མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ03ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།
དཀར་ཆག་ཨང་རྟགས།
བརྡ་འཕྲིན་རིགས་དབྱེ།
ནང་དོན་རིགས་དབྱེ།
སྒྲོག་སྤེལ་ལས་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་
རྩོམ་གྲུབ་ཟླ་ཚེས། 0000-00-00 00:00:00
སྒྲོག་སྤེལ་དུས་ཚོད། 2023-03-01 15:05:01
དེབ་ཨང་།
ནུས་ལྡན་རང་བཞིན།
མེད་པར་བཟོ་དུས། 0000-00-00 00:00:00
གནད་ཚིག མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་།
ཁ་བྱང་། མཚོ་བྱང་ཁུལ་གྱི2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2023ལོའི་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ།

མཚོ་བྱང་ཁུལ་གྱི2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2023ལོའི་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ།

2023-03-01 15:05:01   |   རྩོམ་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་

རྩོམ་སྒྲིག   སངས་དོན།     ལོ་ཙཱ།  བསོད་ནམས་གྲགས་པ།   བཤེར་འབེབས།  བླ་མ་ཚེ་རིང་། 


——22023ལོའི་ཟླ2བའི་ཚེས23ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བཞི་པའི་ཐོག

ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ལྷན།

འཐུས་མི་རྣམ་པ།

ཁུལ་མི་དམངས་སྲིད་གཞུང་གི་མངག་བཅོལ་ལྟར། ད་ལྟ《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ》ཚོགས་ཆེན་ཐོག་གྲོས་ཞིབ་བྱེད་པར་འབུལ་རྒྱུ་ཡིན་པས། སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཚོགས་འདུར་ཟུར་ཞུགས་གནང་མཁན་གྱི་བློ་མཐུན་རྣམ་པས་བསམ་འཆར་འདོན་རོགས།

གཅིག 2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ།

2022ལོ་ནི་མཚོ་བྱང་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་ཁྲོད་ཧ་ཅང་ལས་སླ་མོ་ཞིག་མིན་པའི་ལོ་ཞིག་དང་། ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན། དགོས་མཁོ་ཇེ་ཉུང་དུ་འགྲོ་བ་དང་།   མཁོ་སྤྲོད་ཀྱི་རྡབ་རྡེག སྔོན་དཔག་གི་ཉམས་ཞན་གསུམ་གྱི་གནོན་ཤུགས་དང་རིམས་ནད།   ཆུ་འབྲུབ་ཚུལ། རང་བྱུང་གནོད་འཚེ་བཅས་གནས་ཚུལ་གསུམ་བརྩེགས་ཀྱི་ཉེན་ཁའི་འགྲན་སློང་ལ་གདོང་གཏད་དེ། ཁུལ་ཨུའི་འགྱར་མེད་ཀྱི་མགོ་ཁྲིད་དང་ཁུལ་དམངས་ཆེན་གྱི་ལྟ་སྐུལ་ཁྲིད་སྟོན།   ཁུལ་སྲིད་གྲོས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག    ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་ལས་དོན་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ནས་ཏང་ཀྲུང་དབྱང་གི“རིམས་ནད་བྱུང་ཚུལ་འགོག་ཟོན་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བ”བཅས་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཐོག རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བྱེད་པ་དང་།  དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་ཡོད།  ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར100.77ཟིན་ཏེ0.3%འཕར་ཞིང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར49.35ཟིན་ནས14.1%འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར29.32ཟིན་ནས0.4%འཕར་ཡོད་ལ། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ5%འཕར་བ་དང་། གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2.43%ཅུང་དམའ་བའི་ཆུ་ཚད་ནས་ཚོད་འཛིན་ཐུབ་ཡོད། གྲོང་མིའི་འཛད་སྤྱོད་རིན་གོང2.4%འཕར་བ་དང་། རིམས་ནད་སྔོན་འགོག་བྱས་ཐུབ་ཅིང་། དཔལ་འབྱོར་བརྟན་པོ་ཡོང་བཞིན་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་བྱང་གསར་པ་ཁྱོན་ཡོངས་ནས་བསྐྲུན་རྒྱུའི་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད།

(གཅིག) རིམས་ནད་ཀྱི་གནོད་འཚེའི་གནས་ཚུལ་ལ་ནུས་ཤུགས་ཡོད་རྒུས་ཁ་གཏད་ནས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་འགན་ལེན་བྱས་པ། རིམས་ནད་ཀྱི་དྲག་རྒོད་མང་པོར་ནུས་ཤུགས་ཡོད་རྒུས་ཁ་གཏད་པ། ལོ་གསུམ་རིང་གི་ཆེས་ཛ་དྲག་ཆེ་བའི་རིམས་ནད་འགོག་སྡོམ་གྱི་གནས་བབ་ལ་དམིགས་ཏེ།  མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་བྱས་ནས་ཞིང་ཆེན་དང་ཁུལ་ནང་ཁུལ་གྱི་རིམས་ནད་ལ་ཕན་ནུས་ལྡན་པའི་སྒོ་ནས་ཐག་གཅོད་བྱས་ཤིང་། 7·26”དང“8·21”སེར་བ་དང་།    “8·17”དྲག་ཆར་ཆེན་པོ་སོགས་ལོ་རྒྱུས་ཐོག་མཐོང་དཀོན་པའི་མཐར་སོན་གནམ་གཤིས་ཀྱི་འཕྲལ་སྡོམ་བཀོད་སྒྲིག་དང་གནོད་འཚེ་རྗེས་ཀྱི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་ལེན་བྱས་ཤིང་། རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཕོག་ཚད་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཉུང་དུ་བཏང་ཡོད། ཐོན་ལས་འགན་སྲུང་བཅས་ལ་ཤུགས་རྒྱག་པ། པར་གཞི་དགུ་པའི་སྔོན་འགོག་ཚོད་འཛིན་ཇུས་གཞི་ལག་བསྟར་ནན་མོ་དང་རིམས་ནད་ཀྱི་གནས་ཚུལ་ལེགས་སུ་འགྲོ་བར་སྔོན་འགོག་ཚོད་འཛིན་བྱེད་པའི་དོན་ཚན་ཉི་ཤུ་དང་བྱེད་ཐབས་དོན་ཚན་བཅུ་དོན་འཁྱོལ་བྱས།  ཁུལ་རིམ་པའི་སྤྱི་འདོམས་དང་།    རྫོང་རིམ་པའི་རྩ་འཛུགས། ཡུལ་ཚོ་གྲོང་རྡལ(སྡེ་ཁུལ)གྱིས་ལག་བསྟར།    ལས་རིགས་ཁོངས་གཏོགས་ཀྱི་ལས་ཁུངས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ནས་རིམས་ནད་ཐོན་ཁུལ་གྱི་གཙོ་གནད་ས་ཁུལ་དང་། གཙོ་གནད་ཁེ་ལས། གཙོ་གནད་རྣམ་གྲངས་བཅས་ལ་དམ་པོར་དམིགས་ནས་ཐོན་སྐྱེད་འཛུགས་སྐྲུན་གྱི་མངོན་གསལ་དོད་པའི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱས་ཏེ། གཙོ་གནད་ཁེ་ལས་ཀྱི་ཐོན་སྐྱེད་བྱེད་མཚམས་མི་འཇོག་པ་དང་གཙོ་གནད་རྣམ་གྲངས་ཀྱི་འཛུགས་སྐྲུན་བྱེད་མཚམས་མི་འཇོག་པ་འགན་ལེན་བྱས་ནས་དཔལ་འབྱོར་བརྟན་པར་ཡོང་བར་རྨང་གཞི་བཏིངས། 

(གཉིས།) ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཡིད་ལ་བཅངས་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད།    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ། ཞིང་ཆེན་ཡོངས་སུ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་བསྐྲུན་པར་མགོ་བརྩམས་ཤིང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཏོད་རྒྱུའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་རང་བྱུང་སློབ་གསོ་རང་ས་ཅན་གྱི་སློབ་གཞི་དང་པོ《མཚོ་སྔོན་རྐང་ཚ་འོམ་ཆུ་ཆུ་བོའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་རང་བྱུང་སློབ་གསོ་གཞོན་ནུ་ལོ་ཆུང་གི་པར་གཞི》དཔེ་སྐྲུན་འགྲེམས་སྤེལ་བྱས། “ཁུལ་གསུམ་ཐིག་གསུམ་”ཐོག་མའི་གཏན་འབེབས་བྱེད་པའི་ལས་ཀ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་། ཐུན་མོང་གི་ས་ཆའི་བདག་དབང་ཐོ་འགོད་བྱས་འབྲས་གསར་སྒྱུར་བྱས་ནས་མཉམ་སྤྲོད་བྱེད་པའི་ལས་དོན་དུས་ཐོག་ཏུ་སྤེལ་བ་ཡིན། གཏེར་ལས་བདག་དབང་རྩད་ཞིབ་གསར་སྤེལ་གྱི་ཆ་འཕྲིན་ཡོངས་བསྒྲགས་མ་ལག་སྐྱེལ་སྤྲོད་ལས་དོན་ལེགས་སྒྲུབ་བྱས་ནས“བརྒྱ་གཉིས་དམིགས་ཚད”མངོན་འགྱུར་ཡོང་ཞིང་།   མདོ་ལ་རྫོང་རྒྱལ་ཁབ་ཀྱི་ཁག་དྲུག་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་ལ་གདམས་པ་ཡིན། སྐྱེ་ཁམས་ཀྱི་བཟོ་སྐྲུན་གལ་ཆེན་བསྟུད་མར་ལག་བསྟར་བྱས་པ།    “རི་བོ་གཅིག་དང་མཚེའུ་གསུམ”གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བཅོས་སྒྲིག་གི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་རྨ་ཆུ་འགྲམ་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་། གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་བཟོ་སྐྲུན་ལ་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་སྒོར་དུང་ཕྱུར1.8བཏང་སྟེ་རི་ཆུ་ནགས་གསུམ་དང་།   ཞིང་ལས།   མཚེའུ།   བྱེ་མ་དང་དར་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་ཉམས་གསོ་བྱ་རྒྱུར་མཐུན་སྦྱོར་ངང་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཀྱི་ས་ཆ་མུའུ་ཁྲི32.42ལྗང་སྒྱུར་བྱས་པ་ཡིན། ཆུ་བོ་འབབ་རྒྱུད་ཆུང་གྲས་ཀྱི་ས་ཆུ་སྲུང་འཛིན་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་འཛུགས་སྐྲུན་མ་དངུལ་སྒོར་ཁྲི2508དོན་འཁྱོལ་བྱས་པ་དང་། ས་ཆུ་ཤོར་ཁྱོན་སྤྱི་ལེ་གྲུ་བཞི་མ55བཅོས་སྐྱོང་བྱས་ཡོད།  སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་ཀ་ལེགས་པར་བསྒྲུབས་པ།   “གནམ་སྔོ་ས་གཙང”གི་སྲུང་སྐྱོང་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་པ་དང་། ནུས་རྒྱུ་ཟད་གྲོན་གྱི“གཉིས་འཛིན”ལས་དོན་ནན་ཏན་ངང་སྤེལ་ཞིང་། ནུས་རྒྱུ་ཟད་གྲོན་ཆེ་བ་དང་། ཁྲིམས་དང་མི་མཐུན་པའི་ཁེ་ལས་ལ་གྲལ་བཤེར་ནན་མོ་བྱས། ལོ་ཧྲིལ་པོར་རྡོ་སོལ་ཁྲོ་ཐབ་ཁྱོན་ཏུན4མེད་པ་བཟོ་བ་བཅས་བྱས་པས་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས97.4%ཟིན་ཡོད། ཆུ་རྒྱུད་ཆེན་པོ་གསུམ་གྱི་ཆུ་སྤུས་སྤྱིའི་ཆ་ནས་ལེགས་པོ་ཡོད་པ་དང་ཆུ་བོ་གཙོ་བོ་རྒྱལ་མཚམས་ནས་ཐོན་སྐབས་ཆུ་སྤུས་ལོན་ཚད100%ཟིན་ཡོད། “མཁའ་དབྱིངས་ས་ཁུལ་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བ་སྔར་བས་འཐུས་ཚང་དུ་བཏང་ཞིང་། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་དང་།   ཞིང་ལས་དང་བཟོ་ལས་ཕྱོགས་ཀྱི་སྦགས་གཙོག ས་འོག་ཆུའི་སྦགས་བཙོག་བཅོས་སྒྲིག་བཅས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་བཅོས་སྐྱོང་བྱས་པ། རེས་སྐོར་གཉིས་ཀྱི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གནད་དོན་བཅོས་སྒྲིག་བྱེད་ཚད100%ཟིན་པ་དང་། རྨ་ཆུའི་ཉེན་ཟོན་པར་གཞི་ཚུར་ལན་བྱས་པའི་གནད་དོན་ཚང་མ་བཅོས་སྒྲིག་བྱས་ཟིན་ལ།  རྨ་ཆུ་འགྲམ་བརྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་ཡོངས“གཟུགས་བཤེར”ཚུར་ལན་བྱས་པའི་གནད་དོན61བཅོས་སྒྲིག་བྱས་ཚར་ཡོད།  མུ་རི་གཏེར་ཁུལ་དང་དེ་བཞིན་མདོ་ལ་རིང་མོའི་ལྷོ་ངོས་ཀྱི་མཚོ་སྔོན་ས་ཁུལ་གྱི་མཚོ་བྱང་གི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི“སྲ་བརྟན་མཐོར་གཏོང་ལོའི”ལས་དོན་ལ་སྐུལ་འདེད་བཏང་ཞིང་། ཁུལ་ཡོངས་ཀྱི་ཁག179ཡོད། “ཁ་གསབ་གསུམ”གྱི་ལས་དོན་དང་ཐག་གཅོད་དཀའ་བའི་གཏེར་རིའི་ཁྲ་ཐིག1179 ཞིབ་བཤེར་ཐོ་འགོད་ལས་དོན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས།   གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་མུ་མཐུད་སྐུལ་འདེད་བཏང་ནས། ཁུལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་སྟོན་གྲངས80.44ཟིན་ཡོད། སྐྱེ་ཁམས་ཀྱི་རིན་ཐང་བརྗེ་སྒྱུར་ལ་བརྟན་པོའི་ངང་སྐུལ་སྤེལ་བཏང་བ། ཐན་ཏ་ཧྥུན་ཐན་ཀྲོན་ཧུ་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས། 《མཚོ་བྱང་ཁུལ་གྱི་ཐན་ཏ་ཧྥུན་ལག་བསྟར་ཇུས་གཞི》དང《མཚོ་བྱང་ཁུལ་གྱི་ཐན་ཏ་ཧྥུན་ཐན་ཀྲོན་ཧུ་དང་སྲིད་ཇུས་མ་ལག་སྒྲིག་བཟོའི་ལས་ཀའི་ཇུས་གཞི》བཏོན་པ་དང་། ཞིབ་བཤེར་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས“མཐོ་བ་གཉིས”ཀྱི་རྣམ་གྲངས་རྨོངས་ཚོད་ངང་འཕེལ་རྒྱས་གཏོང་བར་བཀག་འགོག་མཐའ་གཅིག་ཏུ་བྱས། སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཀྱི་ཚོད་ལྟའི་ལས་དོན་སྤེལ་ནས། 《མཚོ་བྱང་ཁུལ་གྱི་རེས་སྐོར་གསུམ་པའི་རྩྭ་ཐང་སྐྱེ་ཁམས་ཁ་གསབ་བྱ་དགའི་སྲིད་ཇུས་མཉམ་འགུལ་ཞིབ་དཔྱད་བསྡུར་བཤེར་གྱི་ལག་བསྟར་ཇུས་གཞི》བཏོན་པ་དང་། རྩྭ་ཐང་སྐྱེ་ཁམས་བྱ་དགའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.4སྤྲད་ཡོད། རྩྭ་ཕྱུགས་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་རྩྭ་ཐང་གི་ཐཱན་འདུས་རྣམ་གྲངས་ཐོག་མ་དེ་རྐང་ཚ་ནས་སྐྲུན་མགོ་ཚུགས་ཡོད།

