དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཞུང་གོ་ཁྲང་སོགས་བློ་མཐུན་གྱི་གོ་གནས་བསྐོ་འཐེན་བྱེད་པའི་སྐོར་གྱི་བརྡ་སྦྱོར།

2022-10-10 08:37   |   841

བྱང་སྲིད་མི་དོན〔2022〕ཨང2པ།

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཚན་ཁག་བཅས་ལ།

བྱ་བའི་དགོས་དབང་གིས་གྲོས་ཐག་བཅད་པ་ནི།

བློ་མཐུན་ཞུང་གོ་ཁྲང་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་བ་གཞོན་པ་དང་། གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པར(ཁྲུའུ་རིམ་པ་རྒན་པ་དང་འགན་འཁྱེར་བ)བསྐོ་འཇོག་བྱས།

བློ་མཐུན་ལི་སུང་ཧྲེང་ཁུལ་རྩིས་བཤེར་ཅུའི་ཅུ་ཀྲང་གཞོན་པར་བསྐོ་འཇོག་བྱས།

བློ་མཐུན་ལི་ཡུང་ཅུན་གྱིས་ཁུལ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཅུའི་ཅུ་ཀྲང་གཞོན་པའི་འགན་གཅིག་ལྕོགས་བྱས།

བློ་མཐུན་མན་ཏེ་ལི་ཕུའུ་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའི་ཅུ་ཀྲང་གཞོན་པར(འགན་འཁྱེར་བ)བསྐོ་འཇོག་བྱས།

བློ་མཐུན་མ་ཧྥུའུ་ཁྲང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར(འགན་འཁྱེར་བ)བསྐོ་འཇོག་བྱས།

བློ་མཐུན་ཅ་ཀྲི་ཧྥུང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པར(འགན་འཁྱེར་བ)བསྐོ་འཇོག་བྱས།

གོ་གནས་ཕྱིར་འཐེན།

བློ་མཐུན་ལི་སུང་ཧྲེང་གི་ཁུལ་རྩིས་བཤེར་ཅུའི་སྤྱི་ཁྱབ་རྩིས་བཤེར་པའི་གོ་གནས།

བློ་མཐུན་ཝང་ལུང་གི་ཁུལ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཅུའི་ཅུ་ཀྲང་གཞོན་པའི་གོ་གནས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་།

2022ལོའི་ཟླ1ཚེས18ཉིན།





མཉམ་སྤྱོད།