དེ་རིང་ནི2025ལོའི་ཟླ05པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚས་སྨན་བཅོས་ཞབས་ཞུའི་རྣམ་པ་གསར་པ་བསྐྲུན།

2025-03-13 09:43:57   |   1808

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


2024ལོ་ནས་བཟུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཐོག་མཐའ་བར་གསུམ་དུ་བདེ་ཐང་རྐང་ཚ་འཛུགས་སྐྲུན་གྱི་དམིགས་འབེན་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱས་ཏེ། བཅོས་བསྒྱུར་ལ་སྐུལ་འདེད་དང་འཕེལ་རྒྱས་དོན་གཉེར་ལ་འབད་བརྩོན་ཧུར་ཐག་བྱས་ཤིང་། དངོས་འབེབས་དམ་འཛིན་དང་ནུས་པ་མཐོར་འདེགས་ཐད་འགན་འཁུར་ཤུགས་ཇེ་ཆེ་དང་། དམངས་སེམས་དྲོད་སྐྱིད་དང་དམངས་ཚིས་ཕན་བདེ་ལ་བྱ་ཐབས་དངོས་སྤྱད་དེ། ནུས་ཤུགས་ཡོད་རྒུས་གཙོ་གནད་ལས་དོན་སོ་སོར་སྐུལ་སྤེལ་བྱས་ནས་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་།

མཉམ་འབྲེལ་སྨན་བཅོས་དང་ཐུན་མོང་འཆར་འགོད་ཀྱིས་སྣེ་ཁྲིད་བྱས་ནས་ཕན་ནུས་མཐོར་འདེགས་དང་དམངས་ཕན་ཁུར་ཡང་དུ་བཏང་། ལོ་ཧྲིལ་བོའི་གཙོ་གནད་ལས་དོན་གྱི་འགག་རྩར་ཟུང་འབྲེལ་དམ་པོ་དང་འཆར་འགོད་ཞིབ་ཚགས་བྱས་ཏེ།《2024ལོའི་རྐང་ཚ་རྫོང་ཀྲུང་བོད་གསོ་རིག་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་བྱ་བའི་འཆར་གཞི》དང《2024ལོའི་རྐང་ཚ་རྫོང་སྨན་བཅོས་ཐུན་མོང་སྒྲིག་གཞིའི་བྱ་བའི་འཆར་གཞི་ལག་བསྟར་ཇུས་གཞི》གཏན་འབེབས་པར་འགྲེམས་བྱས་ཏེ། དམིགས་ཚད་གནད་ལ་འཁེལ་བའི་སྒོ་ནས་གཏན་འཁེལ་བྱས་པ་དང་། ནུས་ཤུགས་ཡོད་རྒུས་སྤུས་ལེགས་ཕྱོགས་བསྡུས་རྣམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་པའི་འཕེལ་རིམ་ལ་སྐུལ་འདེད་བཏང་བ་དང་། རྫོང་ཁོངས་སྨན་བཅོས་མ་ལག་སྤྱི་ཡོངས་ཀྱི་ཕན་ནུས་སྔོག་འདོན་དང་རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སོ་སོའི་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་སྟེ། ཏན་ཏིག་གིས་ནད་པའི་སྨན་བཅོས་ཀྱི་དཀའ་གནད་ལ་ཐད་ཀར་དམིགས་ཏེ་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ཇེ་ཡང་དང་མང་ཚོགས་ཀྱི་བདེ་ཐང་བདེ་སྐྱིད་ལ་རྨང་གཞི་བརྟན་པོ་བཙུགས་ཡོད།

སྨན་བཅོས་བཅོས་བསྒྱུར་ལ་གནད་ལ་འཁེལ་བའི་སྒོ་ནས་ཁུངས་གཏུགས་ཏེ་རྩིས་ཐོ་གསལ་བོར་བཀོད། 《མཚོ་བྱང་ཁུལ་གྱི་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་མགོ་ཁྲིད་ཚན་ཆུང་གི་མཚོ་བྱང་ཁུལ་གྱི2024ལོའི་ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་གྱི་གཙོ་གནད་ལས་འགན་དང་བཅོས་བསྒྱུར་རྩིས་ཐོ་པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(མཚོ་བྱང་སྨན་བཅོས་བཅོས་བསྒྱུར〔2024〕ཨང1པའི)ཡིག་ཆའི་བླང་བྱར་བརྩི་སྲུང་ནན་མོ་བྱས་ཏེ། རང་ས་གནས་གྱི་གནས་ཚུལ་དངོས་ལ་གཞི་བཙུགས་ནས་དབྱེ་ཞིབ་ཞིབ་འཇུག་དང་།《རྐང་ཚ་རྫོང་གི2024ལོའི་ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་གྱི་གཙོ་གནད་ལས་འགན་དང་བཅོས་བསྒྱུར་རྩིས་ཐོ》ཞིབ་ཕྲ་བཟོས་ཏེ། གཙོ་གནད་ལས་འགན26དང་བཅོས་བསྒྱུར་བྱེད་ཐབས་ཀྱི་རྩིས་ཐོའི་དོན་ཚན62དུས་ཐོག་དངོས་འབེབས་བྱས་པ་དང་། རྫོང་ཡོངས་ཀྱི་སྨན་བཅོས་བཅོས་བསྒྱུར་ལས་དོན་གོམ་སྟབས་བརྟན་པོའི་ངང་མདུན་སྐྱོད་བྱེད་པར་སྣེ་ཁྲིད་བྱས་ཏེ། བཅོས་བསྒྱུར་བྱེད་ཐབས་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོན་པར་ཁག་ཐེག་བྱས་ཡོད།