(གསུམ།) ཤུགས་ཆེན་པོས་ཚོང་རའི་གྲུབ་ཆ་གཙོ་བོ་བརྟན་པོ་དང་། ཐོན་སྐྱེད་ཀྱི་གནས་བབ་བརྟན་པོའི་ངང་བཟང་ཕྱོགས་སུ་འཕེལ་བ།    སྲིད་ཇུས་ཀྱི་ཁེ་འབབ་རྒྱུན་མཐུད་ངང་ཐོན་པ། 《མཚོ་བྱང་ཁུལ་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་ལས་འགན་གྱི་གསལ་ཐོ》བཟོས་ནས་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད། ཁེ་ལས་འབྲིང་ཆུང་གི་དཀའ་ངལ་སེལ་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཤིང་། ལོ་ཧྲིལ་པོར་སྔ་ཕྱི་སྡེབ་རྩིས་བརྒྱབ་ན་ཁྲལ་དངུལ་སྣ་ཚོགས་ཉུང་འཕྲི་དང་། ཕྱིར་འཐེན།  གཅོག་པ་བཅས་བྱས་གྲངས་སྒོར་དུང་ཕྱུར1.96ཡིན་པ་དང་། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་གཏོང་བའི་ཆེད་སྤྱོད་རོགས་སྐྱོར་མ་དངུལ་སྣ་ཚོགས་དོན་འཁྱོལ་བྱས་གྲངས་སྒོར་ཁྲི1909ཟིན་ཡོད། 2022ལོར་གཞུང་ཁོངས་སྡོད་ཁང་གི་ཁང་གླ་ཇེ་དམའ་གཏོང་བའི་སྲིད་ཇུས་ལག་ལེན་བསྟར་ནས། མདའ་བཞི་རྫོང་གི་ལྗང་མདོག་རིག་གནས་ཐོན་ལས་གླིང་དུ་བཅའ་སྡོད་ཁེ་ལས་ཀྱི་ཁང་གླ་མི་དགོས་པའི་རོགས་སྐྱོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ནས་རིམ་རྩིས་བྱས་ན། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་བཟོ་ཁང་གི་ཁང་གླ་སྒོར་ཁྲི51.67ཇེ་དམའ་བཏང་ཡོད། ཞིང་འབྲོག་ལས་ཐོན་སྐྱེད་ལེགས་པོ་བྱུང་ཡོད། “5+8+N”ཡི་ཐོན་ལས་རྣམ་པ་ཞིག་ཆགས་ནས་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར31.32ཟིན་པ་དང4.4%འཕར་ཡོད། ཁུལ་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་མུའུ་ཁྲི87.02ཀྱི་འདེབས་ཁྱོན་དང་མུའུ་ཁྲི77.87གྱི་གཏན་འཇགས་རང་བཞིན་གྱི་གཞི་རྩའི་ཞིང་ཁའི་གྲངས་འབོར་བརྟན་དུ་ཕྱིན་ཡོད།  “ཐོན་རྫས་གཉིས་དང་མཚོན་རྟགས་གཅིག”གི་ཞིང་ཕྱུགས་ཐོན་རྫས102ཐོ་འགོད་བྱས་ཡོད། རྫས་ལུད་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་རྒྱ་ཁྱོན་མུའུ་ཁྲི22.5ལེགས་སྒྲུབ་བྱས་པ་དང་།    རྨོ་ཞིང་གཞན་འདེབས་ལག་བསྟར་བྱས་ཏེ་བཅོས་སྒྲིག་མུའུ་ཁྲི2.17བྱས་ཡོད། ཞིང་ལས་སྐྱེ་དངོས་ཀྱི་སོག་མའི་ཐོན་ཁུངས་ཕྱོགས་བསྡུས་སྤྱོད་ཚད90%ཟིན་ནས་ཁུལ་ཡོངས་ཀྱི་ཕྱུགས་རིགས་དང་བྱ་རིགས་ཀྱི་ལྕི་བ་དང་བྱ་བྲུན་ཕྱོགས་བསྡུས་སྤྱོད་ཚད85%ཟིན་ཡོད། མདའ་བཞི་རྫོང་གི་བོད་ལུག་ཁྲི10དང་རྐང་ཚ་རྫོང་གི་འབྲི་གཡག་ཁྲི་དང་། རྫོང་བཞི་ཡི་འབྲི་གཡག་སྟོང་དང་བོད་ལུག་གི་ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞི་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་ཤིང་། ཞིང་ཆེན་རིམ་པའི་དཔེ་སྟོན་རང་བཞིན་གྱི་ཆེད་ལས་མཉམ་ལས་ཁང5དང་ཁྱིམ་ཚང་གི་ཞིང་འབྲོག་ར་བ15བསྐྲུན་ནས་རོགས་སྐྱོར་བྱས་ནས།   ཚན་རྩལ་ཁེ་ལས1སྐྱེད་སྲིང་བྱས་པ་དང་། ལག་རྩལ་གན་རྒྱའི་ཚོང་འགྲིག་ཚད11%འཕར་ཡོད།  བཟོ་ལས་དཔལ་འབྱོར་གྱི་མི་མངོན་པའི་ནུས་ཤུགས་ཁྱོན་ཡོངས་ནས་སྔོག་འདོན་བྱས་པ། བཀོད་གཏོང་ཆེད་ལས་འཛིན་གྲྭ་བཙུགས་ནས་ཧའེ་ཐའེ་རྡོ་སོལ་ལས་རིགས་དང་། ནུབ་མཚོ་རྡོ་སོལ། ཧྭ་ཐེ་སྣུམ་སྙིགས་སོགས་གཙོ་གནད་ཁེ་ལས་ལ་འཐབ་ཕྱོགས་དང་པོའི་མཛུབ་ཁྲིད་བྱས་ཏེ་ནུབ་མཚོ་རྡོ་སོལ་ཧེ་ཐའ་གཏེར་ཁ་དང་ཧའེ་ཐའེ་རྡོ་སོལ་ལས་རིགས་ཀྱི་ཐེ་མའེ་རྡོ་སོལ་གཏེར་ཁ་བདེ་འཇགས་ཐོན་སྐྱེད་རང་བཞིན་གྱི་རིགས་པས་ཁུངས་སྐྱེལ་ལས་དོན་ལེགས་སྒྲུབ་བྱས་ནས་ཐེ་མའེ་རྡོ་སོལ་གཏེར་ཁ་དངོས་སུ་སླར་གསོ་བྱས་པ་ཡིན། ཐང་ཧུའུ་གློག་ཁང་གི་རྡོ་སོལ་འགན་ལེན་བཀོད་གཏོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ལོ་ཧྲིལ་པོར་རིམ་རྩིས་བྱས་ན་རྡོ་སོལ་ཏུན་ཁྲི18.41ནང་འདྲེན་བྱས་ཤིང་། ཁུལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་འཕར་དུས་མཚུངས་ལས18.3%ཆག་པའི་ནང་འཚོ་བའི་ཐོན་སྐྱེད་བཟོ་ལས13.8%འཕར་བ་དང་གཞི་ཁྱོན་ཡན་གྱི་བཟོ་ལས་རོགས་བྱས་ནས་བརྒྱ་ཆའི་གྲངས0.7ཟིན་ཡོད། ཀྲུང་ཀོང་ཧོ་མདའ་བཞི་ཡན་ལག་ཀུང་སི་སོགས་ཁེ་ལས5གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་གྲུབ་འབྲས་ཐོབ་པའི་ངང་སྐྱེད་སྲིང་བྱས་པ་དང་།   གཙོ་གནད་ཁེ་ལས་ལ་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ནས་འདོད་མཐུན་རང་བཞིན་གྱི་མངགས་ཐོ་འཇོག་ཚད་བསྡོམས་འབོར་སྒོར་ཁྲི་5540ཟིན་ཡོད། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཅུང་ལེགས་པོ་བྱུང་ཡོད། 《མཚོ་བྱང་ཁུལ་གྱི་ཐོན་ལས་གསུམ་སྤེལ་ནས་ས་ཁུལ་གྱི་དཔལ་འབྱོར་ཡར་སྐུལ་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་རང་བཞིན་གྱི་བྱ་ཐབས》དང་།《མཚོ་བྱང་ཁུལ་གྱིས་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་དཀའ་ངལ་ཡོད་པའི་ལས་རིགས་སླར་གསོ་དང་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་བྱ་ཐབས》《མཚོ་བྱང་ཁུལ་གྱིས་རིག་གནས་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་བཅུ》སོགས་ཀྱི་སྲིད་ཇུས་བྱ་ཐབས་བཏོན་པ་དང་དོན་འཁྱོལ་བྱས།    བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ཞབས་ཞུའི་ལས་རིགས་སླར་གསོ་དང་འཕེལ་རྒྱས་གཏོང་བར་འགན་སྲུང་བྱས་ཏེ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར52.63ཟིན་ཡོད། བཅད་གྲངས་ཡན་གྱིཚོང་དོན་ཁེ་ལས4གསོ་སྐྱོང་བྱས་ཡོད།   ཁུལ་ཡོངས་ཀྱི་སྦྲག་སྲིད་ཡོངས་ཁྱབ་ཞབས་ཞུའི་དྲ་ཚིགས33ཟིན་པ་དང་རང་གཉེར་བྱེད་ཚད100%ཟིན་ཡོད་ཅིང་། ཁུལ་ཡོངས་སུ་ཁྱོན5Gསྦྲེལ་ཚུགས235བཙུགས་པ་དང་འབྲེལ་ཤར་གཏོང་ཐུབ། ནོར་སྲིད་དང་དངུལ་རྩའི་འདེགས་སྐྱོར་ནུས་ལྡན་བཅས་བྱས་པ། ཁུལ་ཡོངས་ཀྱི་ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར6.59ཟིན་ནས1.9%འཕར་བའི་ནང་ཁྲལ་འབབ་སྒོར་དུང་ཕྱུར3.7ལེགས་སྒྲུབ་བྱས་པ་དང་ཁྲལ་མིན་ཡོང་འབབ་སྒོར་དུང་ཕྱུར2.88ལེགས་སྒྲུབ་བྱས། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར109.9ཟིན་པས།  62.5%འཕར་ཡོད། དམངས་འཚོའི་ཁྱབ་ཁོངས་ཀྱི་གཏོང་སྒོའི་བསྡུར་ཚད82.49%ཟིན་ཡོད། ཁུལ་ཡོངས་སུ་ཞིང་ཕན་དངུལ་རྩའི་ཞབས་ཞུའི་ས་ཚིགས497བཙུགས་པ་དང་དངུལ་རྩའི་ལས་རིགས་ཀྱི་དངུལ་བུན་སྒོར་དུང་ཕྱུར100ལས་ཐོག་མར་བརྒལ་ཡོད། པེ་རུན་ཁག་ཐེག་ཀུང་སིས་རིམ་རྩིས་བྱས་ན་ཁག་ཐེག་དངུལ་བུན་ཁག1329དང་ཁག་ཐེག་དངུལ་སྒོར་དུང་ཕྱུར5.64གསར་དུ་བསྣན་ནས། “ཀུའོ་ཆའོ་ཐེབས་རྩར”བརྒྱུད་ནས་འཁོར་བསྐྱོད་དངུལ་བུན་སྒོར་ཁྲི5945སྤྲད་པ་དང་དངུལ་བུན་སྒོར་དུང་ཕྱུར1.54བཏང་བ་ཡིན། 

(བཞི།)  ཧུར་ཐག་གིས་མ་དངུལ་འཇོག་པའི་འཛད་སྤྱོད་རྒྱ་སྐྱེད་བཏང་བ་དང་།  དགོས་མཁོར་བརྟེན་ནས་སྐུལ་ཁྲིད་བྱེད་ཤུགས་རིམ་བཞིན་ཆེ་རུ་བཏང་ཡོད། མ་དངུལ་འཇོག་པའི་དཀའ་གནད་སྒྲོལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མ་འཇོག་རྣམ་གྲངས་ཀྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མ་འཇོག་འགག་སྒྲོལ་གྱི་བྱ་སྤྱོད་ལ་རིམ་པ་བཞིན་སྐུལ་འདེད་གཏོང་བ། རྣམ་གྲངས་ཀྱི་དུས་འགོའི་འགྲོ་གྲོན་སྒོར་ཁྲི3810བརྩོན་ལེན་བྱས་ནས་བརྩོན་ལེན་བྱེད་ཚད་ཉེ་བའི་ལོ་ཤས་ནང་གི་མང་པོ་ཡིན། ཁུལ་རིམ་པའི་མགོ་ཁྲིད་ཀྱི་འགན་གཙང་མཉམ་འབྲེལ་རྣམ་གྲངས32དང་ཞིང་ཆེན་རིམ་པའི་གཙོ་གནད་རྣམ་གྲངས4ལ་མ་དངུལ་སྒོར་དུང་ཕྱུར35.7བཏང་བས་མ་འཇོག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། སྡོད་ཁང་འཛུགས་སྐྲུན་དང་། འགྲིམ་འགྲུལ་སྐྱེལ་འདྲེན།  དམངས་སྲིད། སློབ་གསོ། འཕྲོད་བསྟེན་བཅས་གཙོ་གནད་ཁྱབ་ཁོངས5ཡི་རྣམ་གྲངས་མཛོད་ནུས་ཤུགས་ཡོད་རྒུས་ཇེ་ལེགས་སུ་བཏང་བ་དང་ལེགས་སྒྲིག་བྱས་རྗེས་རྣམ་གྲངས་མཛོད་ཀྱི་ཁྱོན་རྣམ་གྲངས1285གྲབས་གསོག་བྱས་པ་དང་ཚོད་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར2323བཏང་ཡོད།  མཐོན་པོ་རི་བོའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་དང་།  མདོ་ལ་རྫོང་གི་བར་དམ་ཆུ་བོའི་མགོ་ཁུངས་གསོ་སྐྱོང་དང་སྐྱེ་ཁམས་སླར་གསོ། ཤྭ་ལུང་ཆུ་མཛོད། འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་སོགས་གཙོ་གནད་བཟོ་སྐྲུན་ཁྱོན་ཡོངས་ནས་སྐུལ་སྤེལ་བཏང་། རྐང་ཚ་རྫོང་གི་ཆན་ཝ་ཁྲི320ཟིན་པའི་གློག་ཤུགས་མ་ལག་གཞི་གཅིག་ཅན་གྱི་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ཆན་ཝ་ཁྲི120ཡི་འཛུགས་སྐྲུན་བཟོ་སྐྲུན་དྲ་སྦྲེལ་ཆན་ཝ་ཁྲི5ལེགས་གྲུབ་ཟིན་པ་དང་། རྒྱ་མདོ་ས་ཡོམ་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་སོགས་བཟོ་སྐྲུན་ཁྱོན་ཡོངས་ནས་སྐྲུན་འགོ་ཚུགས་པ།   རྒྱ་མདོ་མྱུར་བགྲོད་ལྕགས་ལམ་འབབ་ཚུགས་རྒྱས་སྐྲུན་བཟོ་སྐྲུན་སྐྲུན་ཚར་ནས་བཀོད་སྤྱོད་བྱེད་བཞིན་ཡོད། འཛད་སྤྱོད་ཀྱི་གཏིང་ཤུགས་བརྟན་པོའི་ངང་འདོན་བཞིན་ཡོད། 《2022ལོའི་མཚོ་བྱང་ཁུལ་གྱི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོའི་ཇུས་གཞི》དངོས་སུ་བཏོན་པ་ཡིན། རྫོང་བཞིས་དྲ་ཐོག་དྲ་ཕྱིའི་རིམ་སྤེལ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་གཉེར་རྒྱུར་སྐུལ་འདེད་དང་མཛུབ་ཁྲིད་བྱས་ཤིང་། རིམ་རྩིས་བྱས་ན་འཛད་སྤྱོད་བྱེད་སྒོ་ཐེངས་8སྤེལ་ནས་དྲ་ཐོག་ཚོང་དོན་ཕྱི་ཚོང་་སྒོར་ཁྲི11736ལེགས་སྒྲུབ་བྱས་ཡོད། “ཡོན་ཧྲན་ཧྥོ”བརྒྱུད་ཁུལ་ཡོངས་ཀྱི་ཚོང་ཁང་དང་། བཟའ་བཏུང་། ཞག་སྡོད་སོགས་ཁེ་ལས104ལ་འཛད་སྤྱོད་འཛིན་ཤོག་སྤྲོད་པའི་བྱེད་སྒོ་སྤེལ་ནས་འཛད་སྤྱོད་སྒོར་ཁྲི500ཙམ་བྱ་རྒྱུར་སྐུལ་ཁྲིད་སྣུམ་གྱི་སིལ་འཚོང་བཟུང་ཚད་དེ་སྔའི45%ནས66.6%བར་མཐོ་རུ་བཏང་བ་དང་།  ཕྱི་ཕྱོགས་ཉོ་ཚོང་མགྱོགས་མྱུར་ངང་གོང་དུ་འཕར།  ཕྱི་ཕྱོགས་ཚོང་དོན་བརྟན་གཏོང་ལས་དོན་གྱི་ལམ་སྲོལ་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཧྲན་ཏུང་གི་ཚོང་འགུགས་མ་འདྲེན་གྱི་འབྲེལ་གཏུག་ཞབས་ཞུའི་ལས་སྟེགས་འདོན་སྤེལ་གང་ལེགས་བྱས་ཏེ་མཚོ་བྱང་གི་ཚོང་འགུགས་དགོས་མཁོ་དུས་ཐོག་ཏུ་སྐོང་བ་ཡིན། བརྙན་ལམ་འོས་སྦྱོར་ངོ་འཕྲད་གྲོས་མོལ་ཐེངས་མང་བྱས་ནས་ཁེ་ལས20ལྷག་ཙམ་དང་འབྲེལ་མཐུད་བྱས་ཏེ་ཕྱིར་གཏོང་ནང་འདྲེན་གྱི་ཐོ་འགོད་སྙན་སེང་དང་གློག་རྡུལ་གཱ་བརྒྱུད་རིམ་ཧྲུལ་པོར་ཚབ་སྒྲུབ་བྱས། ཁེ་ལས་ལ་གཞོགས་འདེགས་བྱས་ནས་ནད་ཡམས་ཞིབ་བཤེར་དང་། འགག་སྒྲོལ་སྙན་ཞུ།   ཕྱིར་གཏོང་།  ཕྱི་དངུལ་བརྗེ་འགྲུལ། ཁྲལ་སློག་སོགས་ཀྱི་དུས་འགོའི་ལས་དོན་ལེགས་སྒྲུབ་བྱས་ཡོད། མཚོ་བྱང་གི་ཕུལ་བྱུང་ཐོན་རྫས་ཧྲན་ཏུང་དུ་འགྲེམས་སྟོན་བྱེད་པར་ཁེ་ལས50ཡི་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་རིགས300ལྷག་ཙམ་ཆིང་ཏའོ་འགྲེམས་ཚོང་ནང་ཞུགས། ལོ་ཧྲིལ་པོར་ཕྱི་ཕྱོགས་ཚོང་དོན་དངུལ་སྒོར་ཁྲི224.1ལེགས་སྒྲུབ་བྱས་པ་དང་།     ཕྱིར་གཏོང་ཚོང་དོན་མངོན་འགྱུར་བྱུང་ཡོད།

