དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་གངས་འཁྱགས་རོལ་རྩེད་ལ་བརྟེན་ནས་མང་ཚོགས་ལ་སྤྲོ་སྐྱིད་བདེ་སྣང་བསྐྲུན་པ།

2025-01-07 15:36:28   |   3380

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


དགུན་ཚུགས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་ཞིང་ཨུ་དང་ཁུལ་ཨུ། རྫོང་ཨུ་བཅས་ཀྱི“མཚོ་བྱང་ཁུལ་གྱིས་དགུན་དུས་གནས་སྐོར་ཐོག་མར་མགོ་རྩོམ་པ”ཞེས་པའི་འབོད་སྐུལ་དང་ལེན་བྱས་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཞིབ་ཚགས་བཀོད་སྒྲིག་འོག་ཏུ། ལྗོངས་རྒྱུ་ལྟེ་གནས་དང་ལྗོངས་རྒྱུ་བྱེད་སྒོ། ལྗོངས་རྒྱུའི་ཞབས་ཞུ་སོགས་ཡོད་ཚད་གངས་འཁྱགས་ལ་བརྟེན་ནས་བཞེངས་བསྐྲུན་བྱེད་པ་ལྟེ་བ་ཡིན་པའི་འདུ་ཤེས་བཟུང་སྟེ། “དུས་ཚོད་གཏན་འཁེལ་དང་བྱེད་སྒོའི་ལམ་ཐིག་གསལ་བོ་བཟོ་བ། འགན་སྲུང་ས་ཁུལ་གཏན་དུ་ཕབ་པ”བཅས་ཀྱི་རྒྱུ་རྐྱེན་གཙོ་བོ་གསུམ་ལ་དམིགས་ནས་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས། གནས་སྐོར་བའི་སྣ་མང་ཅན་གྱི་དགོས་མཁོ་ཕྱོགས་ཡོངས་ནས་བསྐངས་ཡོད།  ཐུན་མོང་མ་ཡིན་པའི་གངས་འཁྱགས་ཀྱི་ལྗོངས་རྒྱུའི་གནས་སྐོར་ཆེན་མོ་ཞིག་ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ། མདའ་བཞིའི་དགུན་དུས་ཀྱི་ཐུན་མོང་མ་ཡིན་པའི་མཛེས་སྡུག་དང་གངས་འཁྱགས་རྩེད་མོ་མྱོང་རོལ་བྱེད་ཐུབ་པར་བརྩོན་ལེན་བྱས་ཡོད།

ས་གནས་ཀྱི་མང་ཚོགས་ས་ཐག་རིང་པོར་འགྲོ་མི་དགོས་པར་འཁྱགས་བརྐོས་དང་གངས་འཁྱགས་སྟེང་རྩེད་མོ་རྩེད་པ་དང་། དགུན་དུས་ཀྱི་གངས་འཁྱགས་རྣམ་པ་ཉམས་སུ་མྱོང་བ། གངས་འཁྱགས་གནས་སྐོར་གྱི་ཁྲོམ་ར་ནུས་ལྡན་ངང་ཡར་སྤེལ་བྱ་ཆེད། མདའ་བཞི་རྫོང་གིས་ནུབ་མཚོ་གྲོང་རྡལ་གྱི་གསེར་མཚོའི་འཁྱགས་དར་ཐོན་ཁུངས་ལ་བརྟེན་ནས་འཁྱགས་དར་ཐོན་རྫས་ཀྱི་འདུ་ཤེས་གསར་གཏོད་བྱས་ཏེ། མདེལ་གཉིས་སྐར་གཅིག་གི་དྲན་གསོ་རྡོ་རིང་དང་། སྐྱེས་མཆོག་སྨོན་ལམ་མཐོན་པོ། འཁྱགས་དར་རྒྱ་སེ་མེ་ཏོག  དོམ་གྱི་འབྱུང་རབས་ཀྱི་འགུལ་རིས་བཟོ་དབྱིབས་སོགས་དར་གྱི་བརྩམས་ཆོས་དང་། ལོ་རྟགས་བཅུ་གཉིས་དང་ཁངས་ཀྱི་དམག་སྡེ། ཁངས་ཀྱི་ཁང་བ་སོགས་ཀྱི་ཁངས་ཀྱིས་ལས་པའི་བཟོ་དབྱིབས་མང་པོ་བཤམས་ཡོད།  ཐང་གཅོད་འཕྲུལ་རྟ་ཞོན་ནས་གངས་ཤུལ་བྱེད་པ། གློག་རྡུལ་གདོང་གཏུག་རླངས་འཁོར། ཁ་ཏིང་རླངས་འཁོར། མི་ངོ་མའིCSརོལ་རྩེད་སོགས་གངས་འཁྱགས་ལུས་རྩལ་རྣམ་གྲངས20ཁ་སྣོན་བྱས་ཡོད། དེ་ལས་གཞན།  ཁྱད་ལྡན་རྒྱ་ཁོག སླང་བསྲེགས་གོ་རེ། ཐབ་ཀ་བསྐོར་ནས་ཇ་སྐོལ་བ་སོགས་གངས་འཁྱགས་ཀྱི་ཟས་མཆོག་མང་པོ་མཁོ་འདོན་བྱས་ཡོད།

