དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

སྟག་ལྷས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་རྒྱུ་ནོར་གྱི་ཕན་འབྲས་ཐོན་ཚུལ་ལ་བརྟག་ཞིབ་བྱས་པ།

2024-12-04 16:22:12   |   224

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12ཚེས3ཉིན། རྫོང་ཨུའི་ཧྲུའུ་ཅི་སྟག་ལྷ་ཤྭ་ལུང་འགག་ཆུ་ཚན་དང་ནད་ཕོག་ནས་ཤི་བའི་ཕྱུགས་རིགས་ཀྱི་གནོད་མེད་ཅན་གྱི་ཐག་གཅོད་བྱ་ཡུལ།    ཧོང་ཚོ་གྲོང་སྡེ་བའི་ཕག་གསོ་སྤེལ་རྟེན་གཞི་བཅས་སུ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་རྒྱུ་ནོར་གྱི་ཕན་འབྲས་འདོན་སྤེལ་བྱས་ཚུལ་ལ་བརྟག་ཞིབ་བྱེད་པར་ཕྱིན་པ་དང་།    བྱ་ཐབས་སྣ་མང་མཉམ་སྤྱོད་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ་བྱ་བའི་ཕན་འབྲས་ལ་བརྟེན་ནས་དུས་ཚོད་ལྟར་རྣམ་གྲངས་ཀྱི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

bc9d3cc97658fc147a0b8259f8b8090.jpg

    ཤྭ་ལུང་འགག་ཆུ་ཚན་དུ་སྟག་ལྷ་དང་བཅས་པ་ལས་གཞི་སྤེལ་ཡུལ་དུ་བསྐྱོད་ནས་ལས་གཞིའི་འཕེལ་རིམ་དང་མྱུར་ཚད། བདེ་འཇགས་ཐོན་སྐྱེད་འགན་ལེན་བྱ་ཐབས་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་བྱས། སྟག་ལྷས་ཤྭ་ལུང་འགག་ཆུ་ཚན་འཛུགས་སྐྲུན་ནི་ཙོང་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་རྫོང་ཡོངས་ཀྱི་ཆུ་མཁོ་འདོན་གྱི་གནད་དོན་ཐག་གཅོད་བྱེད་ཐབས། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། རྫོང་རོང་འབྲོག་ཆུ་བེད་དང་ཚན་རྩལ་ཅུས་ཡུལ་དངོས་ཀྱི་སྒྲིག་འཛུགས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་སྤུས་ཚད་མཐོ་བ་དང་ཆུ་ཚན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ལོ་མཇུག་གོང་རྒྱལ་བུན་མ་དངུལ་གྱི་ལས་འགན་དང་མ་དངུལ་གཏོང་སྤྲོད་ཕྱོགས་ཡོངས་ནས་ལེགས་གྲུབ་ཐུབ་པར་འགན་ལེན་བྱེད་དགོས་ཤིང་། རྫོང་འཕྲལ་བསྟུན་ཅུས་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཤུགས་ཆེར་བཏང་ནས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་བདེ་འཇགས་བྱ་ཐབས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། ལས་གཞི་འཛུགས་སྐྲུན་གྱི་སྤུས་ཚད་དང་བདེ་འཇགས་འགན་ལེན་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།

57998f97157d9be8144f4f1e2bbfaf1.jpg

སྟག་ལྷ་འཁོར་དང་བཅས་པ་ཝ་མགྱོགས་ཡུལ་ཚོའི་ཕྱུགས་རིགས་དང་བྱ་རིགས་གནོད་མེད་ཅན་གྱི་ལས་སྣོན་ར་བར་སྒྲིག་ཆས་འཁོར་སྐྱོད་བྱས་ཚུལ་དང་ལས་གཞི་འཛུགས་སྐྲུན་གྱི་བྱ་བའི་སྙན་སེང་ལ་ཉན། བྱ་བའི་བརྒྱུད་རིམ་ནང་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་འདྲི་རྩད་བཅས་བྱས་པ་དང་། ནད་ཀྱིས་ཤི་བའི་སྒོ་ཕྱུགས་དང་ཁྱིམ་བྱ་གནོད་མེད་ཅན་གྱིས་ཐག་གཅོད་བྱ་ཐབས་དེ་ཕྱུགས་ལས་ཐོན་སྐྱེད་བདེ་འཇགས་དང་སྐྱེ་ཁམས་ཁོར་ཡུག་བདེ་འཇགས། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་བཅས་དང་འབྲེལ་བ་ཡོད་པས། ཡུལ་ཚོ་དང་གྲོང་རྡལ་ཁག་གིས་ནད་ཀྱིས་ཤི་བའི་ཕྱུགས་རིགས་དང་བྱ་རིགས་གནོད་མེད་ཅན་གྱིས་མེད་པར་གཏོང་བའི་ལས་ཀའི་དོ་དམ་དང་ཁྱིམ་བྱ་གསོ་སྤེལ་དང་བཤའ་བ། གནོད་མེད་ཅན་གྱི་བྱ་ཐབས་སོགས་ཀྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ནས་དྲིལ་སྒྲོག་སློབ་གསོ་ཤུགས་ཆེར་བཏང་སྟེ། ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གཙོ་བོ་དང་རོང་འབྲོག་མང་ཚོགས་ལ་ནད་ཀྱིས་ཤི་བའི་ཕྱུགས་རིགས་དང་བྱ་རིགས་གནོད་མེད་ཅན་གྱིས་མེད་པར་གཏོང་བར་ཁྲིད་སྟོན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞུས་ལུང་ཞིན་དང་ཞུས་ཁའེ། འབྲེལ་ཡོད་སྡེ་ཁག་དང་ཡུལ་གྲོང་གི་འགན་འཁུར་བློ་མཐུན་གྱིས་བརྟག་ཞིབ་ལ་ཕེབས་རོགས་གནང་།  


སྐབས་སྔོན་མ། མདའ་བཞི་རྫོང་གི་ཁྱབས་ཁོངས་ཡོངས་ཀྱི་སྐྱེ་ཁམས་དོ་དམ་པས་བདེ་བརྟན་མདའ་བཞིའི་ལྗང་མདོག་འཕེལ་རྒྱས་ལ་གསོན་ཤུགས་བསྐྲུན་པ།
སྐབས་རྗེས་མ། མདའ་བཞི་རྫོང་གིས་མཁར་གྲོང་འཛུགས་སྐྲུན་ཇེ་ལེགས་དང་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཇེ་ཆེར་བཏང་བ།
མཉམ་སྤྱོད།