གཙོ་གནད་ཚན་ཁག་ལ་འགག་སྒྲོལ་སྐུལ་འདེད་བཏང་བ་དང་། ཆེད་ལས་ཚན་ཁག་རྒྱ་བསྐྱེད་ཀྱི་གྲུབ་འབྲས་ཐོག་མར་མངོན་ཡོད། སྨན་བཅོས་སྲ་ཆས་སྒྲིག་བཀོད་དང་ཆེད་ལས་ཚན་ཁག་འཛུགས་སྐྲུན་དཀྱིལ་སྙིང་དུ་བཟུང་ནས། མུ་མཐུད་དུ་ནུས་ཤུགས་བཏོན་པ་དང་བརྟན་བརླིང་སྒོས་འབད་བརྩོན་བྱས། རྫོང་མི་དམངས་སྨན་ཁང་གི་ནད་གཞི་ལྕི་བའི་གསོ་རིག་ཚན་ཁག་འཛུགས་སྐྲུན་བྱེད་པར་སྟ་གོན་གང་ལེགས་བྱས་པས་རྣམ་གྲངས་འཛུགས་སྐྲུན་སྒྲོམ་ཡིག་བདེ་བླག་ངང་སྒྲིག་བཟོ་ལེགས་འགྲུབ་བྱུང་བ་དང་། གནད་འགག་གི་སྒྲོམ་གཞི་སྐྲུན་པ་དང་རྗེས་ཕྱོགས་ཚན་ཁག་ལེགས་པར་སྤྱོད་མགོ་ཚུགས་པར་རྨང་གཞི་བརྟན་པོ་བཏང་ཡོད། རྫོང་བོད་སྨན་ཁང་གི་བགྲེས་སོང་ཆེད་ལས་ཚན་ཁག་དང་མྱུར་སྐྱོབ་ཚན་ཁག ཀྲུང་བོད་གསོ་རིག་དང་འཚམ་པའི་ལག་རྩལ་ཁྱབ་སྤེལ་ལྟེ་གནས་བཅས་གཙོ་གནད་རྣམ་གྲངས་ཆེན་པོ་གསུམ་དུས་བཅད་ལྟར་ལེགས་གྲུབ་བྱུང་བ་མ་ཟད་ཚན་ཁག་ལས་གཉེར་གཟབ་རྒྱས་ངང་དབུ་ཚུགས་ནས་རྐང་ཚ་སྨན་བཅོས་ཞབས་ཞུའི་སྟོང་ཆ་མང་པོ་ཁ་གསབ་ལེགས་གྲུབ་བྱུང་བ་དང་བོད་སྨན་གྱི་ཁྱད་ཆོས་ལྡན་པའི་སྨན་བཅོས་མངའ་ཁོངས་རྒྱ་ཆེར་བསྐྱེད་དེ་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱ་རྒྱུར་འགྱུར་མེད་ཀྱི་སྟོབས་ཤུགས་བསྣན་ཡོད།

ཚན་རིག་དང་མཐུན་པའི་སྒོ་ནས་གླ་ཕོགས་དོན་ཐོག་ཏུ་འཁྱོལ་བར་སྐུལ་སློང་བྱས་ཏེ་ཡོང་འབབ་བརྟན་པོར་བཏང་ཡོད། མཐའ་གཅིག་ཏུ་“ཆོག་པ་གཉིས”ཀྱི་རྩ་གནད་ལག་བསྟར་བྱས་ཏེ། རྐང་ཚ་རྫོང་གི་གླ་ཕོགས་བཅོས་བསྒྱུར་གྱི་“བཟོ་བོ་མཁས་ཆེན”ཞིག་ཏུ་གྱུར་ནས། ཚན་རིག་དང་མཐུན་པའི་རྩིས་ཐབས་ཡང་དག་སྤྱད་དེ། གཞུང་གཉེར་སྨན་ཁང་གི་གླ་ཕོགས་ཆུ་ཚད་སྙོམས་སྒྲིག་གང་ལེགས་བྱས་ཏེ། ནང་ཁུལ་གྱི་བགོ་བཤའི་ལམ་སྲོལ་ཐབས་མཁས་ལེགས་སྒྲུབ་བཏང་བས་སྨན་བཅོས་མི་སྣར“སྙིང་སྟོབས་འབད་བརྩོན”གྱི་སྒུལ་ཤུགས་གསར་བ་བསྩལ་ཡོད།



མཉམ་སྤྱོད།