུགས་སྐྲུན་གྱི་དམིགས་འབེན་གཏན་ཁེལ་བྱས་ཏེ། ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་དང་འགྲན་རྩོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། གཅིག་ནི་ས་མཐོའི་སྐྱེ་ཁམས་ཞིང་ཕྱུགས་ལས་གོང་འཕེལ་ཤུགས་ཆེར་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་ཡུལ་གསར་འཛུགས་ཀྱི་དམིགས་ཚད་ལ་དམིགས་ནས། པུའུ་དང་ཞིང་ཆེན་གྱིས་མཚོ་སྔོན་དེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་དུ་སྐྲུན་པ་དེ་ཐེག་བྱེད་དུ་བཟུང་ནས། ཁུལ་ཡོངས་ཀྱི“ཁུལ་གསུམ་དང་གླིང་གཉིས། ལས་སྟེགས་གཅིག”གི་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་བཀོད་པ་གཞིར་བཟུང་ནས། མཐོ་སྒང་གི་ནོར་གནག་དང་། བོད་ལུག ནས། སྐེ་ཚེ་བཅས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཚད་ལྡན་ཅན་དང་། གཞི་ཁྱོན་ཅན། ཐོན་ལས་ཅན། མ་ལག་ཅན་བཅས་ཀྱི་དེང་རབས་འདེབས་འཛུགས་ལས་རིགས་ཐོན་སྐྱེད་རྟེན་གཞི་ཁག་གཅིག་བསྐྲུན་དགོས། མདའ་བཞི་རྫོང་གི་ཞིང་སྡེ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་གི་འཛུགས་སྐྲུན་ལ་རྒྱུན་མཐུད་ནས་སྐུལ་འདེད་གཏོང་བ་དང་། རྐང་ཚ་རྫོང་གི་རྒྱལ་ཁབ་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཚོད་ལྟའི་སྔོན་སྐྱོད་ས་ཁུལ་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཧུར་ཐག་གིས་འཇུ་ལག་གི་ནས་དང་སྐེ་ཚེའི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་དང་། མདོ་ལའི་བོད་ལུག་གི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་གསར་འཛུགས་བྱེད་དགོས། མཚོ་བྱང་འདི་ཉིད་མཚོ་སྔོན་དང་ཐ་ན་རྒྱལ་ཡོངས་ཀྱི་ནོར་གནག་དང་། བོད་ལུག ནས། སྐེ་ཚེ་བཅས་ཀྱི་ཕྱིར་གཏོང་རྟེན་གཞི་གལ་ཆེན་ཞིག་ཏུ་འགྱུར་དགོས། ཞ་ཧྭ་ཤ་རིགས་ཀུང་སི་སོགས་སྣེ་འདྲེན་ཁེ་ལས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྫོང་ཧྲིལ་པོ་ནས་རོང་འབྲོག་པའི་མཉམ་ལས་ཁང་གི་སྤུས་ཚད་མཐོར་གཏོང་འགུལ་སྐྱོད་སྐུལ་འདེད་གཏོང་བ་དང་། མཉམ་ལས་ཁང་དང་ཁྱིམ་ཚང་གི་ཞིང་ཕྱུགས་ར་ཁག་གཅིག་སྐྱེད་སྲིང་དང་རོགས་སྐྱོར་བྱེད་པ། ཞིང་ཕྱུགས་ལས་ཐོན་སྐྱེད་དེ་ཁྱིམ་ཚང་ཁ་ཐོར་གཉེར་སྐྱོང་ནས་རྩ་འཛུགས་ཅན་དང་། གཞི་ཁྱོན་ཅན། ལེགས་བསྡུས་ཞིབ་གཉེར་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་ནས། ཞིང་ཕྱུགས་ལས་ཀྱི་ཐོན་ལས་སྦྲེལ་ཕྲེང་རྒྱ་སྐྱེད་དགོས། གཉིས་ནི་བཟོ་ལས་དཔལ་འབྱོར་གཞན་སྒྱུར་རིམ་སྤར་མགྱོགས་སུ་གཏོང་དགོས། སྲོལ་རྒྱུན་ཐོན་ལས་ཀྱིས་འདེགས་སྐྱོར་བྱེད་པའི་བཟོ་ལས་མ་ལག་མཐའ་གཅིག་ཏུ་གཏོར་ནས་ནུས་ཆེ་དང་། གཙང་མ། ཐཱན་ཉུང་། འཁོར་རྒྱུག་བཅས་ཀྱི་ལྗང་མདོག་ཐོན་ལས་མ་ལག་འཛུགས་རྒྱུར་ཤུགས་རྒྱག་པ་དང་། ཆུ་ཁོལ་སོགས་བཟོ་ལས་གླིང་ཁུལ་གྱི་གཞན་སྒྱུར་གོམ་སྟབས་གཙོ་གནད་དུ་བཟུང་ནས་མགྱོགས་སུ་བཏང་སྟེ། སྒུལ་ནུས་གསར་རྙིང་དང་མ་དཔེ་གསར་རྙིང་བརྗེ་སྒྱུར་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་ཕྱུགས་ཐོན་རྫས་ལས་སྣོན་སྤུས་ལྡན་ཞིབ་ཚགས་དང་རིག་གནས་གནས་སྐོར་ཚོང་ཟོག་གསར་སྤེལ་ལས་སྣོན་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ལས་གཏོད་གསོ་སྐྱོང་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། “གསར་པ་ལྔ”ཐོན་ལས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཐའེ་མེ་དང་ཞན་ཧྥུན། ཚེ་ཐར། ཧེ་བདག མུ་རི་གཉིས་པ། མུ་རི་གསུམ་པ་སོགས་རྡོ་སོལ་ཁེ་ལས་ཀྱི་ཐོན་སྐྱེད་བསྐྱར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས་ལ། ཐོན་སྐྱེད་ཀྱི་ཕན་འབྲས་ཀྱང་ཐོན་པར་བྱས་ཏེ། ལོ་འདིའི་ནང་རྡོ་སོལ་མ་རྒྱུ་ཐོན་ཚད་ཏུན་ཁྲི50འཕར་སྣོན་ཡོང་བར་འགན་ལེན་བྱེད་དགོས། མདོ་ལའི་ཞིན་ཧྲུའུ་པོ་ཡོན་དང་ཧྭ་ཐེ་སྣུམ་སྙིགས་སོགས་མི་མངོན་པའི་ནུས་ཤུགས་ལྡན་པའི་ཁེ་ལས་གཏིང་ཟབ་པའི་སྒོ་ནས་སྔོག་འདོན་བྱས་ཏེ། ལོ་འདིའི་ནང་བརྟན་པོའི་ངང་ཡོང་འབབ་འཕར་སྣོན་ཡོང་བའི་འགན་ལེན་བྱེད་དགོས། 