མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས09ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཧོར་རིགས།

2022-11-16 21:55:07   |   281

ཧོར་རིགས(土族)ནི་གཙོ་བོ་མཚོ་སྔོན་ཞིང་ཆེན་གྱི་ཧུའུ་ཀྲུའུ་དང་མིན་ཧོ། ཀན་སུའུ་ཞིང་ཆེན་གྱི་དཔའ་རིས་དང་ཡུང་ཏིང་། གྲོ་ནེ་སོགས་སུ་འདུས་སྡོད་བྱས་ཡོད། ཁྱོན་སྡོམ་མི་གྲངས289560ལྷག་ཡོད། མི་རིགས་དེའི་སྐྱེས་པ་ཚོས་དབྱར་ཐོག་རས་ལྭ་རིང་བོ་གོན་པ་དང་དགུན་ཁར་སློག་པ་གོན་ཏེ་སྐ་རགས་བཅིངས་ཤིང་། མགོ་ལ་ཕྱིང་ཞྭ་གོན་པ་རེད། སྐྱེས་མ་ཚོས་གོང་བ་མཐོ་ཞིང་གོང་ཁར་མེ་ཏོག་གཙགས་ཤིང་། ཕུ་ཐུང་རྣམས་ཁ་དོག་སྣ་ལྔའི་རས་ཀྱིས་བཟོས་པའི་སྟོད་ཐུང་གོན་པར་མ་ཟད། ཕྱི་རུ་ཁན་སྦྱར་ནག་པོ་དང་མགོ་ལ་ཕྱིང་ཞྭ། རྐང་བར་མེ་ཏོག་ཕབ་ཡོད་པའི་འཇུར་རྟ་གོན་པ་རེད།

ཧོར་རིགས་ཀྱི་རྩོམ་རིག་ནི་དམངས་ཁྲོད་ཀྱི་ངག་ཐོག་རྩོམ་རིག་སྟེ། དམངས་གླུ་དང་གཏམ་རྒྱུད། ངག་རྒྱུན། དོན་བརྗོད་སྙན་ངག་སོགས་ཡོད། ཧོར་རིགས་ཀྱི་གཉེན་སྒྲིག་སྟེང་གླུ་ལེན་གར་རྩེ་བྱེད་པ་དང་། བག་མ་བསུ་སྐབས་སྨྱན་བྱེད་པས་རྫོང་བ་ཁྱེར་ནས་འགྲོ་དགོས་པ་དང་། བག་མ་ཚང་གི་སྒོ་ཁར་ཐོན་ཚེ་བག་གསར་ཚང་གི་གཉེན་གྲོགས་པོ་ཚོས་སྨྱན་བྱེད་པའི་ལག་ནས་རྫོང་བ་ཕྲོགས་ཏེ་སྒོ་ཁ་རུ་གླུ་ལེན་རེས་བྱེད་དགོས། གླུ་ཡི་ནང་དུ་ཀུ་རེའི་ཚུལ་གྱིས་སྨྱན་བྱེད་པའི་རྫོང་བ་ལ་འཕྱ་དམོད་བྱེད་པ་དང་དྲི་བ་འདྲི་བའང་ཡོད། ཕྱི་ཉིན། བག་གསར་གྱིས་གཟབ་མཆོར་སྤྲས་ཤིང་རྟ་གོང་ལ་བུད་དེ་འགྲོ་སྐབས་ཀྱང་གླུ་ལེན་དགོས། བག་མ་མག་གསར་ཚང་ལ་བསུས་རྗེས་མགྲོན་པོར་ཇ་འདྲེན་ཆང་འདྲེན་དང་གླུ་ལེདན་གར་རྩེ་བྱེད་དགོས་པར་མ་ཟད། དགུང་མོ་དེར་སྡེ་བ་ཡོངས་ལ་ཇ་སྟོན་ཆང་སྟོན་དང་གླུ་ལེན་གར་རྩེ་བྱེད་དགོས།

ཧོར་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་བྱ་འགུལ་ལ་འཁོར་ལོའི་འཁོར་ལྡང་དང་ལག་ཤེད་འགྲན་པ་བཅས་ཡོད། 


མཉམ་སྤྱོད།