(ལྔ།)སྒྱུར་བཅོས་ཟབ་སྤེལ་དང་སྒོ་འབྱེད་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་ཕྱིན་པ། གཙོ་གནད་བསྒྱུར་བཅོས་ལ་མུ་མཐུད་སྐུལ་སྤེལ་བཏང་ཡོད། གཞུང་ཁོངས་ཁེ་ལས་དང་གཞུང་ཁོངས་རྒྱུ་ནོར་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་བ་དང་།  ཁུལ་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ལྟ་སྐུལ་དོ་དམ་གྱི་གཞུང་ཁོངས་མ་འཇོག་དང་ཡུལ་སྐོར་མ་འཇོག་གཞུང་ཁོངས་ཁེ་ལས8བསྐྱར་འཛུགས་བྱས།  འགྲིམ་འགྲུལ་མ་འཇོག་དང་ཞིང་སྐྱོར་མ་འཇོག་ལེགས་འགྲུབ་བྱུང་ཡོད།  ཞིང་འབྲོག་ཁུལ་གྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། མདོ་ལ་རྫོང་གི་ཁང་སའི་སྒྱུར་བཅོས་ཚོད་ལྟར་སྐུལ་འདེད་གཏོང་བ།   གྲོང་གསེབ་ཀྱི་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་ཁྲོམ་རར་ཞུགས་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་། ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་སྒྱུར་བཅོས་ཀྱི་ཁྱབ་ཁོངས་མང་པོར་དུས་གཅིག་ཏུ་སྐུལ་འདེད་བཏང་། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་པ།  “ལྷུག་གཏོང་དང་། དོ་དམ།    ཞབས་ཞུ”བཅས་ཀྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ཚོང་རའི་གྲུབ་ཆ་གཙོ་བོའི“དྲ་གཅིག་མཉམ་སྒྲུབ”སྟེགས་བུ་བཙུགས་ཏེ“འདུན་ཞུ་ཐེངས་གཅིག”དང“ཉིན་གསུམ་མཇུག་སྒྲིལ”མངོན་འགྱུར་བྱུང་བ་དང་ཚོང་རའི་གྲུབ་ཆ་གཙོ་བོའི་དུས་མཚུངས་ལས13.4%འཕར་ཡོད། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱས། “གཅིག་སྡུད་མཆན་འགོད་གཟའ་འཁོར”དང“ཆེད་སྤྱོད་དངུལ་བུན་”གྱི་གན་རྒྱ་འཇོག་པའི་ཆེད་དོན་བྱ་སྤྱོད་མུ་མཐུད་སྤེལ་ནས་རྣམ་གྲངས་གལ་ཆེན་གྱི་དུས་འགོའི་ཞིབ་བཤེར་མཆན་འགོད་མགྱོགས་སུ་བཏང་།    ཁུལ་ཡོངས་ཀྱི་ཁེ་ལས་དང་འབྲེལ་བ་ཡོད་པའི་དོན་ཚན་ཁག229“ལག་ཁྱེར་ལོགས་སུ་འབྱེད་པའི”སྒྱུར་བཅོས་ནང་བཅུག་པ་དང་འབྲེལ་ལག་བསྟར་ཡང་བྱས།    སྲིད་དོན་ཞབས་ཞུའི་བྱ་བ་དྲ་ཐོག་ཏུ་གཉེར་ཐུབ་ཚད་དང་དུས་ཐོག་ཏུ་གཉེར་ཐུབ་ཚད100%ཟིན་ཡོད།    ལོ་འཁོར་མོའི་ཚོང་གཉེར་ཁོར་ཡུག་ལ་ཕྱོགས་གསུམ་པའི་དཔྱད་འཇོག་བྱེད་པའི་ལས་དོན་སྤེལ། ལོ་ཧྲིལ་པོར་“ཡིད་རྟོན་མཚོ་བྱང”དྲ་ཚིགས་ཐོག“ཡོངས་བསྒྲགས་གཉིས”ཀྱི་ཆ་ཕྲིན140903བསྡུས་ཤིང་། དེ་ཁྲོད་སྲིད་འཛིན་ཆོག་འཐུས་དོན་ཚན23742དང་སྲིད་འཛིན་ཆད་གཅོད་དོན་ཚན3013ཡོད། ཕྱི་ཕྱོགས་ལ་སྒོ་འབྱེད་བརྟན་པོའི་ངང་ཆེ་རུ་བཏང་ཡོད།  ལུའུ་ཆིང་ཞིང་ཆེན་སྲིད་གཞུང་གཉིས་བར་གྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ཁག་བཞི་པ་དང་ལྔ་པའི་མཚོ་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣའི་བརྗེ་རེས་ལེགས་སྒྲུབ་བྱས་པ་དང་།    ཧྲན་ཏུང་གི་ཁ་གཏད་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར2.19དང་རྣམ་གྲངས37དོན་འཁྱོལ་བྱས་པ་ཡིན།    ཀྲུང་དབྱང་ཁེ་ལས་ཀྱི་མ་དངུལ་སྒོར་ཁྲི2960དང་རྣམ་གྲངས16དོན་འཁྱོལ་བྱས། རིག་སྟོབས་རོགས་སྐྱོར་གྱི་ཐེག་བྱེད་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་བ་དང་།   སློབ་གསོ་དང་།   སྨན་བཅོས། ཞིང་འབྲོག    རིག་གནས་ཡུལ་སྐོར་ཐད་ཀྱི་ཤེས་ལྡན་མི་སྣ2200ནང་འདྲེན་བྱས་ཡོད། ལན་ཀྲོའུ་ཟི་ལིང་གྲོང་ཁྱེར་ཚོགས་པའི1+3+10”ཡི་མཉམ་ལས་ལམ་སྲོལ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས《འབྲོང་ཡུལ་གྲོང་ཁྱེར་དང་མཚོ་བྱང་ཁུལ་གཉིས་ཀྱིས་ལན་ཀྲོའུ་ཟི་ལིང་གྲོང་ཁྱེར་ཚོགས་པའི2022ལོའི་གཙོ་གནད་ལས་དོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་ལས་འགན》དོན་འཁྱོལ་ནན་ཏན་བྱས་པ་ཡིན། ཁུལ་ཡོངས་ཀྱི་ཚོང་འགུགས་མ་འདྲེན་ཚོགས་ཆེན་ཐེངས་དང་པོ་འཚོགས་ནས་ལོ་ཧྲིལ་པོར་རིམ་རྩིས་བྱས་ན་ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར13.64དམིགས་སར་འབྱོར། 

(དྲུག) ནུས་ཤུགས་ཡོད་རྒུས་དམངས་འཚོའི་ཆུ་ཚད་འགན་ལེན་བྱས་པས་མང་ཚོགས་ཀྱི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། དབུལ་ཐར་གྲུབ་འབྲས་བརྟན་དུ་གཏོང་བ།  “185”ཡི་ལས་ཀའི་བསམ་ཕྱོགས་བཏོད་དེ“4+1+N”ཡི་འགན་གཙང་མཉམ་འབྲེལ་གྱི་ལས་ཀའི་ལམ་སྲོལ་བཙུགས་པ་དང《མཚོ་བྱང་ཁུལ་གྱི་བསྐྱར་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་ལག་བསྟར་བྱ་ཐབས》བཏོན་པ་ཡིན།  དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་།   ཐོན་ལས་འཕེལ་རྒྱས།  རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ་སོགས་ཀྱི་རྣམ་གྲངས162ལག་ལེན་བསྟར་བ་དང་འབྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར5.22དོན་འཁྱོལ་བྱས་པས་དབུལ་ཐར་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར16386ཟིན་ནས8.4%འཕར་ཡོད།  དབུལ་སྐྱོར་རྣམ་གྲངས་ཀྱི་རྒྱུ་ནོར་གཙང་བཤེར་ལས་དོན་སྤེལ་ནས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར27.66རྩིས་བརྒྱབ་ཡོད། གྲོང་གསེབ་དར་སྤེལ་གཏོང་བའི་ཚོད་ལྟའི་སྡེ་བ30དང་ཡུལ་སྐོར་དཔེ་སྟོན་སྡེ་བ8འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་། ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད། ཁེ་ལས་ལ་རོགས་སྐྱོར་གྱིས་ལས་གནས་བརྟན་པོ་ཡོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལས་གནས་བརྟན་གཏོང་གི་ཁ་གསབ་སྒོར་ཁྲི297.46ཕྱིར་སློག་བྱས་པ་དང་། ལས་ཞུགས་ལས་གནས་ཁྲི1.3མཁོ་འདོན་བྱས།    ལས་ཞུགས་ལྟ་སྦྱོང་རྟེན་གཞི27གསར་སྣོན་བྱས་ཤིང་།   དྲ་ཐོག་དང་དྲ་ཕྱིའི་གདན་ཞུའི་ཚོགས་འདུ་ཐེངས49འཚོགས། ལས་རིགས་རྩལ་ནུས་མཐོར་གཏོང་གིས་མི་ཐེངས4614ལ་གསོ་སྦྱོང་བྱས་པ་དང་།   གྲོང་རྡལ་དུ་མི་ཐེངས1891གསར་དུ་ལས་ཞུགས་ཐུབ་ཅིང་།    ཞིང་འབྲོག་ཁུལ་གྱི་ངལ་ནུས་གཞན་སྒྱུར་ལས་ཞུགས་ཐུབ་ཡོད།   ཀྲུང་དབྱང་གི་རོགས་སྐྱོར་ལས་སྤྲོད་ཀྱི་མ་དངུལ་སྒོར་ཁྲི1461དོན་འཁྱོལ་བྱས་པ་དང་། ངལ་ལས་ཀྱི་གླ་ཆ་སྒོར་ཁྲི243.36སྤྲད་ཡོད། གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི379འདུམ་འགྲིག་བྱས་ནས་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི286.19ཕྱིར་འཐེན་བྱས། གྲོང་རྡལ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ2.7%དང་7.2%སོ་སོར་འཕར། རིམ་པ་ཁག་གི་སློབ་གསོ་སྔར་བས་དོ་མཉམ་པར་གྱུར།   སློབ་ཞུགས་གོང་གི་སློབ་གསོའི་འཕེལ་རྒྱས་ཀྱི་ཆེད་སྤྱོད་ཁ་གསབ་མ་དངུལ་སྒོར་ཁྲི793.80དོན་འཁྱོལ་བྱས་པ་དང་། སློབ་སྐྱོར་ལས་གནས་མི882ཉོས་པས། སློབ་ཞུགས་སྔོན་གྱི་བྱིས་སྐྱོང་ཁང་དུ་ཞུགས་ཚད96.03%ཟིན་ཡོད།  “དགེ་སྒྲུབ་སློབ་རོགས”དང“ཁྲོན་ལེའུ་འཆར་གཞི”སོགས་རིགས་ཁག་གི་སློབ་སྐྱོར་རྣམ་གྲངས་མུ་མཐུད་ལག་བསྟར་བྱས་ནས། གཞོན་ནུ་ལོ་ཆུང་བྱིས་པ་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་རྒྱུན་མི་ཆད་པར་འཕེལ་བར་བྱས། འོས་འགན་སློབ་གསོའི“ཉུང་གཏོང་གཉིས”དང“དོ་དམ་ལྔའི”ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་འོས་འགན་སློབ་གསོ་བརྟན་དུ་གཏོང་ཚད8.9%ཟིན་ཡོད་ཅིང་། མཐོ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་འགག་སྒྲོལ་འཆར་གཞི་ལག་ལེན་གཏིང་ཟབ་བསྟར་ནས་མཐོ་འབྲིང་དུས་མཚམས་ཀྱི་སློབ་ཞུགས་ཐུབ་ཚད5.77%དང་མཐོ་རྒྱུགས་ཁྲོད་དངོས་གཞི་ལ་རྒྱུགས་འཕྲོད་ཚད76.7%ཟིན་ཡོད།   འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་བསྡུ་བའི་འཆར་གཞི་མི1700ལེགས་སྒྲུབ་བྱས་པ་དང་། ལས་རིགས་སློབ་གསོའི་སློབ་མཐར་སློབ་མ་ལས་ཀར་ཞུགས་ཚད95%ཡན་རྒྱུན་འཁྱོངས་བྱས་ཡོད།   ཧྲན་ཏུང་དུ“རྒྱང་ཁྲིད་སློབ་རོགས”བཟོ་སྐྲུན་གཞི་རྩའི་ཆ་ནས་ཁྱོན་ཡོངས་ལ་ཁྱབ་ཡོད།   སྤྱི་པའི་ཞབས་ཞུ་མཁོ་འདོན་སྔར་ལས་གང་ལེགས་བྱས་ཡོད།  རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱེད་པའི་བཟོ་སྐྲུན་ཁག4000ལག་བསྟར་བྱས་པ་དང་། གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་བསྒྱུར་བཀོད་བཟོ་སྐྲུན་ཁག89ལག་བསྟར་བྱས་ཤིང་། ས་ཁང་བདག་ཁོངས་སྨི་གྲུ་བཞི་མ་ཁྲི8.47གསར་སྤེལ་བྱས་ཡོད། སྲིད་གཞུང་གིས་ཉོས་པའི་སྤྱི་ཚོགས་རོགས་སྐྱོབ་ཀྱི་གཞི་རིམ་སྒྲུབ་གཉེར་ཞབས་ཞུའི་མ་དངུལ་སྒོར་ཁྲི1616དོན་འཁྱོལ་བྱས་ཡོད། ཕྱོགས་བསྡུས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་“གཙོ་གཅིག་ལས་དྲུག་”གི་སྲིད་ཇུས་གཏན་འབེབས་དང་དངོས་སུ་བཏོན་པ་དང་། DRGཡིས་གྲོན་དངུལ་སྤྲོད་པ་འགོ་བརྩམས། “ཁུལ་ནང་ཁུལ་དུ་གཉེན་སྒྲིག་ཐོ་འགོད་བྱེད་པའི་”ལས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། ཞིང་སྡེ་གཞིས་སྲུང་རྒན་པ་དང་།  བུད་མེད།  བྱིས་པ།  གཞོན་ནུ་ལོ་ཆུང་བཅས་ལ་ཐུགས་ཁུར་བྱེད་པའི་ལམ་ལུགས་བཙུགས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་དང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.43དོན་འཁྱོལ་བྱས་ཡོད།   ས་གྲོན་ཆུང་གི་སྐྱེ་ཁམས་པུར་འཇུག་བྱ་དགའ་དང་ཁ་གསབ་ལམ་སྲོལ་ལ་སྐུལ་འདེད་ཧུར་ཐག་བཏང་བ་ཡིན། 《མཚོ་བྱང་ཁུལ་གྱི་“རྒས་གཅིག་ཆུང་གཅིག”ཁྱོན་ཡོངས་ནས་ཐག་གཅོད་བྱེད་པའི་ཇུས་གཞི》བཏོན་པ། ཁུལ་ཡོངས་ཀྱི་ཕྱོགས་བཅུའི་ཐད་ཀྱི་དམངས་འཚོའི་ལག་བསྟར་བཟོ་སྐྲུན45ལེགས་སྒྲུབ་བྱེད་ཚད93.33%ཟིན་ཡོད། དམངས་འཚོའི་བཟོ་སྐྲུན་གཞན་དག་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད།  རིག་རྩལ་དམངས་ཕན་སྔར་བས་གཏིང་ཟབ་ཏུ་ཕྱིན་ཡོད། མཚོ་བྱང་ཁུལ་གྱི་རིག་གནས་དང་རྒྱུན་འཛིན་བེད་སྤྱོད་ལས་བཟོ་སྐྲུན་རྣམ་གྲངས3བརྩོན་ལེན་ཧུར་ཐག་བྱས་ནས་མ་དངུལ་སྒོར་ཁྲི7000དོན་འཁྱོལ་བྱས་པ་ཡིན།   2022ལོར“མི་ཁྲི་ཉི་ཤུ་མཚོ་བྱང་ལ་ཡུལ་སྐོར་བྱེད་པ”སོགས་ཀྱིས་ཁུལ་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་ཞིང་། གསེར་དངུལ་ཐང་རྩྭ་ཐང་“གསར་བརྗེའི་རྩྭ་ཐང་ཁག་དང་པོའི”མིང་ཐོའི་ནང་ཚུད་པ་དང་རྡུལ་ཕྲན་གྲོང་གི་གསར་བརྗེའི་རིག་གནས་ཁྱད་ལྡན་གྲོང་རྡལ་ཞིང་ཆེན་རིམ་པའི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་དཀར་ཆག་ཁག་གསུམ་པའི་ནང་ཚུད་ཡོད།  མཚོ་བྱང་ཁུལ་འཐུས་མི་ཚོགས་པ་བཙུགས་ནས་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པ་དང་མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་ཚོགས་ཆེན་སྐབས་བཞི་པའི་ནང་ཞུགས་པར་གཟེངས་བསྟོད་རྟགས་མ71གི་ཕུལ་བྱུང་གྲུབ་འབྲས་ཐོབ་ནས་དམངས་ཡོངས་ཀྱི་ལུས་སྦྱོང་མི་སེམས་སུ་ཟུག་ཡོད།  སྐད་འཕྲིན་དང་།  ཁྱུག་དབྱིངས། ཉིན་རེར་གསར་འགྱུར་དང་པོ་སོགས་སྨྱན་སྦྱོར་ལས་སྟེགས་སྤྱད་དེ་མཐོན་པོ་རི་བོ། མདའ་བཞི་ཆུ་ཁོལ། ཤྭ་ལུང་རི་བོ་སོགས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་ཤུགས་ཆེན་བྱས་པས“དག་སྣང་གི་མཚོ་བྱང་”སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད། ཚོང་རའི་རིན་གོང་སྔར་བས་བརྟན་པོ་བྱུང་ཡོད་པ་དང་། ཁྲོམ་རའི་རིན་གོང་ལྟ་ཞིབ་ཚད་ལེན་ལས་དོན་ནན་ཏན་ངང་སྤེལ་བ་དང་།   དམངས་འཚོའི་ཚོང་ཟོག་གལ་ཆེན་གྱི་རིན་གོང་ཁྲོམ་རའི་དབྱེ་ཞིབ་ལ་ཤུགས་སྣོན་བརྒྱབ།   ཁུལ་ཡོངས་ཀྱི་སྔོ་ཚལ་དང་། བྱ་སྒོང་། འབྲུ་སྣུམ་སོགས་ཁྲོམ་རའི་ཞོར་ཟས་མཁོ་སྤྲོད་དང་ཁྲོམ་རའི་རིན་གོང་གཞི་རྩའི་ཆ་ནས་བརྟན་པོ་བྱུང་ནས་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད།  ཁུལ་ཡོངས་ཀྱི་གྲོང་རྡལ་གྱི་ཆུ་མཁོ་འདོན་དང་གློག་མཁོ་འདོན་གྱི་སྡེ་ལས་ལས་རིགས་ཀྱི་གྲོན་བསྡུའི་རིན་གོང་ཚད་ལྡན་བཟོ་བའི་བྱ་སྤྱོད་སྤེལ་ནས་དངོས་བོ་ཧམ་སྤོར་དང་ཉོ་སྒྲུབ་སོགས་ཀྱི་རིན་གོང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་མོ་བྱས།

