དེ་རིང་ནི2025ལོའི་ཟླ05པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་རྐང་ཚས་སྲིད་ཇུས་དང་ཚན་རྩལ་ལ་བརྟེན་ནས་སྲིད་གཞུང་དང་ཁེ་ལས་མཉམ་འབྲེལ་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་ཡུལ་བཙུགས།

2025-01-16 11:38:07   |   2943

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་ཐོན་ཁུངས་ལེགས་ཆ་དང་ཐོན་ལས་རྨང་གཞིར་བརྟེན་ཞིང་། སྲིད་ཇུས་ཀྱིས་གཙོ་ཁྲིད་དང་ཚན་རྩལ་གྱིས་རྒྱབ་རྟེན་བྱེད་པའི་ཐབས་ཤེས་སྤྱད་དེ་ཞིང་ཕྱུགས་ལས་ལ་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་བྱས་པ་དང་། རྒྱལ་ཁབ་ཁེ་ལས་འཕེལ་རྒྱས་དང་རྒྱུ་རྐྱེན་གཅིག་སྡུད་ལ་སྐུལ་འདེད་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་ཡུལ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱས།  

མ་དངུལ་བཏང་ནས་རྨང་གཞི་བསྐྲུན་པ། 《མི་རིགས་ཀྱི་ལག་ཤེས་དང་སྲོལ་རྒྱུན་ལག་རྩལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས18》དང་། 《རྗོང་ཁོངས་ཕྱི་རུ་སྐམས་ལུག་ཤའི་ཐད་འཚོང་ཁང་(ཐད་གཉེར་ཚོང་ཁང་)འཛུགས་པའི་ཁ་གསབ་དང་བྱ་དགའ་སྤྲོད་ཐབས(ཚོད་སྤྱོད)》དང་། 《ནོར་ལུག་ཕྱིར་འཚོང་གི་བྱ་དགའ་སྤྲོད་ཐབས(ཚོད་སྤྱོད)》སོགས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་གཏན་འབེབས་བྱས་པ་དང་། རྫོང་རིམ་པའི་མ་དངུལ་སྒོར་ཁྲི1700ལྷག་ཙམ་གཅིག་གྱུར་འཆར་འགོད་བྱས།  “སྲིད་གཞུང་གིས་སྟེགས་བུ་བསྐྲུན་པ་དང་། དངུལ་ཁང་གིས་རོགས་སྐྱོར། ཁེ་ལས་ལ་ཕན་ཐོགས་པ”བཅས་ཀྱི་རྣམ་པ་བརྒྱུད་ནས་དངུལ་རྩའི་རོགས་སྐྱོར་ལ་ཤུགས་བསྣན་ཏེ། རྫོང་ཡོངས་ཀྱི་རྣམ་པ་གསར་པའི་ཞིང་ཕྱུགས་ལས་གཉེར་སྐྱོང་མཁན་ལ་སྐྱེད་ཀ་དང་གྲོན་དངུལ་སྒོར་ཁྲི1291.36ཁ་གསབ་བྱས་པ་དང་། ཀུན་ཕན་དངུལ་རྩས་ཁེ་ལས་ཆུང་གྲས་རིགས་ཀྱི་དངུལ་བུན་སྒོར་དུང་ཕྱུར2.6སྤྲད་པས། ཁེ་ལས་ཆུང་གྲས་རིགས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་འཕེལ་རྒྱས་དལ་བའི་གནད་དོན་ཐག་གཅོད་བྱས་ཤིང་། ཁེ་ལས་འཕེལ་རྒྱས་དང་། ནོར་ལུག་ཕྱིར་འཚོང་། མི་རིགས་ལག་ཤེས་གོང་འཕེལ། ཚོང་གཉེར་གསར་པ་སྐྱེད་སྲིང་སོགས་ལ་རོགས་རམ་བྱས། 