《མཚོ་བྱང་ཁུལ་གྱི་རྡོ་སྣུམ་གྲུབ་མའི“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་འཆར་འགོད》དོན་འཁྱོལ་ནན་ཏན་བྱས་ནས། རང་ཁུལ་གྱི་རྡོ་སྣུམ་ཁེ་ལས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་མང་ཙམ་འབུལ་རྒྱུའི་འགན་ལེན་བྱེད་དགོས། གཞི་ཁྱོན་ཡན་གྱི་ཁེ་ལས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། གཙོ་གནད་ཁེ་ལས་ལ་མཐིལ་རྟོགས་གྲལ་བཤེར་བྱས་ཏེ་འཆར་གཞི་ཡོད་པའི་སྒོ་ནས་ཕྱིར་འཐེན་དང་སྒྲིག་འཛུགས་ཡོད་པའི་སྒོ་ནས་རྒྱུན་མཐུད་བྱས་ཏེ། གནད་སྨིན་ཁེ་ལས་དུས་ཐོག་ཏུ་སྲིད་གཞུང་གི་སྡོམ་རྩིས་ནང་འཇོག་པ་དང་གྲལ་བཤེར་སྡོམ་རྩིས་བྱེད་དགོས་པ་དག་སྲིད་གཞུང་གི་སྡོམ་རྩིས་ནང་འཇོག་དགོས། ཚོང་དང་མ་རྩ་འདྲེན་འགུག་བྱེད་ཤུགས་ཆེ་རུ་བཏང་ནས། ཚོང་འགུགས་དངུལ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར10སླེབས་པར་འགན་ལེན་བྱེད་དགོས། གསུམ་ནི་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། མཚོ་སྔོན་གྱིས་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། ཡུལ་བབ་དང་བསྟུན་ནས་འོད་ཤུགས་དང་རླུང་གློག་སོགས་ཀྱི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྐང་ཚ་རྫོང་གི་སྟོང་ཝ་ཁྲི320ཡི“གློག་ཁུངས་གློག་དྲ། ཐེག་ནོན། གློག་གསོག”གཞི་གཅིག་ཅན་གྱི་དུས་རིམ་དང་པོའི་འཛུགས་སྐྲུན་ལས་གཞི་དང་། མདོ་ལ་བཙུན་མོ་གཞོང་གི་སྟོང་ཧྥུ330དང་རྐང་ཚ་ཆུ་ཁོལ་གྱི་སྟོང་ཧྥུ330སོགས་གློག་སྐྱེལ་གློག་སྒྱུར་བཟོ་སྐྲུན་གཙོ་གནད་དུ་བཟུང་ནས་སྐུལ་འདེད་གཏོང་དགོས། གོམ་པ་བརྟན་པོས་ཁང་ཀླད་དུ་ཁྱབ་པའི་འོད་ཤུགས་གསར་སྤེལ་ཚོད་ལྟའི་ས་ཁུལ་སྐུལ་འདེད་གཏོང་བ་དང་། མཁར་གྲོང་གི་གློག་དྲ་ལེགས་བཅོས་འགུལ་སྐྱོད་ལག་བསྟར་བྱེད་པ། ཡུལ་སྡེ་དར་སྤེལ་གྱི་གློག་དྲའི་རིམ་སྤར་སྒྱུར་བཀོད་སྐུལ་འདེད་གཏོང་བ། ཁུལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་དྲོད་འདོན་བཟོ་སྐྲུན་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་གཙང་མའི་ཁྱབ་བརྡལ་བེད་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་ཆེ་གྲས་འཛུགས་ཆེད་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་རྨང་གཞི་ཡག་པོ་འདིང་དགོས། བཞི་ནི་ཁྱད་ལྡན་སྐྱེ་ཁམས་རིག་གནས་གནས་སྐོར་ཐོན་ལས་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས། མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་གཏོད་པའི་འཐབ་ཇུས་ནང་ཞུགས་ཏེ། ཡུལ་ཁོངས་ཧྲིལ་པོའི་གནས་སྐོར་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པའི་གོ་སྐབས་འཛིན་པ་དང་། མཚོ་སྔོན་པོ་དང་མདོ་ལ་རིང་མོའི་གནས་སྐོར་མཛེས་ལྗོངས་བར་ཁྱམས་རྩེ་གྲས་གཉིས་རྟེན་གཞི་རུ་བྱས་ཏེ། འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་ཀྱིས་ཡུལ་ཁོངས་ཧྲིལ་པོའི་གནས་སྐོར་འཕེལ་རྒྱས་བྱ་བའི་སྣེ་ཁྲིད་དེ་ཚོད་ལྟའི་ལས་དོན་ཟབ་སྤེལ་དང་། མཚོ་བྱང་སྐོར་བའི་མྱུར་བགྲོད་འགྲིམ་འགྲུལ་གྱི་གཞུང་ལམ་གསར་བཟོ་བྱེད་པ་དང་། སྟོང་སྐོར་ནས་ནུབ་མཚོ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་མགོ་འཛུགས་སྐྲུན་ཤུགས་ཆེན་པོས་སྐུལ་འདེད་དང་། མཁར་དམར་ནས་ཆབ་ཆ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་དུས་མགོའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས། “མྱུར་བར་སྐྱོད་པ”དང“དལ་མོར་གནས་སྐོར”གཉིས་ཟུང་དུ་སྦྲེལ་བའི་ཕྱོགས་བསྡུས་གནས་སྐོར་འགྲིམ་འགྲུལ་གྱི་དྲ་བ་གཅིག་གྱུར་ལག་བསྟར་བྱེད་པ་དང་། བྱང་འབྲེལ་ལྷོ་མཐུད་དང་ཤར་ནུབ་མཐུད་འབྲེལ་གྱི་གནས་སྐོར་མཛེས་ལྗོངས་གྱི་བགྲོད་ལམ་བསྐྲུན་དགོས། འཇུ་ལག་གི་ཤར་ཐང་གྲོང་རྡལ་དང་། མདོ་ལའི་མཁར་དམར་གྲོང་རྡལ། མདའ་བཞིའི་ནུབ་མཚོ་གྲོང་རྡལ་དང་ཤར་སྒོ་ཆེན་མོ། རྐང་ཚའི་མཚོ་འཁྱིལ་ཡུལ་ཚོ་དང་། ཁེ་རམ་ཐང་། མཚོ་མཆོད་ལབ་ཙེ་བཅས་ཀྱི་གནས་སྐོར་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་གཞི7གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། གནས་སྐོར་ལམ་ཐིག་རྩེ་གྲས་ཁག་གཅིག་མུ་མཐུད་དུ་གསར་སྤེལ་དང་འཛུགས་སྐྲུན་བྱས་ཏེ་ཀན་སུའུ་དང་མཚོ་སྔོན། མཚོ་སྔོན་དང་བོད་ལྗོངས། མཚོ་སྔོན་དང་སི་ཁྲོན། མཚོ་སྔོན་དང་ཞིན་ཅང་བཅས་གནས་སྐོར་གྱི་སྐོར་ལམ་ཆེན་མོའི་ནང་འདྲེས་པར་བྱེད་དགོས། ཨ་མྱེས་སྟོང་སོAཅན5རིམ་པའི་མཛེས་ལྗོངས་ཁུལ་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། གསེར་དངུལ་ཐང་དང་རྡུལ་ཕྲན་མཁར། འཇུ་ལག་སྐེ་ཚེ་མེ་ཏོག་དེ་Aཅན5རིམ་པའི་མཛེས་ལྗོངས་ཁུལ་དུ་གཏོད་རྒྱུར་སྐུལ་འདེད་བཏང་ནས། ལྟེ་བའི་མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། “མདེལ་གཉིས་སྐར་གཅིག”དང་། ནུབ་ལམ་དམག་དཔུང་། “དུས་རབས་ཀྱི་མིག་དཔེ”སྟེ་འབྲོག་པ་སྐལ་བཟང་གི་ཕ་ཡུལ་སོགས་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས། ཉིང་རྡུལ་མཚོན་ཆ་དང་པོའི་ཞིབ་བཟོ་རྟེན་གཞིའི་གནས་རྙིང་སྲུང་སྐྱོང་འཛུགས་སྐྲུན་བྱེད་པ་གཙོ་གནད་དུ་འཛིན་པ་དང་། སྐྱེ་ཁམས་གསར་བརྗེའི་གནས་སྐོར་གྱི“དྲ་དཔོན་གྲགས་ངོམས”ཀྱི་གནས་ཡུལ་ཁག་གཅིག་གཏོད་ནས་ཐོན་སྐྱེད་དང་། གནས་སྐོར། སློབ་གསོ། སྤྲོ་གསེང་། ཁམས་གསོ། ལུས་རྩལ་བཅས་གཞི་གཅིག་ཏུ་འདུས་པའི་གསར་བརྗེའི་རིག་གནས་གནས་སྐོར་བྱེད་སྟངས་གསར་བ་ཞིག་ཆགས་དགོས། ལྔ་ནི་ཞབས་ཞུ་ལས་རིགས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་དངོས་ཟོག་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། གྲོང་ཁྱེར་གྱི་ཚོང་ལས་དྲ་གནས་དང་། ཟོག་འདྲེན་སྒྲིག་བཀོད་ཀྱི་བར་སྟོང་བཀོད་སྒྲིག་ལེགས་བཅོས་བྱས་ནས། མྱུར་སྐྱེལ་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་ཤར་བགྲོད་ཐུབ་པའི་ཆུ་ཚད་མཐོ་རུ་གཏོང་དགོས། ནུབ་མཚོ་གོང་སྙོམས་ཚོང་ཁྲོམ་སོགས་བཅད་གྲངས་ཡན་གྱི་སྡེབ་ཚོང་དང་སིལ་འཚོང་ཁེ་ལས་ཀྱི་ཕྱིར་འཚོང་གཞི་ཁྱོན་དང་ཞབས་ཞུའི་ཆུ་ཚད་རྒྱ་སྐྱེད་དང་མཐོ་རུ་གཏོང་དགོས། གཙོ་གནད་བཟོ་སྐྲུན་གྱི་མ་རྒྱུའི་དགོས་མཁོ་གཞིར་བཟུང་ནས། གཙོ་གནད་ས་ཁུལ་དང་གཙོ་གནད་ལས་རིགས་བར་གྱི་ཐོན་ལས་སྦྲེལ་ཕྲེང་མཁོ་སྤྲོད་སྦྲེལ་མཐུད་ལས་སྟེགས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་དགོས། ས་ཁོངས་ཐོན་ཁུངས་ལུགས་མཐུན་བཀོད་སྒྲིག་བྱས་ཏེ། འཇུ་ལག་དང་མདོ་ལའི་ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས་ཀྱི་ཕྱིར་འཚོང་ཡོང་འབབ་མཐོ་རུ་གཏོང་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཡིད་རྟོན་དངུལ་བུན་གྱི་གཞི་ཁྱོན་བརྟན་པོར་འཕར་བ་རྒྱུན་འཁྱོངས་བྱེད་དགོས། འགན་བཅོལ་ལས་རིགས་ཀྱི་ཞབས་ཞུའི་ཁྱབ་ཁོངས་རྒྱུན་མཐུད་ནས་རྒྱ་ཆེར་བཏང་སྟེ། བོད་ལུག་དང་ནོར་གནག་གི་འགན་བཅོལ་འཕེལ་རྒྱས་གཏོང་བ་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་འགན་བཅོལ་སྣ་ཁ་དང་ཁྱབ་ཁོངས་གསར་གཏོད་དང་ཁྱབ་གདལ་བཏང་ནས། འགན་བཅོལ་ལས་རིགས་ཀྱི་འཕར་ཚད་བརྟན་པོ་ཡོང་བ་བྱེད་དགོས།

(བཞི།)མཉམ་ལས་མཉམ་འགུལ་འབུར་དུ་ཐོན་པར་བྱས་ཏེ། ལས་གཞིའི་དངུལ་གཏོང་ལ་ཕྱོགས་ཡོངས་ནས་ཤུགས་འདོན་པར་སྐུལ་འདེད་གཏོང་དགོས། ལས་གཞི་དེ་འཆར་འགོད་ལྟར་ལག་བསྟར་བྱེད་པ་དང་། མ་དངུལ་གྱི་རྒྱུ་རྐྱེན་དེ་ལས་གཞིའི་གནས་ཚུལ་ལྟར་བཀོལ་སྤྱོད་བྱེད་པ་མཐའ་འཁྱོངས་བྱེད་པ་དང་། གནད་འགག་ལ་དམིགས་ནས་འགག་སྒྲོལ་དམ་འཛིན་བྱེད་པ། དངུལ་གཏོང་དེ་བརྟན་བརླིང་ཁྲོད་གོང་འཕར་ཡོང་བར་སྐུལ་འདེད་གཏོང་དགོས། གཅིག་ནི་ལས་གཞིའི་དུས་མགོར་དམ་འཛིན་ནན་མོ་བྱེད་དགོས། རྒྱལ་ཁབ་ཀྱི་དངུལ་གཏོང་ཁ་ཕྱོགས་གལ་ཆེན་ལ་དམིགས་པ་དང་། གོང་འོག་འབྲེལ་མཐུད་དང་འོག་ལ་འབྲེལ་གཏུག་བྱེད་པར་ཤུགས་སྣོན། སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང་། ཡུལ་ཁོངས་ཧྲིལ་པོའི་གནས་སྐོར། ནུས་ཁུངས་གཙང་མ་སོགས་ལས་གཞི་གལ་ཆེན་གྱི་དུས་མགོར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། བ་ལྡིང་ཆུ་དང་ཙོང་ཆུའི་འབབ་ཡུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་། མདའ་བཞིའི་པའོ་ཧུའུ་ཐུའུ་ཆུ་མཛོད་སོགས་ལས་གཞི་གལ་ཆེན་གྱི་དུས་མགོར་གཙོ་གནད་དུ་བཟུང་ནས་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་གི་སྔོན་རྩིས་ནང་གི་དངུལ་གཏོང་དང་། བོད་འབྲེལ་ཆེད་སྤྱོད་མ་དངུལ། སྲིད་གཞུང་གི་ཆེད་དོན་བུན་འཛིན། སྲིད་ཇུས་རང་བཞིན་གྱི་རྒྱབ་སྐྱོར་ལས་གཞི་བཅས་རེ་ཞུ་བརྩོན་ལེན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་སྟེ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་མ་དངུལ་རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས། གཉིས་ནི་ལས་གཞིའི་འཆར་འགོད་དམ་འཛིན་ནན་མོ་བྱེད་དགོས། “ས་ཁུལ་བཞིའི”འཛུགས་སྐྲུན་དང“དཔེ་སྟོན་ཞིང་ཆེན་ལྔ”གསར་སྐྲུན་བྱེད་པར་དམིགས་ནས། ཞིང་ཆེན་དང་ཁུལ་གྱི“ལོ་ལྔ་ཚན་བཅུ་བཞི་པའི”གལ་ཆེའི་ལས་གཞི་མཛོད་དང། ལས་གཞི་གལ་ཆེན་གསོག་འཇོག་དང་རིམ་མཐུད་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། “གསར་པ་གཉིས་དང་གལ་ཆེན་གཅིག”དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། སྤྱི་ཚོགས་བྱ་གཞག