དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་དགུན་བསྐྱལ་བའི་འདབ་ཆགས་ཀྱི་གནས་ཚུལ་ལ་རྟོག་འཇལ་བྱས་པ།

2025-01-15 17:01:41   |   3270

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


མདའ་བཞི་རྫོང་མངའ་ཁོངས་ཀྱི་དགུན་བསྐྱལ་བའི་འདབ་ཆགས་ཁྱུ་ཚོགས་ཀྱི་གྲངས་འབོར་དང་ཁྱབ་ཁོངས། སྲུང་སྐྱོང་གི་གནས་ཚུལ་དང་དེ་བཞིན་འདབ་ཆགས་རིགས་འཕྲད་པའི་ཉེན་ཁའི་རྒྱུ་རྐྱེན་གཙོ་བོ་བཅས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱ་ཆེད། ཉེ་ཆར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གིས་དགུན་བསྐྱལ་བའི་འདབ་ཆགས་ལ་རྟོག་འཇལ་བྱེད་པའི་བྱེད་སྒོ་སྤེལ་ནས། མདའ་བཞི་རྫོང་དང་མཚོ་སྔོན་པོའི་མཐའ་འཁོར་གྱི་འདབ་ཆགས་ཀྱི་གྲངས་འབོར་དང་དེའི་འཚོ་གནས་ཁོར་ཡུག་ལ་རྒྱུས་ལོན་གསལ་རྟོགས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ཚན་རིག་ཞིབ་འཇུག་གི་ལས་ཀར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས།

b7f6049fd9ca8e7943f783954ddda5a.jpg

                                                                                འབྲེལ་ཡོད་མི་སྣས་དགུན་བསྐྱལ་བའི་བྱ་རིགས་ལ་བརྟག་ཞིབ་བྱེད་བཞིན་པ།

མདའ་བཞི་རྫོང་གི་ཕུན་སུམ་ཚོགས་པའི་ཆུ་ཕྲན་འབབ་རྒྱུད་ནི་འདབ་ཆགས་རིགས་མང་པོ་དགུན་དུས་གནས་འཆའ་ས་ཡིན་ལ། ཉེ་བའི་ལོ་འགའི་སྔོན་ནས་བཟུང་མདའ་བཞི་རྫོང་གིས་འདབ་ཆགས་ཀྱིས་དགུན་བསྐྱལ་སར་རི་སྐྱེས་སྲོག་ཆགས་ཀྱི་སྐྱེས་འཕེལ་ལ་གནོད་པ་བཟོ་བའི་བྱ་སྤྱོད་བཀག་སྡོམ་གསལ་བོ་བཟོས་ཡོད་ཅིང་། དགུན་བསྐྱལ་ས་དང་སྐྱེས་འཕེལ་གནས། ངལ་གསོ་ས། གནས་སྤོར་རྒྱུ་ལམ་སོགས་ཁྱབས་ཁོངས་ནང་གི་འདབ་ཆགས་རིགས་ལ་སྲུང་སྐྱོབ་གཙོ་གནད་བྱས་ཡོད།

རྟོག་འཇལ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་བྱེད་ཐབས་སྣ་ཚོགས་སྤྱད་དེ་མདའ་བཞི་རྫོང་གི་ཁྱབ་ཁོངས་སུ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་།  ལྗོངས་ཁུལ་དང་འདབ་ཆགས་འཚོ་སྡོད་གནས་ཁུལ། སྐྱེ་ཁམས་རིགས་བཅས་ཕྱོགས་གསུམ་གྱི་ཐད་ནས་དབྱེ་ཞིབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མདའ་བཞི་རྫོང་གི་འདབ་ཆགས་ཀྱི་འཚོ་སྡོད་ཁོར་ཡུག་དང་འདབ་ཆགས་ཀྱི་སྣ་མང་རང་བཞིན་ལ་རྒྱུས་ལོན་བྱས་ནས། རྟོག་འཇལ་གཞི་གྲངས་ཀྱི་ནང་དོན་སྔར་བས་ཁ་གསབ་དང་འཐུས་ཚང་དུ་བཏང་ནས་དགུན་བསྐྱལ་བྱ་རིགས་དང་དེའི་འཚོ་སྡོད་གནས་ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་སྲུང་སྐྱོབ་བྱེད་པར་གཞོགས་འདེགས་བྱས་ཡོད།



མཉམ་སྤྱོད།