ཚན་རྩལ་གྱི་འདེགས་སྐྱོར་ལ་བརྟེན་ནས་གསོན་ཤུགས་བསྣན། ཚན་རྩལ་གྱིས་གྲོང་གསེབ་དར་སྤེལ་ལ་འདེགས་སྐྱོར་བྱེད་པ་དེ་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚན་རིག་ཞིབ་འཇུག་ཁང་དང་ཚན་རྩལ་རང་བཞིན་གྱི་ཁེ་ལས་བར་གྱི་མཉམ་ལས་སྤེལ་རེས་ལ་རང་འགུལ་གྱིས་ཤུགས་བསྣན་ཏེ། བོད་ལུག་མ་མོར“ལོ་གཉིས་ལ་ལུ་གུ་ཐེངས་གསུམ་བཙའ་བ”དང་། འབྲི་མོར“མིས་བཟོས་ཁུ་སྤེལ”བྱེད་པའི་ཚོད་ལྟ་སོགས་ཕན་ནུས་ཆེ་བའི་གསོ་སྤེལ་ལག་རྩལ་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ནོར་གནག་དང་བོད་ལུག་གི་སོན་བཟང་རྒྱུད་སྤེལ་བྱེད་པའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་ཞིང་། ཞིང་ཕྱུགས་ལས་རིགས་ཀྱི་ཁྱབ་གདལ་བྱེད་པ་གཙོ་བོ་ཡིན་པའི་ལག་རྩལ་ཁྱབ་གདལ་ཐུབ་ཚད100%ཟིན་ཡོད། ལོ་རེར་རྫོང་རིམ་པའི་ཞིང་ཕྱུགས་ཐོན་རྫས་ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་སྒོར་ཁྲི500གཏོང་བཞིན་ཡོད་ལ། ནོར་ལུག་གི་སྤུས་ལེགས་གཟན་ཆས་ཁ་གསབ་སོགས་རིགས་ཆེན་པོ་གསུམ་དང་སྣ་ཁ་མི་འདྲ་བ19ཞིབ་འཇུག་གསར་སྤེལ་བྱས་ཏེ། ལུག་ཤའི་ཏང་ཀུན་ཁུ་བ་དང་། ལུག་པགས་ཁུ་ར།  གློ་སྙིང་མཆིན་གསུམ་གྱི་འཚོ་བཅུད་ཐའེ་གཤེར་ཁུ་སོགས་ཐོན་རྫས་གསར་རྐྱང་རིགས10ལྷག་ཙམ་ཐོན་སྐྱེད་བྱས་ཏེ། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཀྱིས་ནུས་མཐོའི་སྒོ་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་འཛུགས་སྐྲུན་ལ་རོགས་རམ་བྱེད་པར་སྐུལ་འདེད་བཏང་། 

སྲིད་གཞུང་དང་ཁེ་ལས་ཀྱིས་དཔུང་ཤུགས་གཅིག་ཏུ་སྦྲེལ་བ།  ཞིང་ཕྱུགས་ལས་ཀྱི་ནུས་ལྡན་ཐོན་སྐྱེད་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཕྱིར་འཚོང་། ཞིང་ཕྱུགས་ལས་གཉེར་སྐྱོང་བྱེད་པོ་གསོ་སྐྱོང་སོགས་ཀྱི་བྱ་བའི་ཆེད་དོན་འཛིན་གྲྭ་གསུམ་བཙུགས་པ་དང་། མགོ་ཁྲིད་ལས་བྱེད་པས་ཁེ་ལས་རེ་རེར་མཉམ་འབྲེལ་བྱེད་པ་དང་། དུས་བཅད་ལྟར་ཁེ་ལས་ལ་འཚམས་འདྲི། དྲིལ་སྒྲོག་ངོ་སྤྲོད་སོགས་ཞབས་ཞུའི་ལམ་སྲོལ་བཙུགས་པ་བརྒྱུད་ནས། ཚོང་གཉེར་ཁོར་ཡུག་ཧྲིལ་བོ་ཇེ་ལེགས་སུ་གཏོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་། རྟོག་ཞིབ་དང་འོས་སྦྱོར་བརྒྱུད་དེ་ཕྱིར་འཚོང་གན་རྒྱ་དང་མོས་འདུན་གྲོས་མཐུན་ཁག19ལ་མིང་རྟགས་བཀོད་ཅིང་། སྐམས་ལུག་ཤ་ཏུན495.95ལྷག་ཙམ་བྲིན་ཚོང་བྱས་ལ། དངུལ་གྲངས་སྒོར་ཁྲི3266.19ཟིན་ཡོད། དེ་དང་ཆབས་ཅིག ཆིན་ཧོས་ཞིང་ཕྱུགས་མ་འཇོག་གསར་སྤེལ་ཚད་ཡོད་སྤྱི་གཉེར་གྱི་རྒྱལ་དབང་ཁེ་ལས་ཀྱི་འགན་འཁྲི་ཁུར་དུ་བླངས་ཏེ། རྒྱལ་དབང་ཞིང་ཕྱུགས་ཁེ་ལས་ཀྱི་ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་གསར་གཏོད་བྱས་ནས་བཙུགས་ཤིང་། མང་ཚོགས་ཀྱི་བཤའ་བ་དང་། གྲང་ཉར། སྐྱེལ་འདྲེན་སོགས་ཀྱི་འགྲོ་གྲོན་ཇེ་ཡང་དུ་བཏང་སྟེ། ཞིང་འབྲོག་ཁྱིམ་ཚང་གི་ནོར་ལུག་ཕྱིར་འཚོང་དང་ཡོང་འབབ་དཀའ་བའི་གནད་དོན་ནུས་ལྡན་ངང་ཐག་གཅོད་བྱས་ལ་དམངས་ལ་ཕན་པ་དངོས་ཐོབ་པར་བྱས།



མཉམ་སྤྱོད།