ཐོན་ལས་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ལས་གཞི་གལ་ཆེན་ཁག་གཅིག་ཇུས་འགོད་བྱས་ཏེ། རང་ཁུལ་གྱི་ལས་གཞི་དེ་བས་མང་བ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལས་གཞི་ནང་འཇུག་པར་བརྩོན་ལེན་བྱེད་དགོས། གསུམ་ནི་ལས་གཞི་ལག་བསྟར་དམ་འཛིན་ནན་མོ་བྱེད་དགོས། ལས་གཞི་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་བྱུང་བའི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་བྱས་ནས་ཐག་བཅད་དེ། ལས་གཞི་འཛུགས་སྐྲུན་དང་མ་དངུལ་བེད་སྤྱོད་བྱེད་ཚད་མགྱོགས་སུ་བཏང་ནས། ཆེད་སྤྱོད་མ་དངུལ་གྱི་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་དགོས། མཚོ་བྱང་དང་ཧྲན་ཏུང་སྐྱེ་དངོས་གླིང་ཁུལ་གྱི་ཞིང་ཕྱུགས་ལས་ཚན་རྩལ་གསར་གཏོད་ཚད་ལྡན་ཅན་གྱི་གསོ་སྐྱོང་རྟེན་གཞི་དང་། མདོ་ལ་རྫོང་གི་གངས་ཆབ་ཕྱོགས་བསྡུས་ཞབས་ཞུ་རྟེན་གཞི། འཇུ་ལག་གི་རྒྱ་མདོ་ཆུ་མཛོད་སོགས་ཁུལ་རིམ་པའི་གཙོ་གནད་ལས་གཞི་འཛུགས་སྐྲུན་གནད་དུ་བཟུང་ནས་སྐུལ་འདེད་གཏོང་དགོས། བཞི་ནི་ལས་གཞི་ལྟ་སྐུལ་མཛུབ་ཁྲིད་ལ་དམ་འཛིན་ནན་མོ་བྱེད་དགོས། ཁུལ་རིམ་པའི་མགོ་ཁྲིད་ཀྱིས་འགན་གཙང་ལེན་བྱེད་པའི་མཉམ་འབྲེལ་ལས་གཞིའི་ཕན་ནུས་འདོན་སྤེལ་བྱས་ཏེ། དཔྱད་དཔོག་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། ནུས་ཁུངས་གཙང་མ་དང་། འཕྲོད་བསྟེན་བདེ་ཐང་གི་སྤུས་ཚད་མཐོར་གཏོང་བཟོ་སྐྲུན། མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ལས་གཞི་གལ་ཆེན་ཕྱོགས་ཡོངས་ནས་ལས་ཀ་བསྐྱར་འཛུགས་བྱ་རྒྱུར་མཐུན་སྦྱོར་སྐུལ་འདེད་བཏང་ནས། མ་དངུལ་ནུས་ལྡན་གཏོང་བའི་ཆུ་ཚད་ཇེ་མཐོ་གཏོང་བར་ཁྱོན་ཡོངས་ནས་ཁག་ཐེག་བྱ་དགོས།

(ལྔ།)ཟུར་ངོས་ཟུང་འབྲེལ་འབུར་དུ་ཐོན་པར་བྱས་ཏེ། ཡུལ་ཁོངས་དང་མཁར་གྲོང་འཕེལ་རྒྱས་ཁྱོན་ཡོངས་ནས་ལེགས་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། ཡུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་སྤྱིའི་བཀོད་པ་དོན་འཁྱོལ་དང་། མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་སྒྲིག་ལུགས་འཐུས་ཚང་དུ་གཏོང་བ། ཡུལ་ཁོངས་མཐུན་སྦྱོར་མཉམ་འགུལ་དང་། གྲོང་ཁྱེར་དང་ཡུལ་ཚོ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། མཛེས་སྡུག་ལྡན་པའི་མཁར་གྲོང་དང་མཛེས་སྡུག་ལྡན་པའི་ཡུལ་སྡེ་དང་། མཛེས་སྡུག་ལྡན་པའི་རི་ཀླུང་དང་མཛེས་སྡུག་ལྡན་པའི་མི་སྡོད་ཁོར་ཡུག་བཅས་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་དགོས། གཅིག་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་དགོས། མཐའ་འཁོར་གྱི་ཞིང་ཆེན་དང་ཁུལ། གྲོང་ཁྱེར་བཅས་ཀྱི་ཐོན་ལས་མཐུན་སྦྱོར་ལ་ཤུགས་བསྣན་ནས། ནུས་ཁུངས་ཐོན་ཁུངས་དེ་ཡུལ་ཁོངས་ལས་བརྒལ་བའི་གསར་སྤེལ་གཞན་སྒྱུར་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། རྨ་ཆུའི་འབབ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལན་གྲུ་དང་ཟི་ལིང་གྲོང་ཁྱེར་ཁྱུ་ཚོགས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”ལག་བསྟར་ཇུས་གཞི་དོན་འཁྱོལ་བྱེད་དགོས། འབྲོང་ཡུལ་གྲོང་ཁྱེར་དང་མཉམ་སྐྲུན་མཉམ་སྐུལ་མཉམ་ཕན་གྱི་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། མཉམ་ལས་བྱེད་པའི་ལས་དོན་ཁག་ཅིག་ཇུས་འགོད་བྱས་ཏེ། ས་ཁུལ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཉམ་དུ་དར་རྒྱས་འགྲོ་བ་མངོན་འགྱུར་བྱ་དགོས། གཉིས་ནི་ཡུལ་སྡེ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་ཡུལ་སྡེ་དར་སྤེལ་གཉིས་ཀྱི་ནུས་ལྡན་འབྲེལ་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། ཡང་བསྐྱར་དབུལ་འགྱུར་གཏན་འགོག་གི་འགུལ་རྣམ་ཞིབ་དཔྱད་དང་དམིགས་གཏད་རང་བཞིན་གྱི་རོགས་སྐྱོར་ལ་ཤུགས་སྣོན། ལས་ཞུགས་མུག་སྐྱོབ་ཤུགས་ཆེན་པོས་ཁྱབ་བརྡལ་གཏོང་དགོས། མུ་མཐུད་དུ་འཛད་སྤྱོད་རོགས་སྐྱོར་ལག་བསྟར་བྱེད་པ་དང་། ཡུལ་སྡེ་དར་སྤེལ་གྱི་དཔེ་སྟོན་ས་ཚིགས21འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། འཇུ་ལག་རྫོང་ཤར་ཐང་གྲོང་རྡལ་གྱི་གསེར་ལུང་སྡེ་བ་དང་མདོ་ལ་རྫོང་རྫ་དམར་ཡུལ་ཚོའི་སྒོ་མེ་སྡེ་བ་ནས་ཞིང་ཆེན་རིམ་པའི་ཡུལ་སྡེ་དར་སྤེལ་དཔེ་སྟོན་ས་ཚིགས་གཉིས་ཀྱི་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱེད་པ་དང་། གྲོང་གསེབ་གནས་སྐོར་དང་། རིག་གནས་ཉམས་ལེན། བདེ་ཐང་ཁམས་གསོ་སོགས་ཀྱི་ལས་རིགས་གསར་བ་ཤུགས་ཆེན་པོས་འཕེལ་རྒྱས་བཏང་ནས། ཡུལ་སྡེ་དར་སྤེལ་གྱི“ཡུལ་ཚོ་བརྒྱ་དང་སྡེ་བ་སྟོང”གི་བཟོ་སྐྲུན་གྱི་ཕན་ནུས་ཐོན་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། གསུམ་ནི་རྣམ་པ་གསར་བའི་མཁར་གྲོང་གི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