(བདུན།) བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་དམ་འཛིན་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བ་བྱས།    ཉེན་མེད་ཐོན་སྐྱེད་ཀྱི་གནས་བབ་བརྟན་པོ་བྱུང་ཡོད།    “ལྔ་སྟེང་ལ་བཞི་སྣོན་པའི”འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ནས།   《མཚོ་བྱང་ཁུལ་གྱི་གློར་བྱུང་སྤྱི་པའི་དོན་རྐྱེན་གྱི་སྤྱིའི་འཕྲལ་སྡོམ་སྔོན་ཇུས》སོགས་སྔོན་ཇུས13ལ་བཟོ་བཅོས་བརྒྱབ་ནས“སྐར་མ་བཅུའི”འཕྲལ་སྡོམ་དང་ལེན་ཁུལ་བསྐྲུན་པ་ཡིན།   བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་ལོ་གསུམ་གྱི་བྱ་སྤྱོད་སྲ་བརྟན་མཐོར་གཏོང་དང་ཉེན་ཡོད་རྫས་འགྱུར་དངོས་རྫས་ཕྱོགས་བསྡུས་བཅོས་སྒྲིག་སོགས་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ཉེན་ཁའི་མི་མངོན་རྐྱེན་ངན་བཅོས་སྒྲིག་བྱེད་ཚད97.3%ཟིན་ཡོད།   གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་གྱི་ལས་དོན་ཏན་ཏིག་ངང་སྤེལ་ནས་ཐོན་སྐྱེད་གཉེར་སྐྱོང་རང་བཞིན་གྱི་དོན་རྐྱེན་བྱུང་ཚད་དང་མི་ཤི་ཚད50%དང60.6%སོ་སོར་ཆག   འབྲུ་རིགས་ཀྱི་ནུས་ཁུངས་བདེ་འཇགས་འགན་སྲུང་ནུས་ལྡན་བྱས་ཡོད།    རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས“གཏན་འབེབས་གཅིག་དང་སྲུང་བྱ་གཉིས”དོན་འཁྱོལ་ནན་མོ་བྱས་ནས། ཁུལ་ཡོངས་ཀྱིས་འཕྲལ་སྡོམ་ལས་སྣོན་བྱས་པའི་འབྲུ་རིགས་གསོག་འཇོག་གཞི་ཁྱོན་ཏུན1547.3ཞིབ་བཤེར་གཏན་འཁེལ་བྱས་པ་དང་། ཁུལ་དང་རྫོང་གི་འཕྲལ་སྡོམ་ལས་སྣོན་འབྲུ་རིགས་ཀྱིས“10+5”ཡི་བླང་བྱ་རྦད་དེ་སྐོང་ཐུབ་པ་བྱས་པས་འབྲུ་རིགས་ཁྲོམ་རའི་མཁོ་སྤྲོད་དོ་སྙོམས་དང་རིན་གོང་བརྟན་པོ་ཡིན།   འབྲུ་རིགས་ཉོ་ཚོང་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཞིང་། 《མཚོ་བྱང་ཁུལ་གྱི་ནུས་རྒྱུའི་ཁྱབ་ཁོངས་ཀྱི“ཉེན་ཁ་འགོག་པ་དང་།  བདེ་འཇགས་འགན་ལེན་བྱེད་པ། བརྟན་ལྷིང་སྲུང་སྐྱོང་བྱེད་པ”བཅས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་ཞིབ་བཤེར་བཅོས་སྒྲིག་ལས་དོན་གྱི་ཇུས་གཞི》ལག་བསྟར་ནན་ཏན་བྱས་ཏེ། ནུས་ཤུགས་ཡོད་རྒུས་མེ་གློག་དང་། ཆུ་གློག རླུང་གློག འོད་རླབས། རྡོ་སོལ། སྣུམ་སྣོན་ས་ཚིགས་སོགས་ལས་རིགས་ཁྱབ་ཁོངས་སུ་མི་མངོན་རྐྱེན་ངན་གྲལ་བཤེར་ལས་དོན་སྤེལ་བ་དང་འབྲེལ་དག་ཐེར་འཆར་གཞི་དང་དོགས་ཟོན་བྱ་ཐབས་8བཟོས་པ་དང་བཅོས་སྒྲིག་བྱེད་ཚད100%ཟིན་ཡོད།   རྒྱལ་ཁབ་ཀྱི་མངའ་ཁོངས་བདེ་འཇགས་ཀྱི་འདེགས་སྐྱོར་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།    རྒྱུན་རྣམ་ཅན་གྱི་སྒོ་ནས་དམངས་ཡོངས་ལ་རྒྱལ་སྲུང་སློབ་གསོ་སྤེལ་བ་དང་།   མི་དམངས་མཁའ་ཟོན་དང་ཕྱི་དོན་ལས་དོན་སྣ་ཚོགས་ལ་སྐུལ་འདེད་བཏང་ཞིང་། དམག་དམངས་མཉམ་འདྲེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ཡོད།  མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པའི་གྲུབ་འབྲས་རྒྱུན་མཐུད་ངང་བརྟན་དུ་ཕྱིན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྔར་བས་བརྟན་དུ་ཕྱིན་ཡོད།   གཏུག་བཤེར་ལམ་ལུགས་བསྒྱུར་བཅོས་གསར་གཏོད་བྱས་པ་དང་།  ལོ་འཁོར་དུ་གཏུགས་བཤེར་གྱོད་གཞི205བདག་སྤྲོད་བྱས་པ་དང་།    གྱོད་གཞི་བསྒྲུབས་ཚད93.6%ཟིན་ཡོད། རྒྱུན་རྣམ་ཅན་གྱིས་ནག་ཚོགས་གཙང་སེལ་གྱི་འཐབ་རྩོད་དེ་གདང་རིམ་སྤོར་རྒྱུར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་དང་ཀན་ལྷོའི་འབྲེལ་མཚམས་ས་ཁུལ་གྱི་དུས་བདེ་དང་དར་རྒྱས་གཏོང་བའི་བཟོ་སྐྲུན་གཅིག་གྱུར་ལག་བསྟར་བྱས་ནས་སྤྱི་ཚོགས་ཀྱི་བརྟན་ལྷིང་རང་བཞིན་སྔར་བས་ཆེ་རུ་ཕྱིན་ཡོད། 

ཁ་དཔེ་ལ། མི་ལ་བརྩོན་འགྲུས་ལྡན་གྱུར་ན། འཇིག་རྟན་འདི་ན་དཀའ་བ་མེད་ཟེར་བ་ལྟར། འདས་ཟིན་པའི་ལོ་གཅིག་ལ་ཕྱིར་མིག་བལྟས་ན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ང་ཚོས་རིམས་ནད་སྔོན་འགོག་དང་།     དཔལ་འབྱོར་བརྟན་པོ་ཡོང་བ།  བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་ཡོང་བ་བཅས་བྱས་པས་གྲུབ་འབྲས་དེ་ལས་སླ་པོ་ཐོབ་པ་ཞིག་མིན།    ལྷག་པར་དུ་སྔར་བྱུང་མ་མྱོང་བའི་རིམས་ནད་བྱུང་ཚུལ་ཚབས་ཆེན་གྱི་གནས་བབ་ལ་དམིགས་ནས།    ང་ཚོས་རིམས་ནད་འགོག་སྡོམ་བྱེད་པའི་དམིགས་འབེན་བརྟན་པོར་བཟུང་སྟེ་གཡོ་འགུལ་མི་གཏོང་བ་དང་།    མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོའི་བདེ་ཐང་སྲུང་སྐྱོང་གང་ཐུབ་བྱས་ཡོད།  མུ་མཐུད་ཆེ་རུ་འགྲོ་བའི་གནོན་ཤུགས་མདུན་དུ་ང་ཚོས་ནུས་ཤུགས་ཡོད་རྒུས་ཁྲོམ་རའི་གཙོ་གཟུགས་ཀྱི་ལས་ཞུགས་བརྟན་པོ་དང་དངོས་ཟོག་རིན་གོང་བརྟན་པོ་ཡོང་བར་བྱས་ནས། མ་འཇོག་ལ་བརྟེན་ནས་འཛད་སྤྱོད་བྱ་རྒྱུར་སྐུལ་མ་བཏང་སྟེ་དཔལ་འབྱོར་བརྟན་དུ་གཏོང་བའི་ཐད་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད།    ཉིན་བཞིན་ཛ་དྲག་ཏུ་འགྱུར་བཞིན་པའི་ས་ཁོངས་སུ་ཕན་ཚུན་འགྲན་རྩོད་ཀྱིས་འཕེལ་རྒྱས་འགྲོ་བའི་གནས་བབ་ལ་དམིགས་ཏེ།  ང་ཚོས་བསྡུར་གཞི་ཡོད་པའི་བཟང་ཆ་འདོན་སྤེལ་དང་། འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས།   སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་མྱུར་ཞིང་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།  འོན་ཀྱང་ང་ཚོས་ཤེས་དགོས་པ་ཞིག་ལ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བཞིན་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད་པ་དང་།   དེ་མཚོན་ཚུལ་གཙོ་བོ་ནི།  ཐོན་ལས་གཞན་སྒྱུར་འཕེལ་རྒྱས་ལ་སྔར་བཞིན་ཤུགས་སྣོན་རྒྱག་དགོས།    ཞིང་འབྲོག་ལས་ཀྱི་རྨང་གཞི་བརྟན་པོ་མེད་པ་དང་།   བཟོ་གཏེར་ལས་རིགས་རྒྱུན་མཐུད་ངང་ཆག་པ།   དྭངས་གཙང་ནུས་རྒྱུའི་འཕེལ་རྒྱས་དལ་བ་དང་། ཡུལ་སྐོར་ཐོན་ལས་ཀྱི་གྲུབ་ཆ་རྐྱང་པ་ཡིན་པ།    ནུས་རྒྱུ་ཟད་གྲོན་གྱི“ཚོད་འཛིན་གཉིས”ཀྱི་བླང་བྱ་དང་མི་འཚམ་པ།  ཕྱོགས་སྒྱུར་རིམ་སྤོར་གྱི་ལས་འགན་ལྕི་བ་བཅས་རེད།   དམངས་འཚོའི་སྤྱི་ཚོགས་ཀྱི་བྱ་གཞག་ཐད་ལ་ཤུགས་རྒྱག་དགོས། སྤུས་ཚད་མཐོ་བའི་སྤྱི་པའི་ཞབས་ཞུའི་མཁོ་འདོན་བྱེད་ཚད་མི་མཐོ་ཞིང་། མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་སྣ་མང་ཅན་གྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད། དམངས་འཚོའི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དང་མང་ཚོགས་ཀྱི་རེ་སྒུག་བར་ད་དུང་བར་ཐག་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ངེས་པར་དུ་ཤུགས་སྣོན་རྒྱག་དགོས།    ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་དང་ཐཱན་ཉུང་དུ་གཏོང་བའི་ལས་འགན་དཀའ་ཚེགས་ཆེ་བ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་བསྒྱུར་རྒྱུ་དེ་འགོ་བརྩམས་པའི་འཚོལ་ཞིབ་ཀྱི་དུས་རིམ་དུ་གནས་པ།   མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་རྒྱུ་དེ་སྔར་བཞིན་ལས་འགན་ཆེ་ལ་ལམ་ཐག་རིང་།

གཉིས། 2023ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་དམིགས་འབེན་གཙོ་བོ། 

ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་ལྟར། 2023ལོའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ།    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “གཏན་ཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས། “འདུ་ཤེས་བཞི་”ཆེར་གཏོང་དང་།  “གདེང་ཚོད་བཞི་”སྲ་བརྟན།  “སྲུང་སྐྱོང་གཉིས་”བསྒྲུབ་ཐུབ་པར་བྱེད་དགོས་ཤིང་།  ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་དང་།  ཞིང་ཆེན་ཨུ་ལྷན་གྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ།   ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བཅས་ཀྱི་བཀོད་སྒྲིག་ལྟར། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་དང་། ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ནས།  རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ་དང་།  རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་ལེགས་པར་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་ལེགས་པར་བྱེད། འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། དངོས་ཟོག་རིན་གོང་བརྟན་པོ་བཅས་ཀྱི་ལས་དོན་གཙོ་གནད་དུ་བཟུང་ནས་ལེགས་པར་བསྒྲུབ་ནས། དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་དང་།  སྤུས་ཚད་དང་གྲངས་ཀ་མཐོར་འདེགས་བྱས་ཏེ“243”གྱི་འཕེལ་རྒྱས་བཀོད་སྒྲིག་མགྱོགས་སུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས“མཚོ་བྱང་ལྔ”བསྐྲུན་ཏེ་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་ཟོག་འདྲེན་ཡུལ་འཛུགས་སྐྲུན་དང་།    རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་གཏོད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པ་བཅས་ཕྱོགས་གསུམ་ཐད་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་དེ“དེང་རབས་ཅན་གྱི་མཚོ་སྔོན་གསར་པ”གཏོད་པའི་མཚོ་བྱང་གི་རབ་བྱེད་འབྲི་བར་བརྩོན་ལེན་ཧུར་ཐག་བྱེད་དགོས།

སྤྱིའི་བླང་བྱར་དམིགས་ནས། 2023ལོར་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང5%ཡས་མས་འཕར་བའི་ནང་ཐོན་ལས་དང་པོའི་འཕར་ཐང4.5%འཕར་བ་དང་།  ཐོན་ལས་གསུམ་པའི་འཕར་ཐང4%། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང7%བཅས་འཕར་དགོས།  གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས8%ཡན་འཕར་དགོས། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བྱེད་གྲངས་བསྡོམས་འབོར7%ཡས་མས་འཕར་རྒྱུ། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་སྒོ་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མཐུན་སྦྱོར་ངང་དུས་མཉམ་དུ་འཕར་བ་དང་།   སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ6%ཙམ་འཕར་དགོས། གྲོང་རྡལ་གྱི་ལས་ཀ་ཤོར་ཚད་ཐོ་འགོད་དང་བརྟག་དཔྱད་བྱས་ནས་ལོ་ཧྲིལ་པོར་ཁག་སོ་སོར3.5%ནང་དང5.5%ནང་ཚོད་འཛིན་བྱེད་དགོས། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད3%ཡས་མས་སུ་ཚོད་འཛིན་བྱ་རྒྱུ། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི31ཡན་རྒྱུན་འཁྱོངས་ཐུབ་པ་དང་ཐོན་ཚད་བསྡོམས་འབོར་ཏུན་ཁྲི7.1ཡན་ཟིན་དགོས་ཤིང་། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་དེ་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ལ་སླེབས་པ་དང་།  ཆུ་བོ་གཙོ་བོ་ཁུལ་མངའ་ཁོངས་ནས་ཆུ་སྤུས་བརྟན་པོའི་ངང་IIརིགས་དང་དེ་བཞིན་དེ་ཡན་རྒྱུན་འཁྱོངས་ཐུབ་དགོས། ནུས་ཟད་ཚད་དེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དུས་བཀག་ནང་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ལ་སྤྱི་འདོམས་ངང་ལེགས་སྒྲུབ་ཐུབ་པ་དང་། སྦགས་བཙོག་དངོས་པོ་གཙོ་བོ་ཕྱིར་འབུད་ཉུང་གཏོང་གི་དམིགས་ཚད་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ནང་ཚུན་དུ་ཚོད་འཛིན་ཐུབ་དགོས།

