དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཧྥེང་ཧྲེང་ལུ་སོགས་བློ་མཐུན་གྱི་གོ་གནས་བསྐོ་འཐེན་བྱས་པའི་སྐོར་གྱི་བརྡ་སྦྱོར།

2022-10-10 08:37   |   603

བྱང་སྲིད་མི་དོན〔2022〕ཨང22པ།

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་དང་ལས་ཁུངས་སོ་སོར།

བྱ་བའི་དགོས་དབང་གིས་གྲོས་ཐག་བཅད་པ་ནི།

བློ་མཐུན་ཧྥེང་ཧྲེང་ལུ་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་བ་གཞོན་པ་དང་། གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ། ཁུལ་ཡིག་སྐུར་ངོ་གཏུག་ཅུའི་ཅུ་ཀྲང་ལ་བསྐོ་འཇོག་བྱས།

བློ་མཐུན་མ་ཡུས་ལིན་མཚོ་བྱང་ཁུལ་མི་དམངས་སྨན་ཁང་གཉིས་པའི་ཡོན་ཀྲང་གཞོན་པར་བསྐོ་འཇོག་བྱས།(རིམ་པ་དྲུག་པའི་དོ་དམ་ལས་རྐང་། ལས་དོན་གཙོ་སྐྱོང་གནང་མཁན།)

བློ་མཐུན་རེན་ཡིང་མཚོ་བྱང་ཁུལ་ཀྲུང་བོད་གསོ་སྨན་ཞིབ་འཇུག་བེད་སྤྱོད་ལྟེ་གནས་ཀྱི་ཀྲུའུ་རེན་ལ་བསྐོ་འཇོག་བྱས།

གོ་གནས་ཕྱིར་འཐེན།

བློ་མཐུན་ཧྥེང་ཧྲེང་ལུའི་མཚོ་བྱང་ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུའི་ཅུ་ཀྲང་གཞོན་པའི་གོ་གནས།

བློ་མཐུན་སུང་ཧའེ་ཧྥུང་གི་མཚོ་བྱང་ཁུལ་མི་དམངས་སྨན་ཁང་གཉིས་པའི་ཡོན་ཀྲང་གི་གོ་གནས།(རིམ་པ་ལྔ་བའི་དོ་དམ་ལས་རྐང་།)

བློ་མཐུན་མ་ཡུས་ལིན་གྱི་མཚོ་བྱང་ཁུལ་ཀྲུང་བོད་གསོ་སྨན་ཞིབ་འཇུག་བེད་སྤྱོད་ལྟེ་གནས་ཀྱི་ཀྲུའུ་རེན་གྱི་གོ་གནས།(རིམ་པ་དྲུག་པའི་དོ་དམ་ལས་རྐང་།)

བློ་མཐུན་ལི་ཀང་གི་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་རིམ་པ་གཉིས་པའི་སྐོར་ཞིབ་པའི་གོ་གནས་དང་འབྲེལ་ལས་འཁྱུར་ངལ་གསོ་བྱས།

བློ་མཐུན་མཱ་ཆིང་ཧྥུང་གི་མཚོ་བྱང་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའི་ཏང་ཙུའུ་ཡི་ རིམ་པ་དང་པོའི་ཁོངས་མིའི་རྟོག་ཞིབ་པའི་གོ་གནས་དང་འབྲེལ་ལས་འཁྱུར་ངལ་གསོ་བྱས།

བློ་མཐུན་ཧན་ཧྲེང་ཅུན་གྱི་མཚོ་བྱང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་དང་འབྲེལ་ལས་འཁྱུར་ངལ་གསོ་བྱས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་།

2022ལོའི་ཟླ9ཚེས30ཉིན།





མཉམ་སྤྱོད།