། ཞིང་ཆེན་དང་པུའུ་ཡིས་ས་མཐོའི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་གྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། “ལྟེ་བ་གཅིག་དང་གྲོང་ཁྱེར་གསུམ་དང་ས་ཚིགས་མང་པོའི”མཁར་གྲོང་གི་འཕེལ་རྒྱས་བར་སྟོང་བཀོད་སྒྲིག་ལ་དམིགས་ནས། མཁར་གྲོང་གི་བགྲོད་ལམ་དང་། ས་འོག་གི་སྦུབས་ལམ། ཆུ་མཁོ་འབུད། གྲོང་ཁྱེར་གྱི་སྐྱེད་ཚལ་མཛེས་ལྗོངས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་དགོས། ནུབ་མཚོ་གྲོང་རྡལ་གྱི་རྐང་ཚ་ལམ་དང་། མཐོན་པོ་ལམ། མདོ་ལ་ལམ། དམག་སྤྱི་ལམ་དང་དེ་བཞིན་མཁར་གྲོང་གི་མཁར་ཤར་མཐོར་གཏོང་བཟོ་སྐྲུན། མདོ་ལ་རྫོང་གི་གད་སྙིགས་སྦེད་ས་གཉིས་པའི་འཛུགས་སྐྲུན་ལས་གཞི་དང་། མདོ་ལ་རྫོང་གི་ཨ་མྱེས་སྟོང་སོའི་བྱང་འདབས་ཁུལ་གྱི་སྐྱེ་ཁམས་སླར་གསོ་དང་དེ་བཞིན་གྲོང་ཁྱེར་གྱི་ཉམས་གསོའི་དུས་ཐེངས་གཉིས་པའི་བཟོ་སྐྲུན་བཅས་གཙོ་གནད་དུ་བཟུང་ནས་ལག་བསྟར་ཡག་པོ་བྱས་ཏེ། མཁར་གྲོང་གི་ཞབས་ཞུའི་ནུས་པ་དང་ཕྱོགས་བསྡུས་ཐེག་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། བཞི་ནི་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་གཏོང་བའི་ལོ་ལྔའི་འགུལ་སྐྱོད་ཟབ་སྤེལ་བྱས་ནས། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྒྲིག་དང་རོང་འབྲོག་ཁུལ་གྱི་སྤྱོད་ཁང་གསར་བརྗེར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་བཅོས་སྐྱོང་གི་སྐུལ་འདེད་མགྱོགས་སུ་བཏང་ནས། གཞིས་ཁུལ་ཆུང་བ་དང་སྡོད་ཁང་རྙིང་པའི་སྒྱུར་བཀོད་སོགས་ཀྱི་ལས་གཞི་བརྩོན་ལེན་བྱས་ཏེ་མི་སྡོད་ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་དགོས། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་ཚོ་འཛུགས་སྐྲུན་གྱི་ལས་གཞི་རེ་ཞུ་བྱེད་པ་དང་ཐོན་སྐྱེད་བཟང་ཞིང་ཐོན་ལས་ཆེ་བ། ཁོར་ཡུག་ལེགས་ཤིང་འཚོ་བ་སྐྱིད་པ། ཡུལ་སྲོལ་བཟང་ཞིང་བཅོས་སྐྱོང་གསར་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས།

(དྲུག)དམངས་ཀྱི་འཚོ་ཚིས་འབུར་དུ་ཐོན་པར་བྱས་ཏེ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། དམངས་ཀྱི་འཚོ་ཚིས་དེ་འཕེལ་རྒྱས་ཀྱི་ཐོག་མར་འཇོག་པ་དང་། བཅོས་སྒྱུར་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་མཐའ་འཁྱོངས་བྱས་ཏེ། དམངས་འཚོའི་ཁེ་ཕན་མང་ཙམ་གཉེར་བ་དང་། དམངས་འཚོའི་སེམས་ཁྲལ་མང་ཙམ་སེལ་བ། དམངས་འཚོའི་ལས་དོན་མང་ཙམ་སྒྲུབ་དགོས། གཅིག་ནི་ལས་ཞུགས་ཡོང་འབབ་འཕར་ནས་ཕྱུག་འགྱུར་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ལས་ཞུགས་སྔོན་དུ་འཇོག་པ་དང་ཁྲིད་ཕྱོགས་ལ་ཤུགས་སྣོན་དང་། སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་དང་། ལས་བྲལ་ལས་ཤོར་མི་སྣ། དམག་འཁྱུར་དམག་མི་སོགས་ཚོགས་སྤྱི་གཙོ་བོའི་ལས་ཞུགས་ལ་དམ་འཛིན་ཡག་པོ་བྱེད་པ་དང་། “1+N”གྱི་ལག་རྩལ་གསོ་སྦྱོང་གི་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་ནས། ལས་རིགས་རྩལ་ནུས་མཐོར་གཏོང་གི་ལོ་གསུམ་འགུལ་སྐྱོད་ཟབ་སྤེལ་བྱེད་དགོས། འཇུ་ལག་གི་འོ་ཁ་དང་བོད་ཀྱི་འཚེམ་དྲུབ་སོགས་མཚོ་བྱང་གི་ཁྱད་ལྡན་ཐོན་ལས་དང་འཚམ་པའི་ཆེད་དོན་ནུས་པའི་གསོ་སྦྱོང་གསར་གཏོད་བྱས་ནས། ཚོགས་སྤྱི་རིགས་སོ་སོའི་ལས་ཞུགས་ཡོང་འབབ་འཕར་སྣོན་བྱེད་པར་སྐུལ་འདེད་གཏོང་དགོས། ཡོང་འབབ་འབྲིང་གྲས་ཚོགས་སྤྱི2035ལོར་ལྡབ་འཕར་འཆར་གཞི་ལག་བསྟར་བྱས་ནས། སྡོད་མིའི་ཡོང་འབབ་འཕར་སྣོན་གཏོང་བའི་བྱེད་ཐབས་ཞིབ་ཕྲ་དང་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས། གཉིས་ནི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། སློབ་རའི་སློབ་གསོ་འཐབ་ར་གཙོ་བོ་དང་གནད་འགག་ཡིན་པའི་བྱེད་ནུས་ལ་ཤུགས་བསྣན་ནས། “གཉིས་འཕྲི”སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། “དོ་དམ་ཁག་ལྔའི”ལས་དོན་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་ཤུགས་སྣོན་དགོས། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་གདེང་འཇོག་མ་ལག་དང་ཁུལ་དང་རྫོང་། སློབ་གྲྭ་ཡོངས་ཀྱི་རིམ་པ་གསུམ་གྱི་གསོ་སྐྱོང་གསོ་སྦྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། དགེ་རྒན་གྲགས་ཅན་གསོ་སྐྱོང་བྱེད་པའི་འཆར་གཞི་ལག་བསྟར་བྱེད་པ་དང་། “དགེ་རྒན་གྲགས་ཅན་གྱི་ལས་ཤག”འཛུགས་སྐྲུན་བྱེད་དགོས། སློབ་གཙོ་གྲགས་ཅན་ནང་འདྲེན་བྱེད་པའི་སྒྲིག་སྲོལ་འཚོལ་ཞིབ་བྱས་ཏེ་འཛུགས་པ་དང་། མུ་མཐུད་དུ་ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་མཐོ་རིམ་སློབ་གྲྭས་མཚོ་བྱང་དུ་དམིགས་བཀར་སློབ་མ་བསྡུ་བའི་འཆར་གཞི་ལག་བསྟར་བྱེད་དགོས། སློབ་སྔོན་སློབ་གསོའི་སྤྱི་པའི་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་བ་དང་། དམའ་འབྲིང་དང་མཐོ་འབྲིང་གི་རྒྱུགས་གཞི་ལ་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་བྱེད་དགོས། ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། རྨང་གཞིའི་སློབ་གསོ་བརྡ་འཕྲིན་ཅན་གྱི་འཐབ་ཇུས་འགུལ་སྐྱོད་ལག་བསྟར་བྱེད་པ། ནུས་ཤུགས་ཡོད་རྒུས་ཧྲན་ཏུང་མཚོ་སྔོན་མཐོ་རིམ་སློབ་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཁུལ་ཡོངས་ཀྱི་སློབ་གསོའི་ལས་དོན་ཆུ་ཚད་མུ་མཐུད་དུ་ཇེ་ལེགས་སུ་གཏོང་དགོས། གསུམ་ནི་སྨན་བཅོས་འཕྲོད་བསྟེན་གྱི་འགན་སྲུང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་ལས་དོན་ལ་ཤུགས་སྣོན་དང་པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས། “བདེ་ཐང་མཚོ་བྱང2030”འགུལ་སྐྱོད་འཆར་གཞི་དང་ཟུང་འབྲེལ་བྱས་ཏེ། དམངས་ཡོངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བའི་འགུལ་སྐྱོད་ཁག19ལག་བསྟར་བྱེད་པ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས། “སྨན་ལྔའི”གཅིག་གྱུར་མཉམ་འགུལ་བྱེད་པ་ཤུགས་སྣོན་དང་། རྫོང་བཞི་བོའི“གཅིག་གྱུར་དྲུག”གི་རྫོང་ཁོངས་ཀྱི་དམ་ཟབ་རིགས་ཀྱི་སྨན་བཅོས་ཐུན་མོང་སྒྲིག་གཞིའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཀྲུང་ལུགས་དང་བོད་སྨན་གྱི་སྨན་རྫས་མ་ལག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་དང་། “སྨན་པ་གྲགས་ཅན་དང་། སྨན་ཁང་གྲགས་ཅན། ཚན་ཁག་གྲགས་ཅན། སྨན་སྣ་གྲགས་ཅན”གྱི་མཚོ་བྱང་གི་སྤུས་རྟགས་གནད་དུ་བཟུང་ནས་སྐྲུན་དགོས། མཚོ་བྱང་ཁུལ་གྱི་འཕྲོད་བསྟེན་འཚུབ་བསྟུན་དངོས་ཟོག་གསོག་ཉར་མཛོད་ཁང་སོགས་ཀྱི་འཛུགས་སྐྲུན་ལས་གཞིའི་ལག་བསྟར་བྱེད་ཚད་མགྱོགས་སུ་གཏོང་དགོས། སྨན་བཅོས་ཤེས་ལྡན་པ་རོགས་སྐྱོར་དང་གསོ་སྦྱོང་གི་ལས་དོན་ལེགས་པར་སྒྲུབ་པ་དང་། མང་ཚོགས་ཀྱིས་རྫོང་ནང་ཁུལ་དུ་སྨན་བསྟེན་བྱེད་ཚད90%ཡན་ལ་སླེབས་པར་བརྩོན་ནས། ནད་ཚབས་ཆེན་ཕོག་པའི་ནད་པ་གཞི་རྩའི་ཆ་ནས་རྫོང་ནས་མི་འབུད་པ་བྱེད་དགོས། བཞི་ནི་སྤྱི་ཚོགས་འགན་སྲུང་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། སྨན་བཅོས་འགན་བཅོལ་ཐེབས་རྩའི་ཆེད་དམིགས་བཅོས་སྐྱོང་འགུལ་སྐྱོད་ཟབ་སྤེལ་བྱེད་པ་དང་། DRGདངུལ་སྤྲོད་སྟངས་བཅོས་སྒྱུར་བྱེད་མགོ་ཚུགས་པའི་དུས་མགོའི་གྲ་སྒྲིག་སྤེལ་དགོས། སྨན་བཅོས་འགན་བཅོལ་ཆ་འཕྲིན་ཅན་གྱི་ལས་སྒོ་ཁྱབ་གདལ་གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་མགོ་འཛུགས་པ་དང་། འབྲོང་ཡུལ་དང་ཞི་ཨན། ཁྲིན་ཏུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར། ས་ཁུལ་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ལྗང་མདོག་བགྲོད་ལམ་འཛུགས་པར་སྐུལ་འདེད་མགྱོགས་སུ་གཏོང་དགོས། མ་མཐའི་འཚོ་རྟེན་འགན་སྲུང་གི་མ་མཐའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒན་གསོ་དང་བུ་བཅོལ་སོགས་ཞབས་ཞུ་མཁོ་སྤྲོད་ཀྱི་ནུས་པ་རྒྱ་ཆེར་གཏོང་བ། རྒྱལ་ཡོངས་ཀྱི་ཁྱིམ་སྡོད་དང་གཞིས་ཁུལ་གྱི་རྒན་གསོའི་ཚོད་ལྟའི་ཁུལ་གྱི་ལས་དོན་ཁག་བཞི་པ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱེད་དགོས། དམངས་ཡོངས་ལ་ཁྱབ་པ་དང་། མཁར་གྲོང་གཅིག་གྱུར་འཆར་འགོད། དྲང་སྙོམས་གཅིག་གྱུར། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་དགོས། ལྔ་ནི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་བ་དང་། རིག་གནས་དམངས་ཕན་བཟོ་སྐྲུན་ཤུགས་ཆེན་པོས་ལག་བསྟར་བྱེད་པ། དམངས་ཡོངས་ཀྱི་དཔེ་ཀློག་དང་དམངས་ཡོངས་ཀྱི་སྒྱུ་རྩལ་ཁྱབ་གདལ་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་དགོས། མཚོ་བྱང་ཁུལ་གྱི་རྨ་ཆུ་འབབ་ཡུལ་གྱི་གཙོ་གནད་རིག་དངོས་སྲུང་སྐྱོང་དང་ཉམས་གསོ། མེ་ཟོན་བཅས་ཀྱི་བཟོ་སྐྲུན་གཙོ་གནད་དུ་བཟུང་ནས་ལག་བསྟར་བྱས་ཏེ། ཤུལ་བཞག་ཐོན་ཁུངས་ལུགས་མཐུན་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཧུར་ཐག་གིས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་སྤེལ་བ་དང་། ལུས་རྩལ་དང་སློབ་གསོ་མཉམ་འདྲེས་བྱེད་པར་ཤུགས་སྣོན། ལུས་རྩལ་ཐོན་ལས་གསོ་སྐྱོང་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅོ་བརྒྱད་པའི་ལུས་རྩལ་འགྲན་ཚོགས་དང་སྐབས་བཞི་པའི་དམངས་ཡོངས་ཀྱི་ལུས་སྦྱོང་འགྲན་ཚོགས་ཆེན་མོ་སོགས་འགྲན་བསྡུར་བྱེད་སྒོ་སྣ་ཚོགས་ནང་ཞུགས་པར་སྒྲིག་འཛུགས་བྱེད་དགོས། རླུང་འཕྲིན་བརྙན་འཕྲིན་གྱི་གཙོ་གནད་དམངས་ཕན་བཟོ་སྐྲུན་ལག་བསྟར་བྱས་ནས། ཁུལ་ཡོངས་ཀྱི་འཚུབ་བསྟུན་རླུང་འཕྲིན་མ་ལག་འཐུས་ཚང་དུ་བཏང་སྟེ། རླུང་འཕྲིན་བརྙན་འཕྲིན་གྱི་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས། དྲུག་ནི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ།  