གསུམ། 2023ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ། 

2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་པའི་ལོ་དང་།    “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ཕན་འབྲས་ཐོན་པར་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་དང་།     མཚོ་བྱང་དུ་སྲིད་དབང་བཙུགས་ནས་ལོ70འཁོར་བ་བཅས་ཡིན།   ད་ལོའི་ལས་དོན་ལེགས་པོར་བསྒྲུབ་དགོས་ཚེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས།   ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་།    བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་མཐའ་འཁྱོངས་སྒོས།   ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་མཐར་ཕྱིན་བྱེད་པ་དང་།   རྒྱལ་ཁབ་ཀྱི་སྤྱི་ཁོག་སྲིད་ཇུས་ལ་ཞིབ་འཇུག་དང་རྗེས་སྙེག་བྱེད་པར་དོ་སྣང་དང་།     འཕེལ་རྒྱས་ཀྱི་བསམ་ཕྱོགས་དེ་ལམ་རིས་སུ་བསྒྱུར་བར་དོ་སྣང་དགོས་ཤིང་།    ལྗང་མདོག་འཕེལ་རྒྱས་ཀྱིས་གཞི་རྩ་བརྟན་དུ་གཏོང་བ་དང་།    བརྟན་པོ་ཡོང་བར་བྱ་རྒྱུ་དེ་གཙོ་བོར་བཟུང་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན།  དམངས་འདོད་དང་བསྟུན་ནས་དོན་དངོས་སྒྲུབ་པ་བཅས་བྱས་ཏེ་སྲིད་དོན་བཙུགས་ནས་ལོ70འཁོར་བར་ལེགས་སྐྱེས་འབུལ་དགོས། 

(གཅིག) ཐབས་ཤེས་སྣ་མང་མཉམ་སྤྱོད་བྱས་ཏེ་ཕན་འབྲས་རྒྱ་སྐྱེད་དང་ཁྱོན་ཡོངས་ནས་དཔལ་འབྱོར་སླར་གསོ་ཇེ་མགྱོགས་སུ་གཏོང་རྒྱུ། སླར་གསོ་དང་འཛད་སྤྱོད་རྒྱ་སྐྱེད་དམིགས་སུ་བཟུང་སྟེ། ཕན་འབྲས་ལྡན་པའི་མ་འཇོག་བར་སྟོང་ལ་རོགས་སྐྱོར་དང་། ནོར་སྲིད་ཀྱི་དངུལ་རྩའི་འདེགས་སྐྱོར་ཇེ་དྲག་ཏུ་བཏང་སྟེ། ནང་མཁོའི་དཔལ་འབྱོར་འཕར་སྣོན་ཡོང་བའི་བྱེད་ནུས་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས། གཅིག་ནི་སྲིད་ཇུས་འགན་སྲུང་བྱེད་ནུས་རྒྱུན་མཐུད་ངང་འདོན་སྤེལ་བྱ་དགོས། དཔལ་འབྱོར་གཏན་འཇགས་ཀྱི་སྲིད་ཇུས་ཆེན་མོ་དང་སྲིད་ཇུས་རྒྱུན་མཐུད་ལག་བསྟར་དང་། ལས་རིམ་ཁག་གི་ཁྲལ་གྲོན་རོགས་སྐྱོར་སྲིད་ཇུས་རྒྱུན་མཐུད་མཉམ་སྤྱོད་བྱ་དགོས། རྣམ་གྲངས་དང་མ་དངུལ་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་སྒྲིག་གཞི་ལག་བསྟར་ཞིབ་ཕྲ་བྱས་ཏེ།   དམངས་ཁྲོད་ཀྱི་མ་རྩ་ཆེན་མོའི་བཟོ་སྐྲུན་གལ་ཆེན་དང་ལས་གཞི་འཛུགས་སྐྲུན་གྱི་ཞན་ཆ་ཁ་གསབ་བྱེད་པར་སྐུལ་ལྕགས་གནང་རྒྱུ།   མཚོ་བྱང་ཁུལ་གྱི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་ཁེ་ལས་རོགས་སྐྱོར་གྱི་བྱེད་སྒོའི་ཇུས་གཞི་ལག་བསྟར་དོན་འཁྱོལ་བྱེད་པ་དང་།   ཁེ་ལས་ཀྱི་མ་འཇོག་ཐོན་འཕར་དང་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་སྔར་བས་སྐུལ་འདེད་ནུས་ལྡན་གཏོང་དགོས།    སྲིད་ཇུས་ཀྱི་རང་བཞིན་ལྡན་པའི་དངུལ་རྩས་གོང་སྤེལ་འཆར་འགོད་ནང་གི་རྣམ་གྲངས་གལ་ཆེན་དང་མཐུན་པའི་མ་དངུལ་འདུ་འཁོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།   “མཚོ་བྱང་ཁུལ་གྱི་རུན་སྐྱོར་བྱེད་པའི་”ས་གནས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་རུབ་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཆེད་དོན་བུན་འཛིན་རྣམ་གྲངས་ཀྱི་དུས་འགོའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། རྣམ་གྲངས་ལས་འགོ་འཛུགས་ཚད་དང་།  མ་དངུལ་གཏོང་སྤྲོད་བྱེད་ཚད། འཆར་གཞི་ལག་བསྟར་བྱེད་ཚད་བཅས་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས།    ཆ་རྐྱེན་དང་མཐུན་པའི་དམངས་ཁྲོད་ཀྱི་མ་འཇོག་རྣམ་གྲངས་འགྲེམས་སྤེལ་གྱི་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་ཡིད་རྟོན་ཐེབས་རྩ་དམ་འཛིན་བྱས་ཏེ་རྒྱུ་ནོར་བསགས་གྲངས་ཕན་སྒྱུར་ཤུགས་ཆེན་བྱེད་དགོས།    གཉིས་ནི་རྣམ་གྲངས་གལ་ཆེན་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།  རྒྱལ་ཁབ་ཀྱི་གལ་ཆེའི་མ་འཇོག་ཁ་ཕྱོགས་ལ་དམིགས་པ་དང་།    གོང་འོག་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ།    ཞིང་ཆེན་དང་ཁུལ་ལ“ལོ་ལྔ་ཚན་བཅུ་བཞི་པའི”གལ་ཆེའི་རྣམ་གྲངས་ཁྱོན་ཡོངས་ནས་བཟོ་བ།    རྒྱང་ལྟའི་རང་བཞིན་གྱིས“གཉིས་གསར་གཅིག་བརྩེགས”དང་།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་།    སྤྱི་ཚོགས་བྱ་གཞག ཐོན་ལས་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་གལ་ཆེའི་རྣམ་གྲངས་ཁག་གཅིག་ཇུས་འགོད་དང་རིགས་པས་ཁུངས་སྐྱེལ་བྱས་ཏེ་ཁུལ་ཡོངས་ཀྱི་རྣམ་གྲངས་དེ་བས་མང་བ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རྣམ་གྲངས་ཀྱི་ནང་འཇུག་རྒྱུའི་བརྩོན་ལེན་བྱེད་དགོས།    མ་དངུལ་འཇོག་པར་ཞིབ་བཤེར་མཆན་འགོད་བཟོ་སྐྲུན་རྒྱུན་མཐུད་ངང་ཟབ་སྤེལ་དང་།   སྲིད་གཞུང་གིས་མ་དངུལ་འཇོག་པ་དང་སྲིད་ཇུས་ཐོག་ནས་བསྔགས་སྐུལ་བྱེད་པ་བརྒྱུད་སྤྱི་ཚོགས་ཡོངས་ཀྱིས་མ་དངུལ་འཇོག་པར་སྐུལ་ཁྲིད་ནུས་ལྡན་བྱ་དགོས། མཁར་དམར་ནས་གསེར་ཆེན་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་དང་།  མཐོན་པོ་རི་བོའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི། རྡོ་སོལ་སྔོག་འདོན་བྱེད་ས་འོད་ཤུགས་གསར་སྤེལ་རྣམ་གྲངས་དང་རྐང་ཚ་རྫོང་གི་“ཡོན་ཝང་ཧོ་གསོག་འཇོག་གཞི་གཅིག་ཅན”སོགས་གཙོ་གནད་རྣམ་གྲངས་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བར་བྱ་དགོས།     ཐང་ཧུའུ་གློག་ཁང་སྒྱུར་བཀོད་རྒྱས་སྐྲུན་བྱས་པའི་ཆན་ཝ་ཁྲི་70འི་རྡོ་སོལ་དང་གློག་གི་རྣམ་གྲངས་སྔ་ཙམ་ནས་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་ཐོ་འགོད་ཐོབ་པ་བྱས་ནས་བརྟན་དུ་གཏོང་བ་དང་མ་འཇོག་བརྟན་པོ་ཡོང་བ་བྱ་དགོས། གསུམ་ནི་འཛད་སྤྱོད་པའི་རྨང་གཞིའི་ནུས་པ་འདོན་སྤེལ་བྱ་དགོས།     སྲིད་གཞུང་གིས་འཛད་སྤྱོད་སྐུལ་བ་དང་ཁེ་ལས་ཀྱིས་ཉོ་སྒྲུབ་སྐུལ་བ་ཁྱབ་གདལ་དང་། དྲ་བའི་སྐུད་ལམ་འཛད་སྤྱོད་ཀྱི་གྲངས་ཀའི་འཕར་ཚད་མཐོ་རུ་གཏོང་བཞིན། བཟའ་བཏུང་དང་སིལ་ཚོང་། ཡུལ་སྐོར་སོགས་ལས་རིགས་སོ་སོ་རྒྱུན་མཐུད་ངང་སླར་གསོ་བྱེད་པ་སྐུལ་འདེད་བྱ་རྒྱུ། འཛད་སྤྱོད་འཛིན་ཤོག་སྟེར་བའི་བྱེད་སྒོ་སྤེལ་ཏེ།   ཟས་ཞིམ་དུས་ཆེན་སོགས་དུས་ཆེན་སྤེལ་བ་དང་། ཡུལ་སྐོར་འཛད་སྤྱོད་སྐུལ་འདེད་བྱ་རྒྱུ།  བཟོ་ཚོགས་སྡེ་ཁག་གི་ཀུན་ཕན་འཛིན་ཤོག་གིས་གཞུང་སྒྲུབ་མཁོ་ཆས་ཉོ་སྒྲུབ་བྱེད་པ་དང་།   སྲིད་འཛིན་ཟ་ཁང་གི་བཟའ་བཅའི་རྒྱུ་ཆ་ཉོ་སྐབས་ས་གནས་ཀྱི་ཁྲོམ་ར་དང་ཁེ་ལས་ལ་སྣེ་ཁྲིད་དང་སྐུལ་ཁྲིད་བྱ་དགོས།    སྒྲིག་གཞི་སྐུལ་ལྕགས་ཐེབས་ཚད་ཇེ་དྲག་ཏུ་བཏང་སྟེ།   ལོ་རེར་རྫོང་རེ་ནས་ཁེ་ལས་དུད་ཁྱིམ་གཅིག་རེ་གཟིགས་སྐྱོང་བྱ་དགོས།  མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཟ་ཁང་ནང་བསྐྱོད་པ་དང་།   སྒོ་རྩིས་ཚོང་ཁང་དུ་བསྐྱོད་པ། ཕྱོགས་བསྡུས་ཞབས་ཞུ་ཁང་དུ་བསྐྱོད་པ།   ཀྲུང་དབྱང་ཁེ་ལས་སུ་བསྐྱོད་པ། རོགས་སྐྲུན་ས་ཁུལ་དུ་བསྐྱོད་པ་སོགས་ལྔ་བསྐྱོད་བྱེད་སྒོ་སྐུལ་འདེད་གཏོང་དགོས།   ཟ་ཁང་སོགས་ཀྱི་ཁེ་ལས་དང་རྒྱལ་ཁབ་ཁེ་ལས།   རྡོ་སྣུམ་ཁེ་ལས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ། འཛད་སྤྱོད་གཞི་ཁྱོན་རྒྱ་སྐྱེད་དུ་གཏོང་དགོས།  དྲ་དཔོན་གྱི་དཔལ་འབྱོར་རྣམ་པ་གསར་བ་གསོ་སྤེལ་ནུས་ཤུགས་ཆེ་རུ་བཏང་སྟེ།  འཇུ་ལག་གི་མེ་ཏོག་མཚོ་མོ།   མདོ་ལ་རིང་མོ་འདབས་ཀྱི་འབྲོག་རྭ་སོགས་ཀྱི་མིང་རྟགས་དྲིལ་སྒྲོག་ཆེ་རུ་གཏོང་དགོས་ཤིང་། རིམ་པ་གསུམ་པའི་དངོས་སྐྱེལ་མ་ལག་འཛུགས་སྐྲུན་ལེགས་འགྲུབ་དགོས་ལ། དངོས་ཟོག་མཉམ་སྡེབ་ཀྱི་འཕེལ་རྒྱས་མངོན་འགྱུར་གཏོང་དགོས། བཞི་ནི་གཞི་རྒྱུའི་འདེགས་སྐྱོར་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས།  མ་དངུལ་འཇོག་པའི་འགག་སྒྲོལ་འགུལ་བསྐྱོད་རྒྱུན་མཐུད་ངང་སྤེལ་ཏེ། རྣམ་གྲངས་གལ་ཆེན་གྱི་གནད་དོན་དང་འགན་འཁྲི།    ཨང་རྟགས་བཅས་ཞིབ་མཆན་གསུམ་གསར་དུ་འཛུགས་བཞིན།  གནད་དོན་མཐུན་སྦྱོར་དང་རྣམ་གྲངས་སྙོམས་སྒྲིག་ཤུགས་བསྣན་ནས། གཞི་རྒྱུའི་འགན་སྲུང་ནུས་ལྡན་དུ་སྐུལ་བ་དང་། ཨར་ལས་འཛུགས་སྐྲུན་གྱི་གྲངས་ཀ་རྒྱུན་འབྱམས་ཡིན་པ་དང་། སྲིད་གཞུང་གིས་དུས་ཐོག་ཏུ་ཞིབ་མཆན་འགོད་པ་བཅས་ཀྱིས་བྱ་བའི་ཚད་གཞི་སྔར་ལས་ནུས་ལྡན་དུ་སླེབས་དགོས། ནོར་སྲིད་ཀྱི་དངུལ་གཏོང་གོམས་སྟབས་དང་ལྟ་སྐུལ་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་ཀྱི་སྲིད་ཇུས་ཅན། གསར་སྤེལ་ཅན་གྱི་དངུལ་རྩའི་མ་ལག་ལེགས་པར་སྤྱད་དེ། དངུལ་རྩའི་སྒྲིག་གཞིས་གྲོང་གསེབ་དར་སྤེལ།  འགྲིམ་འགྲུལ་དངོས་ཟོག    རིག་གནས་ཡུལ་སྐོར་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་ལས་གྲྭའི་རྣམ་གྲངས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་ནུས་ཤུགས་ཆེ་རུ་གཏོང་དགོས།   ས་ཞིབ་བསྡུ་ལེན་དང་ཁང་བ་བཤིག་སྤོ།   ཆུ་གློག་འབྲེལ་མཐུད།   ཁོར་ཡུག་དཔྱད་ཞིབ་དང་བདེ་འཇགས་ཚད་ལེན་སོགས་ཀྱི་བྱ་བ་ཏན་ཏིག་གིས་སྤེལ་ཏེ། རྣམ་གྲངས་འཛུགས་སྐྲུན་དང་ཁེ་ལས་བསྐྱར་ཚུགས་ལས་ཀའི་ཆུ་གློག་དང་ཨར་ལས་རྒྱུ་ཆ་མཁོ་འདོན་ལ་ནུས་ཤུགས་ཡོད་རྒུའི་འགན་སྲུང་བྱ་དགོས། 

