དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་སྲུང་སྐྱོང་བྱས་ཏེ། “ལྗང་མདོག་རྨང་གཞི”བསྐྲུན་པར་ནུས་ཤུགས་བཏོན་པ།

2025-04-01 17:30:02   |   643

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་འགའི་རིང་། མདའ་བཞི་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་དེ“རྒྱལ་ཁབ་ཆེན་པོའི་དོན་ཆེན”དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་བདེ་དང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན། ཞིང་ཕྱུགས་ལས། གྲོང་ཁྱེར་ལྟ་སྐུལ་སོགས་སྡེ་ཁག་གིས་མཉམ་དུ་དམ་འཛིན་དང་ཐུན་མོང་དོ་དམ་བྱས་ཏེ། འབེན་ཕྱོགས་ཀྱིས་ནུས་ཤུགས་བཏོན་ནས“བཟོད་སྒོམ་གཏན་ནས་མི་བྱེད་པའི”རྣམ་འགྱུར་སྒོས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་གཏོར་བརླག་བྱེད་པར་ཆད་གཅོད་ནན་མོ་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་ཁྱོན་ཡོངས་ནས་ཇེ་ལེགས་སུ་བཏང་སྟེ་མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ཏན་ཏིག་ངང་ལེགས་སྒྲུབ་བྱ་རྒྱུར་རྨང་གཞི་ཡག་པོ་བཏིང་ཡོད།

སྐོར་ཞིབ་སྲུང་སྐྱོབ་ལ་དམིགས་ཏེ་སྲུང་སྐྱོབ་གཏིང་ཟབ་བྱས་པ། “མཚོ་མོ་དང་སྐམ་ས། ནམ་མཁའ”བཅས་ཀྱི་ལངས་གཟུགས་ཁྲིམས་འཛིན་དྲ་རྒྱ་བཙུགས་པ་དང་། མི་མེད་གནམ་གྲུའི་སྐོར་སྐྱོད་དང་ཚ་བའི་བརྙན་གྲུབ་ལྟ་ཞིབ་ཚད་ལེན་ལག་རྩལ་སྤྱད་དེ། མཚོ་ལྗང་ཁྲ་དང་བྱེ་མ་ལ་བདུན་སོགས་ཆུ་ཁོངས་ལ་ཆུ་ཚོད24རིང་འགུལ་རྣམ་ལྟ་སྐུལ་ཚོད་འཛིན་བྱེད་བཞིན་ཡོད་ལ།  རྔོན་ཤུབས་དང་རྔོན་སྐྱེལ། རྒྱ་རྙི་སོགས་རྔོན་འཛིན་ཡོ་བྱད་དུས་ཐོག་ཏུ་སྔོག་བཤེར་གཙང་སེལ་བྱས་པ་དང་། ཁྲིམས་འཛིན་མི་སྣས་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ནན་ཏན་གྱིས་འཚོལ་སྡུད་བྱས། མིག་སྔར་ཉ་རྒྱ8དང་རྒྱ་རྙི་སྨི420ལྷག་ཙམ་ཞིབ་བཤེར་བསྡུ་ལེན་བྱས་ཡོད།

ཞིབ་བཤེར་གནད་ལ་འཁེལ་ཞིང་འབུར་དུ་ཐོན་པ་བྱས་ནས་འགན་འཁྲི་ལེགས་པོར་སྒྲུབ་པ། ཁྲིམས་འཛིན་མི་སྣས་ཁོངས་གཏོགས་ཁུལ་གྱི་མགྲོན་ཁང་དང་སྒར་འདེབས་ས་ཁུལ་ཞིབ་བཤེར་བྱ་ཡུལ་བྱས་ཏེ། འཁྱགས་སྒམ་དང་ཤེལ་སྒམ་བཅས་ཀྱི་ནང་དུ་ལས་སྣོན་དང་གསོག་ཉར་བྱས་པའི་མཚོ་སྔོན་པོའི་གསེར་ཉྭ་ཡོད་མེད་དང་། ལྐོག་གསོད་བྱས་པའི་རི་སྐྱེས་སྲོག་ཆགས་ཡོད་མེད། ཚལ་ཐོའི་ནང་དུ་རི་སྐྱེས་སྲོག་ཆགས་དང་འབྲེལ་བའི་ཡི་གེ་ཡོད་མེད་སོགས་ལ་གཙོ་གནད་ཞིབ་བཤེར་བྱས་ཏེ། ཞིང་ལས་ཚོང་ར་དང་སྒོ་རྩིས་ཚོང་ཁང་། བཟའ་བཏུང་སོགས་གཙོ་གནད་གནས་ཡུལ་ལ་ཞིབ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་། དེ་དང་ཆབས་ཅིག་སྐྱེ་ཁམས་དོ་དམ་སྲུང་སྐྱོང་མི་སྣ་དང་སྡོད་དམངས་རྣམས་ལ“ཉྭ་སྲུང་ལྟ་སྐུལ་པའི”འགན་ཁུར་དུ་བཅུག་པ་དང་ཐེར་འདོན་ཐད་སྦྲེལ་ཁ་པར་སྐུད་ལམ་བཙུགས་ནས། སྐྱེ་ཁམས་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་མོ་བཏང་ནས་མཚོ་སྔོན་པོའི་སྐྱེ་ཁམས་བརྟན་པོ་ཡོང་བར་སྲུང་སྐྱོབ་བྱས།

དྲིལ་སྒྲོག་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚན་རིག་ཁྱབ་གདལ་སློབ་ཁྲིད་ལེགས་པོར་བྱས་པ།  རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་བཏང་བ་དང་། དཔེ་མཚོན་ཅན་གྱི་གྱོད་དཔེ་དུས་ཐོག་ཏུ་འགྲེལ་བཤད་བྱེད་པ། ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཕྱིར་འཚོང་བྱས་པའི་མཇུག་འབྲས་ཚབས་ཆེན་ངོ་སྤྲོད་བྱས་ཏེ། མང་ཚོགས་ལ་རི་སྐྱེས་སྲོག་ཆགས་དང་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ཏེ། རི་སྐྱེས་སྲོག་ཆགས་གང་བྱུང་དུ་ཟ་བའི་གོམས་གཤིས་ངན་པ་གཏན་འགོག་དང་། སྤྱི་དམངས་ཀྱིས་རི་སྐྱེས་སྲོག་ཆགས་དང་སྲོག་ཆགས་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ཐེར་འདོན་དང་། བཀག་འགོག་བྱེད་པ་བཅས་བྱེད་པར་སྐུལ་ལྕག་བྱས་ཏེ། ཐུན་མོང་གིས་རི་སྐྱེས་སྲོག་ཆགས་ལ་དོ་ཁུར་དང་སྲུང་སྐྱོབ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་སུ་བཅུག་ཡོད།



མཉམ་སྤྱོད།