འབྲུ་རིགས་བདེ་འཇགས་ལ་ཕྱོགས་ཡོངས་ནས་འགན་ལེན་བྱེད་དགོས། དམངས་འཚོའི་ཚོང་ཟོག་གལ་ཆེན་གྱི་རིན་གོང་སྙོམས་སྒྲིག་ལམ་སྲོལ་འཐུས་ཚང་དུ་བཏང་ནས། རྟོག་འཇལ་དང་སྔོན་བརྡ་གཏོང་བར་ཤུགས་བསྣན་ནས་ཚོང་རའི་མཁོ་སྤྲོད་ཡག་པོ་བྱེད་དགོས། སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་འགན་སྲུང་ཚད་གཞི་དེ་ཟོག་གོང་འཕར་བ་དང་འབྲེལ་མཐུད་བྱེད་པའི་མཉམ་འགུལ་སྒྲིག་སྲོལ་ལག་བསྟར་བྱས་ནས། ཡོང་འབབ་དམའ་བའི་ཚོགས་སྤྱིའི་འཚོ་བར་འགན་ལེན་ནུས་ལྡན་བྱེད་དགོས། འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་པ་དང་། འབྲུ་རིགས་ཉོ་ཚོང་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་ཆེད་དོན་བཅོས་སྒྲིག་ལས་དོན་རྒྱུན་མཐུད་ནས་ཡག་པོ་སྤེལ་བ། འབྲུ་རིགས་འཁོར་རྒྱུག་དང་འཚུབ་བསྟུན་འགན་སྲུང་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྙོམས་སྒྲིག་ནུས་པ་ཆེ་རུ་བཏང་ནས་འབྲུ་རིགས་བདེ་འཇགས་ཀྱི་སྲུང་རགས་བརྟན་པོ་བསྐྲུན་དགོས།

(བདུན།)ནུས་པ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་འབུར་དུ་ཐོན་པར་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་ཀྱི་ནུས་པ་དང་རིམ་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། བཅོས་སྒྱུར་ཀྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་བར་ཤུགས་བསྣན་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་མཐུད་ནས་རྒྱ་སྐྱེད་དགོས། གཅིག་ནི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ནས་ཇེ་ལེགས་སུ་གཏོང་དགོས། “གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་ཟབ་སྤེལ་དང་། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་བྱས་ཏེ། ཚོང་གཉེར་ཁོར་ཡུག་གི་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་སྤེལ་དགོས། སྲིད་དོན་ཞབས་ཞུའི“དྲ་གཅིག་ཀུན་ཁྱབ”དང“ཞིང་ཆེན་བརྒལ་ནས་གཞུང་དོན་སྒྲུབ་པ།” “ངོ་འཕྲད་མི་དགོས་པར་བཤེར་མཆན་འགོད་པ”བཅས་ལ་རྒྱུན་མཐུད་ནས་སྐུལ་འདེད་གཏོང་དགོས། དངུལ་གཏོང་ལས་གཞིའི་བཤེར་མཆན་འགོད་པར་སྐུལ་འདེད་བཏང་ནས། བརྒྱུད་རིམ་ཧྲིལ་པོར་དྲ་ཐོག་བཤེར་མཆན་འགོད་ཚད་མཐོ་རུ་གཏོང་དགོས། གཉིས་ནི་ཁྲལ་འཕྲི་དངུལ་གཅོག་གི་སྲིད་ཇུས་རྒྱུན་མཐུད་ནས་དོན་འཁྱོལ་བྱེད་དགོས། རྒྱལ་ཁབ་དང་ཞིང་ཆེན་གྱིས་བཏོན་པའི་ཁྲལ་འཕྲི་དངུལ་གཅོག་གི་བྱེད་ཐབས་སོ་སོར་ཧུར་ཐག་གིས་རྗེས་འབྲངས་དང་དོན་འཁྱོལ་བྱས་ཏེ། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཁག་ཆད་ལུས་མེད་པར་ལག་བསྟར་ཡག་པོ་བྱས་ནས། ཚོང་རའི་བྱེད་པོ་དང་ལྷག་པར་དུ་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས། སྒེར་གྱི་བཟོ་ཚོང་དུད་ཚང་ལ་སྲིད་ཇུས་ཀྱི་ཁེ་སྤོགས་རྒྱུན་མཐུད་ནས་ལོངས་སུ་སྤྱོད་དུ་འཇུག་དགོས། གསུམ་ནི་དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱུན་མཐུད་ནས་རྒྱབ་སྐྱོར་བྱེད་དགོས། ནོར་སྲིད་དངུལ་རྩའི་སྲིད་ཇུས་ཀྱི་གནད་སྨིན་རང་བཞིན་དང་ནུས་ལྡན་རང་བཞིན་སྔར་བས་ཆེ་རུ་བཏང་ནས། ནོར་སྲིད་དངུལ་རྩའི་མཐུན་སྦྱོར་གསར་གཏོད་བྱས་ཏེ། དངོས་གཞིའི་དཔལ་འབྱོར་གྱི་ནང་གནས་སྒུལ་ཤུགས་སྐུལ་སློང་བྱེད་དགོས། པེ་རུན་གཞུང་གཏོགས་མ་དངུལ་བསྡུ་རུབ་ཁག་ཐེག་ཀུང་སི་དང་དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུ་ལས་སྟེགས་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་དང་། ནོར་སྲིད་ཀྱིས་སྐྱེད་ཀའི་ཁ་གསབ་རོགས་དངུལ། ཞིང་ལས་འགན་བཅོལ་སོགས་ནོར་སྲིད་དངུལ་རྩའི་ཡོ་བྱད་བཀོལ་སྤྱོད་ལེགས་པོ་བྱེད་པ་དང་། ད་ཡོད་ཀྱི་ནོར་སྲིད་དངུལ་རྩའི་ཐོན་རྫས་ལེགས་སྒྲིག་བྱས་ཏེ། “ཞིང་ལས་ཀྱི་འགན་བཅོལ་གསར་བ”དང“འོད་ཤུགས་ཀྱི་དངུལ་བུན”སོགས་ཁྱད་ཆོས་ལྡན་པའི་དངུལ་རྩའི་ཞབས་ཞུ་ཐོན་རྫས་འཚོལ་ཞིབ་བྱས་ཏེ་བཀྲམ་པ་དང་། དོན་དངོས་ཐོག་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་དང“ཞིང་གསུམ”གྱིས་མ་དངུལ་བསྡུ་གཏོང་བྱེད་དཀའ་བ་དང་། མ་དངུལ་བསྡུ་གཏོང་གི་རིན་དཀའ་བའི་གནད་དོན་ཐག་གཅོད་པར་ནུས་ཤུགས་གང་ལེགས་འདོན་དགོས། བཞི་ནི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་རྒྱུན་མཐུད་ནས་མཐོ་རུ་གཏོང་དགོས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་རྒྱུད་དང་ནུབ་རྒྱུད་མཉམ་ལས་ཟབ་སྤེལ་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་དང་། ཁམས་གསོ། རིག་གནས་གནས་སྐོར། གསོ་སྦྱོང་། ཁྱད་ལྡན་འདེབས་འཛུགས་བཅས“ཐོན་ལས་ཆེན་པོ་ལྔ་འཕེལ་རྒྱས་གཏོང་བའི་རྒྱབ་སྐྱོར་འཆར་གཞི”ལག་བསྟར་བྱེད་ཚད་མགྱོགས་སུ་བཏང་ནས། ཁྱད་ལྡན་ཐོན་རྫས་ཀྱི་སྦྲེལ་ཕྲེང་ཇེ་རིང་དང་། ཇེ་བཟང་། ཇེ་སྟོབས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཧྲན་ཏུང་ཞིང་ཆེན་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཀྲུང་དབྱང་ཁེ་ལས་བར་གྱི་ཐོན་ལས་མཉམ་ལས་ལ་ཤུགས་བསྣན་ནས། མདའ་བཞི་རྫོང་དང་རྐང་ཚ་རྫོང་གི་སྐྱེ་ཁམས་ཕྱུགས་ལས་གཞི་ཁྱོན་ཅན་གྱི་གསོ་སྤེལ་རྟེན་གཞི་དང་ཁུལ་ཡོངས་ཀྱི་རིག་ནུས་བདེ་ཐང་ཆ་འཕྲིན་ཅན་གྱི་ལས་སྟེགས་སོགས་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མཚོ་བྱང་གི་ཁྱད་ལྡན་སྤུས་ལེགས་ཐོན་རྫས་འགྲེམས་ཚོང་ལྟེ་གནས་གཉེར་སྐྱོང་བྱེད་མགོ་ཚུགས་པར་སྐུལ་འདེད་བཏང་སྟེ། ནུབ་རྒྱ་མཚོ་ཆེན་མོའི་ཉ་སལ་མོན་གྱི“སྐམ་མཚོའི་རྒྱུན་མཐུད་གསོ་སྤེལ”བྱེད་སྟངས་གསར་པ་འཚོལ་ཞིབ་དང་འཕེལ་རྒྱས་གཏོང་དགོས། སློབ་གསོ་དང་། སྨན་བཅོས། རིག་གནས་གནས་སྐོར། སྐྱེ་ཁམས་སོགས་གཙོ་གནད་ཁྱབ་ཁོངས་ལ་རྒྱུན་མཐུད་ནས་དོ་ཁུར་དང་། ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་ཞུགས་དང་སྨན་བཅོས་ཆ་རྐྱེན་ལེགས་སུ་གཏོང་དགོས།

(བརྒྱད།)མི་དམངས་བླ་ན་མེད་པ་འབུར་དུ་ཐོན་པར་བྱས་ཏེ། གནོད་འཚེ་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་བྱེད་པ་ཕྱོགས་ཡོངས་ནས་གོ་རིམ་ལྡན་པར་སྐུལ་འདེད་གཏོང་དགོས། མ་མཐའི་བསམ་བློ་མཐའ་འཁྱོངས་དང་། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་བཏང་ནས། གོང་འོག་མཉམ་འགུལ་དང་། མཉམ་འཛིན་སྤྱི་སྒྲུབ། གནོད་འཚེ་བྱུང་རྗེས་ཀྱི་བསྐྱར་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་འགན་ལེན་ནུས་ལྡན་བྱེད་དགོས། དོགས་ཟོན་བྱེད་ཐབས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཞོར་ཐོན་གནོད་འཚེ་ཐོན་རྒྱུ་སྔོན་འགོག་བྱེད་དགོས། གནོད་སྐྱོན་ཕོག་པའི་ཁང་པ་དང་སྒྲིག་བཀོད་ཉམས་གསོ་དང་བརྟན་པོར་གཏོང་བ་སོགས་ཀྱི་ལས་དོན་དམ་འཛིན་བྱས་ནས། གོང་འོག་འབྲེལ་མཐུད་དང་མཐུན་སྦྱོར་ལ་ཤུགས་སྣོན་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་སོགས་ཞན་ཆ་གསབ་ནས་བཀོད་སྒྲིག་བྱེད་པ། གནོད་འཚེ་བྱུང་རྗེས་ཀྱི་བསྐྱར་སྐྲུན་ལས་གཞི་ཁག་གཅིག་འཆར་འགོད་དང་བསྡུ་སྒྲིག་བྱས་ཏེ། རྒྱལ་ཁབ་དང་ཞིང་ཆེན་གྱི་སྲིད་ཇུས་མ་དངུལ་གྱི་རྒྱབ་སྐྱོར་ཧུར་ཐག་གིས་བརྩོན་ལེན་བྱེད་དགོས་ཤིང་། གནོད་འཚེ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བར་འདེགས་སྐྱོར་ཤུགས་ཆེན་བྱས་ནས། གནོད་འཚེ་ཐེབས་སའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་འགན་ལེན་བྱེད་དགོས།

འཐུས་མི་རྣམ་པ། འབད་འབུངས་ཡར་བརྩོན་ཀྱིས་ལེའུ་གསར་པ་རྩོམ། རླབས་ཆེན་ལོ་རྒྱུས་ཀྱི་བགྲོད་ལམ་གསར་པ་བཏོད། འགན་འཁྲི་ཕྲག་ཏུ་འཁུར་ཞིང་མ་འོངས་པའི་ལས་འགན་ལ་སྣེ་ཁྲིད་དེ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག་དང་། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག འགན་འཁྲི་ཕྲག་འཁུར་དང་འབད་འབུངས་ཡར་བརྩོན་བྱས་ཏེ།“ལོ་ལྔ་ཚན་བཅུ་བཞི་པར”འབད་འབུངས་ཡར་བརྩོན་དང་། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་རླབས་ཆེན་ལག་ལེན་ཁྲོད། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་བརྩམས་ནས། མི་དམངས་ལ་ངོ་གནོང་མི་དགོས་པ་དང་། དུས་རབས་ལ་ངོ་གནོང་མི་དགོས་པ། ལོ་རྒྱུས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་བླངས་ནས། དེ་བས་ཀྱང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱེད་དགོས།


སྐབས་སྔོན་མ། མེད།
སྐབས་རྗེས་མ། མཚོ་བྱང་ཁུལ་གྱི2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་ཐད་ཀྱི་གྲོས་ཆོད་།
མཉམ་སྤྱོད།