(གཉིས།)   སྐྱེ་ཁམས་བདེ་འཇགས་ཀྱི་གཞི་ཐིག་ནན་སྲུང་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་ཡོང་བར་སྐུལ་འདེད་གཏོང་དགོས།  ཆབ་སྲིད་འགན་འཁྲི་རྒྱུན་མཐུད་ངང་འཁུར་བ་དང་། ཐཱན་ཉུང་གཏོང་བ་དང་། སྦགས་བཙོག་ཉུང་གཏོང་།  ལྗང་མདོག་རྒྱ་སྐྱེད། འཕེལ་རྒྱས་བཅས་ལ་མཐུན་སྦྱོར་བྱེད་པ་དང་།  སྐྱེ་ཁམས་སྔོན་ལ་བཞག་ནས།  གྲོན་ཆུང་ལེགས་བསྡུས་ཞིབ་གཉེར། ལྗང་མདོག་ཐཱན་ཉུང་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། མཚོ་བྱང་གི་སྲོག་ཆགས་དང་རྩི་ཤིང་དང་རི་ཆུ་ཁྲི་སྟོང་སྲུང་སྐྱོང་ཡག་པོ་བྱེད་དགོས། གཅིག་ནི་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་སུའུ་ཅི་ཝན་རྒྱལ་ཁབ་རྩྭ་ཐང་རང་བྱུང་སྤྱི་གླིང་གི་ཚོད་ལྟའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། རྒོ་དམར་གྱི་རང་བྱུང་སྲུང་སྐྱོང་ཁུལ་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་མཛེས་ལྗོངས་ཁུལ9ཡི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་འཚོལ་ཞིབ་དང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།  ཁུལ་དང་རྫོང་རིམ་པའི་རྒྱལ་ཁབ་ཀྱི་མངའ་ཁོངས་སྤྱིའི་འཆར་འགོད་ལ་ཞིབ་བཤེར་ཆོག་མཆན་འགོད་རྒྱུ་ལེགས་སྒྲུབ་བྱ་དགོས། རི་ཆུ་ནགས་གསུམ་དང་ཞིང་ཁའི་རྩྭ་ཐང་། བྱེ་མ་དང་འཁྱགས་པའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ཚད་གཞིའི་མ་ལག་ལ་སྐུལ་འདེད་ནན་མོ་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་དང་། རྩྭ་ཐང་གི་ཁ་གསབ་བྱ་དགའི་ལམ་ལུགས་དོན་འཁྱོལ་བྱ་དགོས། མདོ་ལ་རྫོང་གི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་གྱི་ཚོད་ལྟའི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་སྤྱི་གླིང་གཙོ་བོ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་མགྱོགས་མྱུར་བསྐྲུན་ནས“རིག་ལྡན་རང་བྱུང་སྲུང་སྐྱོང་ཁུལ་”བསྐྲུན་ཏེ། མདོ་ལ་རིང་མོའི་ཆུ་འགོའི་ཆུ་གསོག་སྐྱེ་ཁམས་ཁུལ་དང་མཚོ་སྔོན་པོའི་རྩྭ་ཐང་དང་འདམ་རའི་སྐྱེ་ཁམས་ཁུལ་གྱི་སྐྱེ་ཁམས་སྲུང་ཡོལ་ཆེན་པོ་གཉིས་བརྟན་དུ་གཏོང་དགོས།  གཉིས་ནི་སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་མཐུད་ངང་དམ་འཛིན་ལེགས་པོ་བྱ་དགོས།  སྤུས་ཚད་མཐོན་པོའི་སྒོ་ནས་མུ་རི་གཏེར་ཁུལ་གྱི་སྤྱང་ཚང་དོང་དང་པོ་དང་དེ་བཞིན་མདོ་ལ་རིང་མོའི་ལྷོ་ངོས་མཚོ་སྔོན་ཡུག་ཁུལ་གྱི་མཚོ་བྱང་བར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལེགས་སྒྲུབ་བྱས་པ་དང་། རེས་སྐོར་གསར་པའི་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཀྱི་ས་ཆ་ལྗང་འགྱུར་གྱི་ལོ་གསུམ་བྱ་སྤྱོད་འཆར་གཞི་དང་། ས་ནག་ཞན་འགྱུར་རྩྭ་ཐང་བཅོས་སྐྱོང་གི་ལོ་ལྔའི་བྱ་སྤྱོད།   བྱེ་འགོག་བྱེ་བཅོས་ཀྱི་ལོ་གསུམ་བྱ་སྤྱོད་བཅས་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་མུའུ་ཁྲི127དང་།   བྱེ་འགོག་བྱེ་བཅོས་མུའུ་ཁྲི2.4ས་ཆུ་ཤོར་བཅོས་ཀྱི་སྤྱི་ལེ་ངོས་གྲུ34.6བཅས་ལེགས་སྒྲུབ་བྱེད་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་།   སྡེ་བའི་འཚོ་བའི་བཙོག་ཆུ།   ཞིང་ལས་ཀྱི་མཆེད་ཁུངས།    བཟོ་ལས་ཀྱི་གནས་ཁུངས།    ས་འོག་གི་ཆུའི་སྦགས་བཙོག་བཅས་གོ་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་དགོས། “ཚད་གསུམ་ཐོ་གཅིག”རྨང་གཞིར་བྱས་པའི་སྐྱེ་ཁམས་ཁོར་ཡུག་གི་དོ་དམ་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཏང་བའི་གྱོང་གུན་ཁ་གསབ་ལམ་ལུགས་དང་འགན་འཁྲི་ཚེ་གང་བདའ་འདེད་ལམ་ལུགས་འཐུས་ཚང་དུ་གཏོང་བ།   སྐྱེ་ཁམས་ཁོར་ཡུག་ལ་ཁྲིམས་འགལ་ངང་རྡུང་རྡེག་གཏོང་བའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བཅས་བྱེད་དགོས།   གསུམ་ནི་ཐན་ཏ་ཧྥིན་ཐན་ཀྲོན་ཧུ་ལས་དོན་གོ་རིམ་ལྡན་པའི་ངང་ལེགས་པར་བསྒྲུབ་དགོས།   ནུས་ཁུངས་ཟད་གྲོན་ཚོད་འཛིན་བྱེད་པའི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དང་།   ནུས་ཁུངས་ཟད་གྲོན་འགྲོ་ཚད་ཆུང་དུ་གཏོང་བའི་ཚོད་འཛིན་རང་བཞིན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལས་རིགས།  གཙོ་གནད་ས་ཁུལ་བཅས་ཀྱི་་ཐཱན་ཉུང་རིགས་བསྒྱུར་གཅིག་གྱུར་གྱིས་འཆར་འགོད་བཅས་བྱས་ཏེ། ནུས་ཁུངས་ཟད་གྲོན་ཆེ་བ་དང་འབུད་ཚད་མཐོ་བ། ཆུ་ཚད་དམའ་བ་བཅས་ཀྱི་རྣམ་གྲངས་རྨོངས་ཚོད་ཀྱིས་འཕེལ་རྒྱས་གཏོང་བར་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས། མ་བཅོས་རྒྱུ་ཆའི་བཟོ་ལས་དང་ནུས་ཁུངས་ཟད་གྲོན་ཆེ་བའི་ལས་རིགས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་བསྒྱུར་བཀོད་རིམ་སྤར་ལ་སྐུལ་འདེད་བཏང་སྟེ། བཟོ་ལས་ཀྱི་ནུས་ཁུངས་འཛད་སྤྱོད་བསྡོམས་འབོར་འཕར་ཚད2.6%ནང་ཚོད་འཛིན་བྱ་དགོས། 

(གསུམ།) ཐོན་ལས་འབྲེལ་ཐག་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་བཏང་སྟེ་དེང་རབས་ཀྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་དགོས། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དཔལ་འབྱོར་ཡོང་སྒོ་ཐོག་འཇོག་དགོས་པ་དང་། ཁྱད་ཆོས་དང་བཟང་ཆ་ལྡན་པའི་ཐོན་ལས་ཀྱི་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་དགོས།  གཅིག་ནས་མཐོ་སྒང་གི་སྐྱེ་ཁམས་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། “ཐོན་ལས་ཆེ་གྲས་ལྔ་”དར་སྤེལ་གཏོང་བའི་འཆར་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་།    དཔྱིད་ཀའི་འདེབས་འཛུགས། སྟོན་བསྡུའི་བྱ་བ་དང་།    ལུ་གུ་སྐྱེ་ལེན་དང་ཕྲུ་གུ་གསོ་བ།    ནོར་ལུག་བཤས་གཏོང་བ་སོགས་ལྷུ་ཚིགས་ཁག་གི་བྱ་བ་གཅིག་གྱུར་གྱིས་དམ་འཛིན་བྱ་དགོས། ཞིང་འབྲོག་ལས་ཐོན་སྐྱེད་ཀྱི“རིགས་གཉིས་དང་ཚད་གཞིའི”ཆུ་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་མུ་མཐུད་ལག་བསྟར་བྱེད་དགོས།   ཞ་ཧྭ་དང་།   དབྱི་ཏ།     ལུའུ་ཡོན་སོགས་ཀྱི་ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས།    ཞིང་ཕྱུགས་ཐོན་རྫས་ཀྱི་སྣེ་འདྲེན་ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།    ལོ་ཧྲིལ་པོར་རྫས་ལུད་དང་ཞིང་སྨན་གཉིས་ཀ་ཉུང་དུ་ཕྱིན་ནས་མུའུ་ཁྲི22.5ཟིན་པ་དང་། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི31ཟིན་ལ།  སྣུམ་རྒྱུ་འདེབས་ཁྱོན་མུའུ་ཁྲི43.8ཟིན། བེད་མེད་ས་རྒོད་བཅོས་སྒྲིག་རྒྱུན་མཐུད་ངང་བྱས་ཡོད། ཟླ6པའི་ཟླ་མཇུག་གོང་ཁུལ་ཡོངས་སུ་འབྲི་གཡག་སྟོང་གི་གསོ་ཚགས་རྟེན་གཞི5དང་བོད་ལུག་ཁྲིའི་ཚད་གཞི་ཅན་གྱི་ཐོན་སྐྱེད་རྟེན་གཞི་གསོ་སྤེལ་བྱེད་དགོས། ལོ་མཇུག་གི་སྔོན་ལ། རྫོང་ཁག་གི་གཟན་ཆས་བཟོ་གྲྭ་དང་།    སྒོ་ཕྱུགས་ཉོ་ཚོང་ཁྲོམ་ར།   བཤས་ར།   འཁྱག་མཛོད་ཀྱི་གྲང་འབྲེལ།   སྐྱེ་ལྡན་ལུད་ཐོན་སྐྱེད།   ནས་དང་པད་ཁའི་ལས་སྣོན་བཟོ་གྲྭ་སོགས“གཅིག་དྲུག”སྐྱེ་ཁམས་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བཀོད་སྒྲིག་བྱེད་དགོས།   གཉིས་ནི་ནུས་ཤུགས་གཅིག་སྒྲིལ་གྱིས་བཟོ་ལས་ཐོན་སྐྱེད་དམ་འཛིན་ལེགས་པོ་བྱ་དགོས། “ཁེ་ལས་གཅིག་ལ་སྲིད་ཇུས་གཅིག”གི་ལས་ཀའི་ལམ་སྲོལ་མུ་མཐུད་དོན་འཁྱོལ་བྱས་ནས་ནུབ་མཚོ་རྡོ་སོལ་ཧའེ་ཐའ་གཏེར་ཁུལ་གྱི་རིམ་གསུམ་བདེ་འཇགས་ཐོན་སྐྱེད་ཚད་ལྡན་ཅན་གྱི་གཏེར་དོང་ལ་བསྐྱར་ཞིབ་དང་། མུ་རི་གཏེར་ཁ་གསུམ་གྱི་བདེ་འཇགས་རང་བཞིན་ལ་རིགས་པས་ཁུངས་སྐྱེལ་བྱེད་པའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། བཀོད་གཏོང་ཆེད་དོན་ཚན་ཆུང་བཙུགས་ནས་ས་ཁུལ་ཁག་དང་ཁེ་ལས་ཁག་ལ་བསྐྱོད་དེ་ཡུལ་དངོས་ནས་ཐོན་སྐྱེད་བཀོད་གཏོང་དང་།   ཡུལ་དངོས་ནས་མཐུན་སྦྱོར་བྱེད་པ། ཡུལ་དངོས་ནས་གནད་དོན་ཐག་གཅོད་བཅས་བྱས་ནས་སྲིད་ཇུས་སྒྲོག་འགྲེལ་དང་། སྡེ་ཚན་མཐུན་སྦྱོར་འབྲེལ་མཐུད། མཁོ་སྤྲོད་སྟེགས་བུ་སྐྲུན་པ་སོགས་ཁེ་ལས་ཀྱི་དཀའ་སེལ་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་ཁེ་ལས་ཀྱི་ཚད་གཞི་ཇེ་མཐོ་དང་གཅིག་གྱུར་གསོ་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། ལོ་འདིའི་ནང་གཏན་འབེབས་གསར་པ་དང་ཚད་གཞི་མཐོ་ཤོས་ཀྱི་ཁེ་ལས་རེ་ཡོད་པ་དང་།   ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་ནུས་རྒྱུ་གསར་པ་སོགས་གཙོ་གནད་ལས་རིགས་བརྟན་པོ་ཡོང་བ་བྱས་ནས་བཟོ་ལས་དཔལ་འབྱོར་མགྱོགས་མྱུར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་འབྲེལ་འཕར་བའི་རྣམ་པ་བཟང་པོ་ཐོན་དགོས། གསུམ་ནི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།  སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་འཛད་སྤྱོད་ཀྱི་གཏིང་ཤུགས་ནུས་ཤུགས་ཡོད་རྒུས་སྔོག་འདོན་དང་། འཛད་སྤྱོད་ཀྱི་ཡིད་ཆེས་འཕེལ་བ། འཛད་སྤྱོད་ཀྱི་འཕར་སྣོན་ལ་སྐུལ་ཁྲིད་བཅས་བྱེད་དགོས། “དངོས་ཟོག་ལ་བརྟེན་ནས་མགྲོན་པོར་ཁ་གསབ”བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཞིང་སྡེའི་དངོས་ཟོག་སྐྱེལ་འདྲེན་སྡེབ་སྐྱེལ་ཐོན་ཁུངས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས།  ནུས་ཤུགས་ཡོད་རྒུས་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོ་གནས་ཡུལ་རྙིང་པ་སོགས་གནད་ཆེའི་རིག་གནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་བཏང་སྟེ་གསེར་དངུལ་ཐང་དང་། རྡུལ་ཕྲན་གྲོང་།   A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་ཀྱི་ཞན་ཆ་གསབ་པའི་རྣམ་གྲངས་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་དགོས། གནས་འདེམས་གསར་གཏོད་དང་གནས་འདེམས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་གནས་སྦྲེལ་ཐིག་སྦྲེལ་དང་ཐིག་སྦྲེལ་ཡུག་སྦྲེལ་བྱས་ནས“བཟའ་སྡོད་སྐྱོད་གསུམ་དང་རོལ་རྩེད་ཉོ་སྒྲུབ”དང“སོས་དལ་བཅས”སྦྲེལ་ཐག་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།   རིམས་ནད་ཐོན་རྗེས་ཀྱི་དུས་རབས་སུ་ཡུལ་སྐོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་བཟོས་ནས་དྲ་ཐོག་སྐད་གྲགས་ཆོད་པའི་ས་ཆ་ཁག་གཅིག་བཏོད་དེ་ཡུལ་སྐོར་ལས་རིགས་སླར་གསོ་མགྱོགས་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

(བཞི།) ཉུང་འཕྲི་དང་ནུས་བསྲི་ཕན་འཕར་བྱེད་ཤུགས་ཆེ་རུ་བཏང་སྟེ། བསྒྱུར་བཅོས་སྒོ་འབྱེད་ཀྱི་ནུས་རིམ་ཕྱོགས་ཡོངས་ནས་མཐོར་འདེགས་ཡོང་བར་སྐུལ་འདེད་གཏོང་དགོས།  བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་ཟབ་སྤེལ་དང་།   ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱུ་བསྟུད་མར་ཆེ་རུ་བཏང་ནས་སྒོ་འབྱེད་པར་བརྟེན་ནས་བསྒྱུར་བཅོས་དང་། འཕེལ་རྒྱས།    གསར་གཏོད་བཅས་ལ་སྐུལ་སྤེལ་བཏང་སྟེ་ཚོང་རའི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་།   འཕེལ་རྒྱས་ཀྱི་གཏིང་ཤུགས་འདོན་སྤེལ་བྱ་དགོས། གཅིག་ནི་གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས།  ཀྲུང་དབྱང་གི་རེས་སྐོར་གསར་པའི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  རེས་སྐོར་གསར་པའི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་སྤྱོད་སྤེལ་ནས།   གཞུང་ཁོངས་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ཞིང་འབྲོག་ཁུལ་གྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས།  མདོ་ལའི་ཁང་སའི་སྒྱུར་བཅོས་ཚོད་ལྟའི་ལས་དོན་ལེགས་སྒྲུབ་ཐུབ་པའི་བརྩོན་ལེན་བྱེད་དགོས། སྨན་བཅོས་འགན་སྲུང་ལམ་ལུགས། ཚོང་དོན་ལམ་ལུགས།   སློབ་གསོའི་ཁྱབ་ཁོངས།  སྤྱི་ཚོགས་རོགས་སྐྱོབ། ནོར་སྲིད་ཀྱི་དོན་གཅོད་དབང་ཆ། གཏོང་སྒོའི་འགན་འཁྲི་བཅས་དབྱེ་འབྱེད་སོགས་བསྒྱུར་བཅོས་ཀྱི་དོན་དག་གཏིང་ཟབ་དང་ཏན་ཏིག་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། ཁེ་ལས་རིགས་ཁག་ལ་ཕྱོགས་རིས་མེད་པར་བྱས་ནས་དམངས་གཉེར་ཁེ་ལས་ཀྱི་རྒྱུ་ནོར་བདག་དབང་དང་ཁེ་ལས་པའི་ཁེ་དབང་བཅའ་ཁྲིམས་ལྟར་སྲུང་སྐྱོང་དང་།  སྲིད་འཛིན་གྱི་གཅོད་འཇལ་དབང་ཆ་ཚད་ལྡན་དུ་གཏོང་བ། གན་རྒྱའི་དགོངས་དོན་བརྩི་སྲུང་།  ཆབ་སྲིད་དང་ཚོང་ལས་ཀྱི་འབྲེལ་བ་དམ་ཟབ་འཛུགས་པ་བཅས་བྱེད་དགོས། གཉིས་ནི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཡར་སྐུལ་ལམ་སྲོལ་འཛུགས་དགོས། “གཤམ་སྤྲོད་དོ་དམ་ཞབས་ཞུ”བསྒྱུར་བཅོས་རིམ་སྤོར་བྱས་ཏེ། དོན་དག་གཅིག་ཐེངས་གཅིག་ལ་སྒྲུབ་”པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། སྐར་ཁུང་གཉེར་སྒྲུབ་དང་། དྲ་ཐོག་གཉེར་སྐྲུབ། རང་འགུལ་གཉེར་སྒྲུབ། གཉེར་ཐེངས་གཅིག་བཅས་མངོན་འགྱུར་གང་མགྱོགས་དང་།  གོ་རིམ་སྟབས་བདེར་གཏོང་བ།  ཞབས་ཞུ་ལེགས་སུ་གཏོང་བ། ཁེ་ལས་ལ་ལམ་ཉུང་ཙམ་རྒྱུག་ཏུ་འཇུག་པ་དང་མང་ཚོགས་ལ་སེམས་དེ་བས་བདེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། “ཡིད་རྟོན་+ཞིབ་མཆན་”གསར་གཏོད་བྱེད་དགོས།   རྒྱལ་ཁབ་དང་ཞིང་ཆེན་དང་ཁུལ་གྱི་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་སྣ་ཚོགས་བཏོན་ཏེ། ནུས་ཤུགས་ཡོད་རྒུས་གཙོ་གཟུགས་འགན་ལེན་དང་། གཙོ་གཟུགས་འཕར་སྣོན། གཙོ་གཟུགས་གསོན་པོ། གཙོ་གཟུགས་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས། གསུམ་ནི་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་དགོས། ཁ་གཏད་མཚོ་སྐྱོར་དང་ཤར་རྒྱུད་དང་ནུབ་རྒྱུད་མཉམ་ལས། ལན་ཀྲོའུ་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཚོགས་པ་བཅས་ཀྱི་འཐབ་ཇུས་ཟབ་སྤེལ་དང་།   ཧྲན་ཏུང་ཞིང་ཆེན་དང་རྒྱལ་ཁབ་ཀྱི་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་ཀྱི་ཐོན་ལས་ཐོན་ཁུངས།  སློབ་གླིང་དང་སློབ་གྲྭའི་ཚན་ཞིབ། སྤུས་རྟགས་ཚོང་ར་སོགས་ཀྱི་དགེ་མཚན་བེད་སྤྱོད་གང་ལེགས།    སྐྱེ་ཁམས་ཕྱུགས་ལས་དང་། གསོ་ཚགས།  རིག་གནས་དང་ཡུལ་སྐོར་སོགས་ཀྱི་ཐོན་ལས་གོང་སྤེལ་འཆར་གཞི་ལག་བསྟར་མགྱོགས་སུ་གཏོང་བ།    དགེ་མཚན་དང་ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྱི་ཁ་གསབ་འབྲེལ་ཐག་རིང་དུ་གཏོང་བའི་འབྲེལ་ཐག་ཇེ་བརྟན་དུ་གཏོང་བ་བཅས་བྱ་དགོས། སྐྱེ་ཁམས་དང་།   སློབ་གསོ།    རིག་གནས་འགྲིམ་འགྲུལ།  བདེ་འཇགས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ཀན་སུའུ་ཞིང་ཆེན་འབྲུག་ཡུལ་གྲོང་ཁྱེར་དང་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་རེད།   ས་གནས་ཁག་གི་ཚོང་པ་མཚོ་བྱང་དུ་མ་འཇོག་དང་བྱ་གཞག་གཏོད་རྒྱུར་རྒྱ་ཁྱབ་ངང་འགུགས་ནས་ལོ་སྟོད་ཀྱི2022ལོའི་གན་རྒྱ་འཇོག་ཚད90%ཟིན་པ་དང་། ལས་འགོ་འཛུགས་ཚད70%ཟིན་པ། མ་དངུལ་དམིགས་སར་འབྱོར་ཚད40%ཡན་ཟིན་པ། ལོ་འཁོར་གྱི་ཚོང་འགུགས་མ་འདྲེན་གྱི་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར11ཟིན་དགོས། སྐབས24པའི“མཚོ་སྔོན་ཚོང་གཏམ་གྲོས་ཚོགས”དང་།   སྐབས་གསུམ་པའི་སྐྱེ་ཁམས་འགྲེམས་ཚོགས།   སྐབས་ལྔ་པའི“རྒྱུད་གཅིག་ལམ་གཅིག”གི་ནུས་རྒྱུ་གཙང་མའི་གླེང་སྟེགས་སོགས་ཀྱི་འགྲེམས་ཚོགས་བྱེད་སྒོར་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཞུགས་པ།    མཚོ་བྱང་ཁུལ་གྱིས་སྲིད་དབང་བཙུགས་ནས་ལོ70འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་བྱེད་སྒོ་གོ་སྐབས་སུ་བྱས་ཏེ། ཚོང་འགུགས་མ་འདྲེན་གྱི་དྲིལ་སྒྲོག་བྱེད་སྒོ་ཐོག་མཐའ་བར་གསུམ་དུ་སྤེལ་ནས་དམངས་ཡོངས་ཀྱིས་ཚོང་འགུགས་བྱེད་དགོས། 

