དེ་རིང་ནི2024ལོའི་ཟླ12པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《མཚོ་བྱང་ཁུལ་གྱིས་རྣམ་གྲངས་ཀྱི་མ་དངུལ་སྡོམ་འགོད་བསྡུ་སྒྲིལ་བྱས་ནས་གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་དོ་དམ་བྱེད་ཐབས》ཀྱི་སྲིད་ཇུས་འགྲེལ་བཤད།

2022-10-10 08:37   |   763

དང་པོ།  འཆར་ཟིན་འགོད་པའི་དམིགས་ཡུལ་དང་རྒྱབ་ལྗོངས།  

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་།  གྲོང་གསེབ་དར་སྤེལ་གཏོང་བ་གཉིས་འབྲེལ་མཐུད་ནུས་ལྡན་བྱ་རྒྱུའི་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྤྱིའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས། ནོར་སྲིད་ཀྱི་མ་དངུལ་བེད་སྤྱོད་བྱེད་པའི་ཕན་འབྲས་ཆེ་རུ་བཅས་གཏོང་ཆེད།  《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་དབུལ་ཕོངས་རྫོང་གི་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་བེད་སྤྱོད་བྱེད་པའི་ཚོད་ལྟའི་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》(མཚོ་སྔོན་སྲིད་གཞུང་ལས་ཁང(2016)ཨང123པ།)དང་《 མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་སོགས་སྡེ་ཁག12ཀྱི་དབུལ་ཕོངས་རྫོང་གི་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་བེད་སྤྱོད་ལས་དོན་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་བརྡ་སྦྱོར》(མཚོ་སྲིད་ཞིང་ཡིག (2021)ཨང1790པ།《མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་སོགས་སྡེ་ཁག6གི་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་གྲོང་གསེབ་དར་སྤེལ་གྱི་ཁ་གསབ་མ་དངུལ་འབྲེལ་མཐུད་ལ་སྐུལ་སྤེལ་བྱེད་པའི་དོ་དམ་བྱེད་ཐབས་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར》(མཚོ་སྔོན་ནོར་ཡིག(2021)ཨང821པ།)བཅས་གཞི་བྱས་ཏེ། དུས་མགོའི་བརྟག་ཞིབ་དང་དབྱེ་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་སྟེང་། ངེད་ཅུ་ཡིས《མཚོ་བྱང་ཁུལ་གྱི་རྣམ་གྲངས་མ་དངུལ་བསྡུ་སྒྲིལ་བེད་སྤྱོད་བྱས་ནས་གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་དོ་དམ་བྱེད་ཐབས》(མ་ཡིག)སྒྲིག་བཟོ་བྱས་པ་ཡིན། མ་ཡིག་ཡོངས་འགྲུབ་བྱས་རྗེས། འབྲེལ་ཡོད་སྡེ་ཚན་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་དང་དེ་གཞི་བྱས་ཏེ། 《བྱེད་ཐབས》ལ་བཟོ་བཅོས་བྱས་ཤིང་། 《མཚོ་བྱང་ཁུལ་གྱི་རྣམ་གྲངས་མ་དངུལ་བསྡུ་སྒྲིལ་བེད་སྤྱོད་བྱས་ནས་གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་དོ་དམ་བྱེད་ཐབས》(འཆར་ཟིན) གྲུབ་པ་ཡིན། གཤམ་དུ་《བྱེད་ཐབས》ཞེས་བྲིས་ཡོད།  

གཉིས། ནང་དོན་གཙོ་བོ།

《བྱེད་ཐབས》འདི་ལ་ལེའུ་དྲུག་དང་དོན་ཚན་ཉེར་བཞི་ཡོད།     

ལེའུ་དང་པོ་ནི་སྤྱིའི་དོན་ཚན་ཡིན།(དོན་ཚན1ནས3པའི་བར། )《བྱེད་ཐབས》གཏན་ཁེལ་བྱས་པའི་དམིགས་ཡུལ་དང་དོན་སྙིང་། བཀོལ་ཆོག་གི་ཆ་རྐྱེན། བྱེད་ཐབས་གཏན་ཁེལ་གྱི་རྩ་དོན་གཙོ་བོ་བཅས་རྒྱས་བཤད་བྱས་ཡོད་དེ། མ་དངུལ་བསྡུ་སྒྲིལ་གྱི་ཕན་འབྲས་འདོན་སྤེལ་དང་ཚན་རིག་གི་སྒོ་ནས་ཇུས་ཆོད་འགོད་པ། གོ་རིམ་ཚད་ལྡན་བཟོ་བ། མ་དངུལ་བདེ་འཇགས་ཀྱི་ཚད་གཞི་ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་བསྡུ་སྒྲིལ་བྱས་པའི་མ་དངུལ་དེ་གནད་ལ་ཁེལ་བའི་ངང་སྤྱོད་ཐུབ་པར་འགན་ལེན་བྱེད་པའི་སྐོར་ཡིན།   

ལེའུ་གཉིས་པ་ནི་མ་དངུལ་གྱི་རོགས་སྐྱོར་ཁྱབ་ཁོངས་ཡིན། (དོན་ཚན་བཞི་པ།)བསྡུ་སྒྲིལ་བྱས་པའི་རྣམ་གྲངས་མ་དངུལ་དེའི་རོགས་སྐྱོར་ཁྱབ་ཁོངས་གཏན་ཁེལ་བྱས་ཡོད་ཅིང་།  གྲོང་གསེབ་དར་སྤེལ་གྱི་སྦྲེལ་མཐུད་ནུས་ལྡན་བྱེད་པའི་དགོས་མཁོ་འགན་ལེན་བྱེད་པའི་སྐོར་ཡིན།     