ཟླ12ཚེས30ཉིན་སྤྲོ་སྐྱིད་གླིང་གི་སྒོ་དངོས་སུ་ཕྱེས་ཤིང་། “དགུན་དུས་བླ་མཚོའི་ཁ་རུ། གངས་འཁྱགས་མདའ་བཞིར་སྐྱིད”ཅེས་པའི2025ལོའི་ལོ་གསར་བསུ་བའི་གངས་འཁྱགས་སྤྲོ་སྐྱིད་ལུས་རྩལ་འགྲན་སྡུར་འཚོགས།  སྤྲོ་སྐྱིས་གླིང་གི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོར་དར་བཟོས་དང་དར་ཁངས་བཟོས། དར་ཤུད་སོགས་ཀྱི་རྩེད་མོའི་རྣམ་གྲངས་ཇེ་མང་དུ་བཏང་རྗེས་གནས་སྐོར་བ་ན་ནིང་ལས་ཆེས་ཆེར་མང་དུ་ཕྱིན་ཡོད་ཅིང་།

 ཟླ12ཚེས25ཉིན་ཚོད་ལྟའི་གཉེར་སྐྱོང་བྱས་པ་ནས་བཟུང་ཉིན་རེར་མི་ཐེངས་200ཙམ་ལྟ་སྐོར་དང་རྩེད་མོ་རྩེ་བར་ཡོང་ཞེས་བརྗོད། དེའི་ཐོག་ད་ལོར་སློབ་ཆུང་སློབ་མ་རྣམསལ་དགུན་གནང་སྔོན་ལ་བཏང་བའི་རྐྱེན་ལོ་གསར་ཉིན་དང་པོར་བསྡོམས་རྩིས་བྱས་པ་ལྟར་ན། གསེར་མཚོ་གངས་འཁྱགས་རོལ་རྩེད་ར་བས་གནས་སྐོར་བ་མི་ཐེངས600ལྷག་ཙམ་སྣེ་ལེན་བྱས་པ་དང་། ཡོང་འབབ་སྒོར་ཁྲིའི་ཡན་བརྒལ་ནས་ཟིན་ཐོ་གསར་བ་བསྐྲུན་ཡོད།

རྗེས་མར་གསེར་མཚོ་གླིང་ཁུལ་དུ་མུ་མཐུད་དུ་ཕུན་སུམ་ཚོགས་པའི་གངས་འཁྱགས་ལྗོངས་ཁུལ་གྱི་རྣམ་པ་བསྐྲུན་ཏེ། སྟབས་བདེའི་ཟ་མ་ལས་པ་དང་རོལ་རྩེད་རྣམ་གྲངས་སོགས་ཀྱི་ཐད་སྔར་བས་གསར་གཏོད་ཡོད་པ། བདེ་འཇགས་འཁོར་སྐྱོད་སྔར་བས་འཐུས་ཚང་ཡིན་པ། ཞབས་ཞུའི་འགན་ལེན་སྔར་བས་ཇེ་ལེགས་སུ་བཏང་སྟེ།  གནས་སྐོར་བ་རྣམས་ལ་བདེ་འཇགས་དང་འཁྲུག་ཆ་དོད་པོ། མྱོང་རོལ་གྱི་བདེ་སྣང་གིས་ཁེངས་པའི་གངས་འཁྱགས་རོལ་རྩེད་གླིང་ཅིག་བསྐྲུན་འཆར་ཡོད།  



མཉམ་སྤྱོད།