མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས24ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

འཇུ་ལག་ཧོས་རིགས་རང་སྐྱོང་རྫོང་།

2022-11-28 11:56:03   |   629

འཇུ་ལག་ཧོས་རིགས་རང་སྐྱོང་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་བྱང་ཤར་ས་ཁུལ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ཕྱོགས། འཇུ་ལག་ཆུ་བོའི་བར་རྒྱུད་དུ་ཆགས་ཡོད། ས་གོ་ལའི་བྱང་གི་འཕྲེད་ཐིག37º03′—37 º59′དང་ཤར་གྱི་གཞུང་ཐིག100º55′—102 º49′ཡིན། རང་སྐྱོང་རྫོང་གི་ཤར་ཕྱོགས་སུ་ཀན་སུའུ་ཞིང་ཆེན་གྱི་དཔའ་རིས་བོད་རིགས་རང་སྐྱོང་རྫོང་ཡོད་ལ། ལྷོ་ཕྱོགས་སུ་ཟི་ལིང་གྲོང་ཁྱེར་གྱི་རྟ་ཐང་ཧོས་རིགས་ཧོ་རིགས་རང་སྐྱོང་རྫོང་དང་མཚོ་ཤར་ས་ཁུལ་གྱི་དགོན་ལུང་རྫོང་དང་མ་མཚམས་འབྲེལ་ཡོད། ནུབ་ཕྱོགས་སུ་མདའ་བཞི་རྫོང་དང་མདོ་ལ་རྫོང་ཡོད། བྱང་ཕྱོགས་སུ་ཀན་སུའུ་ཞིང་ཆེན་གྱི་ཧྲན་ཏན་དང་ཡོང་ཁྲེང་། བོའུ་ཝེ་ཡོད། རྫོང་ཁོངས་ཀྱི་ཤར་ནས་ནུབ་ཏུ་སྤྱི་ལེ172.44དང་ལྷོ་ནས་བྱང་དུ་སྤྱི་ལེ103.99ཡོད། ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ6902.26ཡོད། རྫོང་མི་དམངས་སྲིད་གཞུང་ནི་རྒྱ་མདོ་གྲོང་རྡལ་དུ་ཆགས་ཡོད་ཅིང་། ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ87.5ཡོད། རང་སྐྱོང་རྫོང་གི་ལྷོ་ཕྱོགས་ཙོང་ཆུའི་ལུང་རྒྱུད་དུ་འབྲེལ་ཡོད་ལ། བྱང་ཕྱོགས་རྨ་ནུབ་དོག་ལམ་དུ་ཐོན་ཡོད་པས་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་ལྡན་པ་ཡིན།


མཉམ་སྤྱོད།