(ལྔ།) གྲོང་ཁྱེར་དང་ཞིང་སྡེ་མཉམ་འདྲེས་རྒྱུན་མཐུད་ངང་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། ས་གནས་དེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ནས་ལེགས་འགྱུར་ཡོང་བར་སྐུལ་འདེད་བྱེད་དགོས། རྒྱལ་ཁབ་ཀྱི་ས་གནས་རེའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་དང་། ཅུང་ལེགས་པའི་ལེགས་ཆ་འདོན་སྤེལ།   རང་ས་གནས་ཀྱི་་ཁྱད་ཆོས་འབུར་ཐོན།   ཐོན་སྐྱེད་ནུས་ཤུགས་ཀྱི་བཀོད་པ་ལེགས་འགྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་གནས་དཔལ་འབྱོར་གྱི་བཀོད་པ་འཛུགས་དགོས། གཅིག་ནས་གྲོང་གསེབ་དར་སྤེལ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་སྤེལ་གཏོང་བའི་འབྲེལ་མཐུད་ནུས་ལྡན་སྲ་བརྟན་དང་རྒྱ་བསྐྱེད་པ་དང་། གཞི་ཁྱོན་ལྡན་པའི་བསྐྱར་ལོག་མི་ཡོང་བའི་གཞི་ཐིག་དམ་པོར་བསྲུང་དགོས། གྲོང་གསེབ་དར་སྤེལ་གཏོང་བའི“བྱ་སྤྱོད་ཆེན་པོ་བརྒྱད”ལག་བསྟར་ཤུགས་ཆེན་བྱས་ནས“འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་ཆུ་ཚད་སྲ་བརྟན་དང་མཐོ་རུ་གཏོང་རྒྱུ་དང་། དབུལ་ཐར་དང་མི་འབོར་ལྟ་ཞིབ་ཚད་ལེན་གྱི་ལས་ཞུགས་མི་གྲངས9000ཡན་ཟིན་རྒྱུ་མངོན་འགྱུར་བྱ་རྒྱུ་བཅས་རེད། ཞིང་ལས་དེང་རབས་ཅན་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ་ཞིང་སྡེ་འཛུགས་སྐྲུན་གྱི་བྱ་སྤྱོད་སྒྲིག་འཛུགས་དང་ལག་བསྟར་ཡག་པོ་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཡུལ་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་གཏོང་བའི་ལོ་ལྔའི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བ་དང་།   གྲོང་གསེབ་ཀྱི་གནད་དོན་ལྷག་པའི་གསང་སྤྱོད་ལ་ཞིབ་བཤེར་ཕྱིར་འབུད་ཀྱི་དག་ཐེར་ལས་དོན་རིགས་དབྱེ་ངང་སྤེལ་བ། གྲོང་གསེབ་འཚོ་བའི་གད་སྙིགས་དང་བཙོག་ཆུ་བཅོས་སྒྲིག་དང་སྔོ་འགྱུར་ལེགས་མཛེས་སུ་གཏོང་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། བདེ་སྡོད་ལས་འཚམ་གྱི་ཡིད་འོང་གྲོང་གསེབ་ཁྱོན་ཡོངས་ནས་བསྐྲུན་དགོས། གཉིས་ནི་མི་ལྟེ་བར་འཛིན་པའི་གྲོང་རྡལ་ཅན་གསར་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།   ཞིང་ཆེན་དང་པུའུ་ཡིས་མཐོ་སྒང་གི་ཡིད་འོང་གྲོང་རྡལ་མཉམ་དུ་བསྐྲུན་པའི་གོ་སྐབས་གལ་ཆེན་ལ་དམ་པོར་དམིགས་པ་དང“རྡུལ་གཅིག་གྲོང་གསུམ་གནས་མང”གི་གྲོང་རྡལ་གྱི་འཕེལ་རྒྱས་བར་སྟོང་བཀོད་སྒྲིག་ལ་དམིགས་ཏེ། རྫོང་མཁར་གཞི་རྟེན་གལ་ཆེན་དུ་བྱས་པའི་གྲོང་རྡལ་ཅན་གསར་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། མདའ་བཞི་རྫོང་གིས“འབར་མདེལ་གཉིས་དང་འཁོར་སྐར་གཅིག”གི་ཕུགས་བསམ་དད་སེམས་སློབ་གསོའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་མགྱོགས་མྱུར་བཏོད་དེ་མཐོ་སྒོང་གི་རིག་གནས་ཡུལ་སྐོར་གྱི་གྲོང་རྡལ་མིང་གྲགས་ཅན་སྐྲུན་དགོས།   འཇུ་ལག་རྫོང་གིས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་མཚོན་དང་ལྟེ་བའི་གྲོང་རྡལ་གལ་ཆེན་མགྱོགས་མྱུར་ངང་བཏོད་པ་དང་།    མདོ་ལ་རྫོང་གིས་མདོ་ལ་རིང་མོའི་ལྷོ་ངོས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་རྡལ་མགྱོགས་མྱུར་ངང་བཏོད་ནས། རྐང་ཚ་རྫོང་གིས་མི་རིགས་ཀྱི་རིག་གནས་གཞི་རྒྱུ་དང་། རང་བྱུང་སྐྱེ་ཁམས་མཛེས་ལྗོངས།  དེང་རབས་ཀྱི་གྲོང་རྡལ་འཛུགས་སྐྲུན་བཅས་ཕན་ཚུན་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་མཐོ་སྒང་གི་མཚོ་ངོགས་བོད་མཁར་བསྐྲུན་རྒྱུ་མགྱོགས་སུ་གཏོང་དགོས། གསུམ་ནས་གྲོང་རྡལ་དང་ཞིང་སྡེ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། མིག་མངས་འགྲིག་སྐོར་གཅིག་ལྟ་བུའི་བསམ་བློ་བརྟན་པོ་འཛུགས་པ་དང་། རང་ས་གནས་འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་ལ་དེ་བས་དོ་སྣང་བྱེད་དགོས་ཤིང་།  ཀྲུང་དབྱང་གིས་བོད་འབྲེལ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱེད་དགོས། མཚོ་བྱང་མི་རིགས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།   ལན་ཀྲོའུ་ཟི་ལིང་གྲོང་ཁྱེར་ཚོགས་པ་འཛུགས་སྐྲུན་བྱེད་པར་བརྟེན་ནས་མདའ་བཞི་རྫོང་གི་མཐོ་སྒང་གི་རིག་གནས་ཡུལ་སྐོར་གྱི་གྲོང་རྡལ་མིང་གྲགས་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།   གྲོང་རྡལ་གསར་སྒྱུར་བྱ་སྤྱོད་ལ་སྐུལ་འདེད་བཏང་སྟེ། སྡོད་ཁུལ་རྙིང་པ་ཆ་ཚང1047བསྒྱུར་བཀོད་དང་། ཉིན་ཆེ་ཁང་ཁུལ84བསྒྱུར་བཀོད་བྱེད་པར་བརྩོན་ལེན་བྱེད་དགོས།   གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་ཡོང་ཚད་དང་།   སྤྱི་པའི་ཞབས་ཞུའི་སྟབས་བདེ་ཡོང་ཚད།   མི་སྡོད་ཁོར་ཡུག་སྐྱིད་ཚད་བཅས་མཐོ་རུ་བཏང་ནས་མཐོ་སྒང་གི་ཐོན་སྐྱེད་ཡག་པོ་དང་། ཁོར་ཡུག་ཡག་པོ། ཡུལ་སྲོལ་བཟང་པོ།    བཅོས་སྐྱོང་ཡག་པོ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཞིང་སྡེ་གསར་པ7བསྐྲུན་རྒྱུའི་བརྩོན་ལེན་བྱེད་དགོས།