ལེའུ་གསུམ་པ་ནི་བསྡུ་སྒྲིལ་གྱི་ཁྱབ་ཁོངས་ཡིན། (དོན་ཚན་ལྔ་པ།) བསྡུ་སྒྲིལ་བྱེད་པའི་རྣམ་གྲངས་མ་དངུལ་གྱི་ཁྱབ་ཁོངས་ནང་རོགས་སྐྲུན་མ་དངུལ་དང་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ། སྤྱི་ཚོགས་ཀྱི་རོགས་སྐྱོར་མ་དངུལ། རྩྭ་ཐང་སྐྱེ་ཁམས་དང་དེ་བཞིན་སྲིད་གཞུང་རང་བཞིན་གྱི་མ་དངུལ་དངུལ་བུན་སོགས་ཚུད་ཡོད།  

ལེའུ་བཞི་བ་ནི་མ་དངུལ་གྱི་གཏོང་སྤྲོད་ཡིན། (དོན་ཚན6པ་ནས9པའི་བར། ) 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས》ལྟར། རིམ་པ་ཁག་གི་ནོར་སྲིད་སྡེ་ཁག་གིས་བསྡུ་སྒྲིལ་བྱས་པའི་མ་དངུལ་དེ་དུས་ཡུན་ལྟར་གཤམ་སྤྲོད་བྱེད་དགོས་པ་མ་ཟད། རྣམ་གྲངས་ཀྱི་མྱུར་ཚད་ལྟར་གཏོང་སྤྲོད་བྱེད་པའི་སྐོར་ཡིན།  

     ལེའུ་ལྔ་པ་ནི་མ་དངུལ་དོ་དམ་དང་ལྟ་སྐུལ་གྱི་ནང་དོན་ཡིན། (དོན་ཚན10པ་ནས19པའི་བར།) རྫོང་ཁག་གི་མི་དམངས་སྲིད་གཞུང་དང་ལྟ་སྐུལ་དོ་དམ་སྡེ་ཁག ལག་བསྟར་སྡེ་ཁག་བཅས་ཀྱིས་བསྡུ་སྒྲིལ་བྱས་པའི་རྣམ་གྲངས་མ་དངུལ་གྱི་དོ་དམ་ལ་ཤུགས་སྣོན་བྱེད་པ་དང་། རྣམ་གྲངས་ཀྱི་བརྒྱུད་རིམ་ལྟར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་མ་དངུལ་བེད་སྤྱོད་གནད་ལ་ཁེལ་བ་འགན་ལེན་དང་མ་དངུལ་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་དགོས་པའི་སྐོར་ཡིན།    

     ལེའུ་དྲུག་པ་ནི་ཞར་བྱུང་དོན་ཚན་གྱི་ནང་དོན་ཡིན། (དོན་ཚན20པ་ནས21པའི་བར། ) རྫོང་སོ་སོས་ལག་བསྟར་ཞིབ་སྲོལ་དང་བྱ་ཐབས་བཟོས་ནས་པར་འགྲེམ་བྱས་ཉིན་ནས་བཟུང་ཚོད་ལྟའི་ངང་ལག་བསྟར་བྱེད་རྒྱུའི་སྐོར་ཡིན།     

གསུམ། བསྡུ་སྒྲིལ་བྱས་རྗེས་ཀྱི་ཕན་འབྲས།

རྣམ་གྲངས་མ་དངུལ་བསྡུ་སྒྲིལ་བྱེད་པར་ཚན་རིག་རང་བཞིན་དང་ཚད་ལྡན་རང་བཞིན། ཕུགས་རིང་རང་བཞིན། བཀོལ་སྤྱོད་ཐུབ་པའི་རང་བཞིན་བཅས་ལྡན་པར་བྱེད་ཆེད། མ་དངུལ་བེད་སྤྱོད་ཀྱི་གྲུབ་ཆ་སྔར་བས་ཇེ་ལེགས་སུ་གཏོང་བ་དང་། མ་དངུལ་གྱི་རྒྱབ་སྐྱོར་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ཚན་རིག་དང་མཐུན་པའི་ངང་རྣམ་གྲངས་འཛུགས་པར་འགན་ལེན་བྱེད་པ། མ་དངུལ་བེད་སྤྱོད་བྱེད་སྟངས་གསར་གཏོད་བྱེད་པ། མ་དངུལ་གྱི་རྣམ་གྲངས་དོ་དམ་ལ་ཤུགས་སྣོན་རྒྱག་པ། དོན་དངོས་ནས་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་བཏང་ནས། བསྡུ་སྒྲིལ་བྱས་པའི་རྣམ་གྲངས་མ་དངུལ་དེས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བྱེད་པ་དང་གྲོང་གསེབ་དར་སྤེལ་ལས་དོན་གཉིས་འབྲེལ་མཐུད་ནུས་ལྡན་བྱེད་པའི་ཡར་སྐུལ་ནུས་པ་འདོན་སྤྲོད་གང་ལེགས་བྱེད་དགོས་པ་དེ་ཡིན། 





མཉམ་སྤྱོད།