(དྲུག) དམངས་འཚོའི་བདེ་སྐྱིད་མུ་མཐུད་ཆེ་རུ་བཏང་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། དམངས་འཚོ་དེ་འཕེལ་རྒྱས་ཀྱི་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་སྒྱུར་བཅོས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ཏེ། མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་། དམངས་ཕན་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི80%ཡན་དམངས་འཚོའི་ཁྱབ་ཁོངས་སུ་སྤྱོད་དགོས། གཅིག་ནས་ནུས་ཤུགས་ཡོད་རྒུས་ལས་ཞུགས་བརྟན་པོ་དང་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་དགོས། ལས་ཞུགས་དམིགས་བསལ་གྱིས་སྔོན་ལ་འཛིན་པའི་སྲིད་ཇུས་དོན་འཁྱོལ་དང་། གྲོང་ཁྱེར་དང་ཞིང་སྡེ་གཞི་གཅིག་ཏུ་འགྱུར་བའི་ལས་ཞུགས་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། གཞོན་ནུ་དང་ལྷག་པར་དུ་མཐོ་རིམ་སློབ་གྲྭའི་སློབ་མཐར་སློབ་མའི་ལས་ཞུགས་ལས་དོན་དེ་སྔར་བས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ། ཞིང་པ་ལས་མི་དང་། དམག་ཁུལ་ནས་ཕྱིར་ཐོན་པའི་དམག་མི་སོགས་གཙོ་གནད་ཚོགས་སྤྱི་དང་དཀའ་ངལ་ཆེ་བའི་ཚོགས་སྤྱིའི་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གཞུང་ཞབས་པ་དང་།   བྱ་གཞག་ཚན་པའི་རྒྱུགས་ལེན་དང་ཁེ་ལས་ཀྱི་ཁ་ཕྱོགས་གཏན་འཁེལ་དང་སྤྱི་ཕན་རང་བཞིན་སོགས་ཀྱི་རྨང་གཞིའི་ལས་གནས་ཀྱི་རྒྱུགས་བསྡུའི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་ཡག་པོ་བསྒྲུབས་ཏེ་ལོ་ཧྲིལ་པོར་གྲོང་རྡལ་གྱི་ལས་ཞུགས་གསར་སྣོན་མི1800དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི4.5ལས་ཞུགས་གཞན་སྒྱུར་ཐུབ་པའི་འགན་ལེན་བྱེད་དགོས།  རྒུད་གསབ་ལས་སྤྲོད་ལག་བསྟར་ཡག་པོ་བྱས་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་མུ་མཐུད་དུ་སྤེལ་དགོས། ཚེ་གང་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྟབས་བསྟུན་ལས་ཞུགས་མི་སྣ་ལས་ཞུགས་བྱེད་སར་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པར་རྒྱབ་སྐྱོར་བྱ་དགོས།  གཉིས་ནི་ཚན་སློབ་ལ་བརྟེན་ནས་ཁུལ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱ་དགོས།   དུས་རབས་གསར་པར་ཀུན་སྤྱོད་ལེགས་སྐྱོང་དང་མི་སྣ་གསོ་སྐྱོང་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་ཏེ་སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་ལ་སྐུལ་སྤེལ་བརྟན་པོ་གཏོང་དགོས།    འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་འཕེལ་རྒྱས་དང་གྲོང་ཁྱེར་དང་ཞིང་སྡེ་གཞི་གཅིག་ཅན་དུ་འགྱུར་ཚད་མགྱོགས་སུ་གཏོང་བ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་གསོ་དང་སློབ་ཁྲིད་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། གྲངས་ཀའི་སློབ་གྲྭ་འཛུགས་སྐྲུན་དང་ཉེར་སྤྱོད་ཚད་མཐུན་གྱི་བྱ་སྤྱོད་སྤེལ་དགོས།  སློབ་སྔོན་སློབ་གསོའི་འཕེལ་རྒྱས་རིམ་སྤོར་དང་།   འོས་འགན་སློབ་གསོའི་ལྷུ་ཚིགས་ཞན་སར་ལེགས་གཏོང་དང་ནུས་པ་ཆེར་གཏོང་སོགས་ཀྱི་འདུ་འགོད་ལག་ལེན་བསྟར་ནས་སློབ་སྔོན་སློབ་གསོའི་སློབ་ཞུགས་བྱེད་ཚད་དང་།   འོས་འགན་སློབ་གསོ་སྲ་བརྟན་ཡོང་ཚད།   མཐོ་འབྲིང་དུས་མཚམས་ཀྱི་སློབ་ཞུགས་བྱེད་ཚད་བཅས96%ཡན་ཟིན་པ་དང་ལས་རིགས་སློབ་གསོའི་སློབ་ཐོན་སློབ་མའི་བསྡུར་ཚད95%ཡན་རྒྱུན་འཁྱོངས་ཐུབ་དགོས།   “རྣམ་གྲངས་དང་།   ཤེས་ལྡན་མི་སྣ།   ལས་སྟེགས”བཅས་ཟུང་དུ་འབྲེལ་བའི་ཚན་རྩལ་ཤེས་ལྡན་པ་ནང་འདྲེན་བྱེད་པའི་བྱེད་སྒོ་སྤེལ་བ་དང་གོ་མིང་ལམ་ལུགས་སྒྱུར་བཅོས་ཀྱི་ལས་དོན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་གསར་གཏོད་ཀྱི་རིན་ཐང་དང་།   ནུས་པ། ལེགས་སྐྱེས་བཅས་ཁྲིད་སྟོན་དུ་བྱེད་པའི་ཤེས་ལྡན་མི་སྣའི་དཔྱད་འཇོག་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཞིང་འབྲོག་མང་ཚོགས་ཀྱི་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་ཞིང་སྡེ་ཤེས་ལྡན་པ་གསོ་སྐྱོང་ཡག་པོ་བྱས་ནས་སློབ་ཆེན་སློབ་མ་དང་།  འཇོན་མི། ཞིང་པ་ལས་མི། ཁེ་ལས་པ་བཅས་རང་ཕ་ཡུལ་དུ་བསྐྱོད་རྒྱུར་གོ་རིམ་ལྡན་པའི་ངང་ཁྲིད་སྟོན་བྱས་ཏེ་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་འཕེལ་རྒྱས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས།  རྒྱལ་ཡོངས་ཀྱི་ཁྱིམ་སྡོད་ཁག་བཞི་པ་དང་སྡེ་ཁུལ་གྱི་རྒན་གསོའི་དུས་རབས་བསྒྱུར་བཅོས་ལས་ཀ་ནན་ཏན་གྱིས་ལེགས་པར་བསྒྲུབ་དགོས་པ་དང་།  རིམ་པ་མང་བའི་རྒན་གསོའི་འགན་བཅོལ་མ་ལག་འཕེལ་རྒྱས་གཏོང་དགོས། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། རྒས་འཚམ་བསྒྱུར་བཀོད་དང་། ཕན་བདེའི་སྒྲིག་བཀོད་ལེགས་སུ་གཏོང་བ།    ཞིང་སྡེ་བདེ་སྐྱིད་ཁང་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རྒན་གསོའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཀུན་ལ་ཕན་པའི་རྒན་གསོའི་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ།   “འགན་ལེན་བྱ་དགོས་རིགས་འགན་ལེན་”དང་“སྐྱོབ་དགོས་ངེས་རིགས་སྐྱོབ་གང་ཐུབ”བཅས་བྱ་དགོས།  སྨན་བཅོས་འགན་བཅོལ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས“གཅིག་གྱུར་བདུན”གྱི་རྫོང་ཁོངས་ཀྱི་ཚགས་དམ་པའི་སྨན་བཅོས་མཉམ་གཞི་ཁྱོན་ཡོངས་ནས་བསྐྲུན་ཏེ་སྤུས་ལེགས་ཀྱི་ཐོན་ཁུངས་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུའི་འགན་ལེན་བྱེད་དགོས།   རིམ་པ་མང་བའི་སྨན་བཅོས་འགན་སྲུང་གོ་རིམ་ལྡན་པར་འབྲེལ་མཐུད་ཡོང་བར་སྐུལ་འདེད་དང་།     ནད་གཞི་ལྕི་རིགས་ཀྱི་འགན་བཅོལ་དང་སྨན་བཅོས་སྐྱོབ་རོགས་ལམ་ལུགས་འཐུས་ཚང་དུ་གཏོང་བ། ས་གནས་གཞན་དུ་སྨན་བཅོས་རྩིས་རྒྱག་དོན་འཁྱོལ་བཅས་བྱེད་དགོས།  ཞིང་སྡེ་མ་མཐའི་འཚོ་རྟེན་འགན་སྲུང་གི་ནུས་པ་འདོན་སྤེལ་གང་ལེགས་དང་། གྲོང་མིའི་སྡོད་ཁང་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བ། རིམས་ནད་ཀྱིས་རྐྱེན་གྱིས་དཀའ་ངལ་འཕྲད་པའི་མང་ཚོགས་དང་། རྒན་པ་དང་།  དབང་པོ་སྐྱོན་ཅན་བཅས་དམིགས་བསལ་ཚོགས་སྤྱིའི་གཞི་རྩའི་འཚོ་བ་འགན་སྲུང་ཡག་པོ་བྱེད་པ། གཅེས་སྐྱོང་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བཞི་ནི་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་དགོས།   ཆུ་ཚད་མཐོན་པོས་བདེ་ཐང་གི་མཚོ་བྱང་བསྐྲུན་ནས། གོ་རིམ་ལྡན་པའི་པྲོག་གསར་ནད་དུག་ཁ་བའི་རིགས་ལ་དབྱེ་ཡོད། རྫོང་ཁོངས་ཀྱི་སྨན་བཅོས་མཉམ་གཟུགས་འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་མགྱོགས་སུ་གཏོང་བ་དང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་གཤམ་གཏོང་དང་ས་ཁོངས་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་དགོས།   སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་དང་།   ཀྲུང་ལུགས་དང་བོད་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཡོང་བར་འགན་སྲུང་བྱ་དགོས།   རིག་གནས་དམངས་ཕན་གྱི་འདུ་འགོད་གསར་གཏོད་དང་ལག་ལེན་བསྟར་ནས་དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དང་རིག་གནས་ཐོན་ལས་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། ཁུལ་ཡོངས་ཀྱི་སྐུད་ཡོད་བརྙན་འཕྲིན་འཕྲིན་ལམ་ཚང་མ་ཀོ་ཆེན་གྱི་ལམ་ནས་སྟོན་ཐུབ་པར་བརྩོན་ལེན་བྱེད་དགོས།   “རྒན་པ་དང་།   རྒན་གསོ།  སློབ་ཆུང་གཅིག”བཅས་ཀྱི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ནུས་ཤོར་རྒན་རྒོན་དུད་ཚང་171ལ“ཁྱིམ་ཚང་གི་རྒན་གསོའི་ཉལ་ཁྲི”བསྐྲུན་ནས་གྲོང་ཁྱེར་དང་ཞིང་སྡེ་རྒན་གསོའི་སྒྲིག་ཆས་ཀྱི་ཞན་ཆ་གསབ་དགོས། དམག་ཁུལ་ནས་ཕྱིར་ལོག་པའི་དམག་མིར་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བུད་མེད་དང་བྱིས་པ།    དབང་པོ་སྐྱོན་ཅན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་སྤྱི་ཚོགས་ཀྱི་ཕན་བདེ་དང་གཞན་ཕན་གྱི་ལས་ཀ་ལེགས་པར་བསྒྲུབ་དགོས། ལྔ་ནི་ཚོང་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱེད་ཤུགས་ཆེ་རུ་གཏོང་དགོས། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་འགན་འཁྲི་ནན་དུ་བཏང་ནས་དམངས་འཚོའི་ཚོང་ཟོག་གལ་ཆེན་གྱི་མཁོ་སྤྲོད་དང་རིན་གོང་གི་འཕེལ་ཕྱོགས་དུས་ཐོག་ཏུ་ཞིབ་འཇུག་དང་བརྡར་ཤ་བཅད་དེ་ཟོག་གོང་གི་ཆ་ནས་བརྟན་པོ་ཡོང་བར་བྱ་དགོས། སྔོ་ཚལ་བཟོ་སྐྲུན་སྐུལ་སྤེལ་གཏིང་ཟབ་བྱས་ནས་བྱ་དགའ་དང་ཁ་གསབ་སྤྲོད་པའི་ལམ་སྲོལ་འཛུགས་དགོས།   དམངས་འཚོའི་ཚོང་ཟོག་གལ་ཆེན་གྱི་རིན་གོང་ལ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་།    དུས་ཆེན་གལ་ཆེན་དང་དུས་མཚམས་གལ་ཆེན་གྱི་ཁྲོམ་རའི་མཁོ་འདོན་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཟོག་གོང་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་བྱེད་དགོས།   སྔོ་ཚལ་ཐོན་ཁུལ་དང་།   བསྡུ་འགྲེམ་ལྟེ་གནས།   ཚོང་གཉེར་ཚད་བརྒལ་ཚོང་ར་ཆེ་གྲས་བཅས་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་ས་གནས་དེ་གའི་མཁོ་འདོན་བྱེད་ནུས་ཆེ་རུ་གཏོང་དགོས། དུས་ཐོག་ཏུ་རིན་གོང་ཁ་གསབ་མཉམ་འགུལ་ལམ་སྲོལ་ལག་བསྟར་བྱས་ནས་ཁ་གསབ་འདང་ངེས་སྤྲད་དེ་དམངས་འཚོའི་ཚོང་ཟོག་གལ་ཆེན་གྱི་རིན་གོང་འཕར་བ་དེས་དཀའ་ངལ་ཡོད་པའི་མང་ཚོགས་ལ་བཟོས་པའི་ཤུགས་རྐྱེན་ཞི་ལྷོད་དུ་ནུས་ལྡན་བཏང་ཡོད།

(བདུན།) མི་དམངས་དང་ཚེ་སྲོག་བླ་ན་མེད་པ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ།        ཐོག་མཐའ་བར་གསུམ་དུ་བདེ་འཇགས་ལས་དོན་དམ་འཛིན་ལེགས་པོ་བྱ་དགོས། ཁྱོན་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཁྱོན་ཡོངས་ནས་ལག་བསྟར་དང་།   བདེ་འཇགས་འགན་ལེན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་གྲལ་བཤེར་བཅོས་སྒྲིག་ལ་ཤུགས་སྣོན།  དུས་བདེའི་མཚོ་བྱང་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཅས་གཏོང་དགོས།  གཅིག་ནས་འབྲུ་རིགས་ནུས་རྒྱུའི་བདེ་འཇགས་འགན་ལེན་བྱེད་དགོས།   འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་མགྱོགས་སུ་གཏོང་བ། འབྲུ་རིགས་འདེབས་མཁན་གྱི་ཞིང་པའི་ཡོང་འབབ་འགན་ལེན་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ།   ཐོན་འཕར་དང་ཉུང་འགྲོ་གཉིས་ཀར་དུས་གཅིག་ཏུ་ཤུགས་རྒྱག་པ། འབྲུ་རིགས་འདེབས་མཁན་ཞིང་པའི་ཡོང་འབབ་འགན་ལེན་གྱི་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ། སྤུས་ལེགས་འབྲུ་རིགས་འདུ་འགོད་ལ་སྐུལ་འདེད་གཏོང་བ། ཟས་རིགས་གྲོན་ཆུང་གི་བྱ་སྤྱོད་ཁག་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས།  འབྲུ་རིགས་ཐོན་སྐྱེད་དང་།   ཉོ་སྒྲུབ།   གསོག་ཉར་བཅས་ཀྱི་མཉམ་ལས་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འབྲུ་རིགས་གསོག་འཇོག་དང་ཉོ་ཚོང་ཁྱབ་ཁོངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ།   འབྲུ་རིགས་མཛོད་ཉར་དང་འཁོར་རྒྱུག་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས།   རྡོ་སོལ་དང་།   གློག་འཕྲིན།   སྣུམ་རླངས་བཅས་ཀྱི་མཁོ་སྤྲོད་འགན་ལེན་ལ་སྤྱི་འདོམས་བྱས་ནས་གློག་སོལ་གྱི་དུས་ཡུན་རིང་འབྲིང་གི་གན་རྒྱའི་ཁ་ཆད་ལྟར་ལྟ་སྐུལ་དོ་དམ་དང་འཁོར་སྐྱོད་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། རྡོ་སོལ་སྲིད་གཞུང་གི་བཀོད་གཏོང་གྲབས་གསོག་ནུས་པ་བརྟན་དུ་བཏང་ནས་དམངས་འཚོའི་ནུས་སྤྱོད་དང་གཞི་རྩའི་ནུས་སྤྱོད་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་ཡིན། གཉིས་ནི་ནོར་སྲིད་དང་དངུལ་རྩའི་ཉེན་ཁ་སྔོན་འགོག་དང་མེད་པར་བཟོ་དགོས། “འཚོ་བ་དམ་པོ་སྐྱེལ་བའི”བླང་བྱ་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་ནས“གཞུང་གྲོན་གསུམ”ལ་དོ་དམ་ཚོད་འཛིན་ནན་མོ་བྱས་ཏེ། གཞི་རིམ་གྱི“འགན་ལེན་གསུམ”ལ་དམ་འཛིན་ནན་མོ་བྱེད་དགོས། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱེད་པ་དང་། འཕར་གྲངས་བཀག་འགོག་དང་བསགས་འབོར་སེལ་ཐབས་མཐའ་གཅིག་ཏུ་བྱེད་པ།   སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་པའི་ཁྲོད་དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱེད་དགོས།  ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པའི་གྱོད་གཞིའི་ཉེན་ཁ་འགོག་ཟོན་དང་ཐག་གཅོད་ཡག་པོ་བྱས་ནས་བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་བརྟན་སྲུང་བྱེད་དགོས། ས་ཁང་བདག་ཁོངས་ཚོང་ར་འཕེལ་རྒྱས་བརྟན་པོ་ཡོང་བར་འགན་ལེན་དང་།   འགྲིམ་འགྲུལ་དང་།   དམངས་འཚོར་འགན་ལེན།   བརྟན་ལྷིང་ཡོང་བར་འགན་ལེན་བཅས་བྱེད་པའི་ལས་དོན་ཁག་ཏན་ཏིག་ངང་སྒྲུབ་པ།   ལས་རིགས་ཀྱི་ལུགས་མཐུན་མ་དངུལ་འདུ་འཁོར་བྱེད་པའི་དགོས་མཁོ་སྐོང་བ། ཁེ་ལས་བཅས་ཀྱི་ཉེན་ཁ་སྔོན་འགོག་དང་གཙང་སེལ།   ཁེ་ལས་ཀྱི་མ་དངུལ་གཏོང་ཡོང་གནས་ཚུལ་ལེགས་སུ་གཏོང་བ།   ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་བཅས་བྱ་དགོས། གསུམ་ནི་གནོད་འགོག་གནོད་སེལ་དང་ཉེན་མེད་ཐོན་སྐྱེད་ཀྱི་ལས་ཀར་ཤུགས་སྣོན་རྒྱག་དགོས།  བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས་དོན་རྐྱེན་ཚབས་ཆེན་བྱུང་བར་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཟས་རིགས་དང་སྨན་རྫས་ཉེན་མེད་ཡོང་བར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་དངོས་ཉེན་མེད་ཡོང་བར་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། “མཉམ་འགོག་+ལག་རྩལ་འགོག་བཅོས+རིག་ནུས་སྔོན་འགོག”གི་རང་བྱུང་གནོད་འཚེ་ལྟ་ཞིབ་ཚད་ལེན་སྔོན་བརྡའི་མ་ལག་འཐུས་ཚང་དུ་གཏོང་བ་དང་།  རང་བྱུང་གནོད་སྐྱོན་འགོག་སྲུང་གི་བཟོ་སྐྲུན་ལག་བསྟར་དང་།   གནད་ཆེའི་གནས་ཀྱི་ལྟ་དཔྱད་ཚད་འཇལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ།   ས་གཤིས་ཀྱི་གནོད་སྐྱོན་ཕྱོགས་བསྡུས་ཀྱིས་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས།  ས་ཡོམ་དང་ཆུ་ལོག་སོགས་ཀྱི་གནོད་འཚེའི་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་དམིགས་སུ་བཀར་ནས་དོ་ཁུར་བྱས་ཏེ་དུས་ཐོག་ཏུ་ཁ་གཏད་འཇལ་ཐབས་སྤྱོད་དགོས། གཙོ་གནད་ཁྱབ་ཁོངས་དང་།   གཙོ་གནད་སྒྲིག་ཆས།   གཙོ་གནད་གནས་བཅས་སུ་བདེ་འཇགས་སྐོར་ཞིབ་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་དོན་རྐྱེན་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེན་ཐོན་རྒྱུ་བཀག་འགོག་ནུས་ལྡན་བྱེད་དགོས། དམངས་ཡོངས་ཀྱི་འཕྲལ་སྡོམ་འདུ་ཤེས་ཟབ་ཏུ་བཏང་ནས་མང་ཚོགས་ཀྱི་ཉེན་ཟོན་འདུ་ཤེས་དང་རང་སྐྱོབ་ནུས་པ་ཆེ་རུ་གཏོང་དགོས།  བཞི་ནི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས།  ཁྲིམས་སྐྱོང་མཚོ་བྱང་དང་དུས་བདེའི་མཚོ་བྱང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་མཉམ་སྐྲུན་དང་།  མཉམ་བཅོས།   མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། དུས་རབས་གསར་པའི་“ཧྥེང་ཆའོ་ཡི་ཉམས་མྱོང་”རྒྱུན་འཁྱོངས་དང་གོང་འཕེལ་བཏང་སྟེ་མི་དམངས་གཏུགས་བཤེར་ལས་དོན་ལེགས་བཅོས་དང་།   ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་སྤེལ་ཤུགས་ཆེ་རུ་གཏོང་བ།   གྲོང་རྡལ་དང་གྲོང་གསེབ་སྡེ་ཁུལ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་གཏིང་ཟབ་ཏུ་སྤེལ་དགོས།   སྤྱི་ཚོགས་བདེ་འཇགས་ཁྱོན་ཡོངས་ནས་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནག་ཚོགས་སྤྱོད་ངན་ཚར་གཅོད་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། མཚོ་སྔོན་དང་ཀན་ལྷོའི་འབྲེལ་མཚམས་ས་ཁུལ་གྱི་དུས་བདེ་དང་དར་རྒྱས་གཏོང་བའི་ལས་གཞི་ཟབ་སྤེལ་དང་། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས།   མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་མདུན་གྲལ་དུ་བསྐྱོད་དགོས།  

འཐུས་མི་རྣམ་པ། འཆར་འགོད་གསར་པའི་ནང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་དང་། ལས་འགན་གསར་པའི་ནང་བྱས་རྗེས་གསར་པ་འཇོག་རྒྱུའི་འབོད་སྐུལ་གནང་ཡོད། རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག ང་ཚོས་བློ་མཐུན་ཞི་ཅིན་ཕིང་ལྟེ་བར་འཛིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་དང་ཞིང་ཆེན་ཨུ་ལྷན་གྱི་ཐབས་ཇུས་བཀོད་སྒྲིག་དང་ཁུལ་ཨུའི་བྱ་བའི་བླང་བྱ་ལྟར།   ཁུལ་དམངས་ཆེན་གྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་དང་།   ཁུལ་སྲིད་གྲོས་ཀྱི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ཉན་ནས། ཚོགས་ཆེན་གྱི་ཞིབ་བཤེར་བསམ་འཆར་དང་གྲོས་ཆོད་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་།  འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། མཚོ་བྱང་འཕེལ་རྒྱས་ཀྱི་རབ་བྱེད་གསར་པ་བརྩམས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་བྱང་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས། 


ཟུར་བཀོད་ཕབ་ལེན།






མཉམ་སྤྱོད།