དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཐུན་རིན་གྲོང་ཁྱེར་གྱིས“སྐྱེ་ཁམས་ཁྲོད་ཀྱི་ཐང་ག•ཐང་གའི་ཁྲོད་ཀྱི་སྐྱེ་ཁམས”ཏེ་མིའི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་རེབ་གོང་སྒྱུ་རྩལ(ཐང་ག)ལྗོངས་ཕྱིའི་འགྲེམས་སྟོན་བྱ་འགུལ་སྤེལ་བ།

2024-08-30 14:55:48   |   212

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། རྨ་ལྷོ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་ཚེས28ཉིན། ཐུན་རིན་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར75ལོན་པའི་མུ་འབྲེལ་བྱ་འགུལ“སྐྱེ་ཁམས་ཁྲོད་ཀྱི་ཐང་ག•ཐང་གའི་ཁྲོད་ཀྱི་སྐྱེ་ཁམས”ཏེ་མིའི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་རེབ་གོང་སྒྱུ་རྩལ(ཐང་ག)ལྗོངས་ཕྱིའི་འགྲེམས་སྟོན་བྱ་འགུལ་རོང་བོ་གྲོང་རྡལ་ཉ་ལུང་སྡེ་བའི་སྐྱེ་ཁམས་ནགས་ཀླུང་དུ་གཟབ་རྒྱས་ངང་མགོ་བརྩམས་པ་རེད།

892daab9c7a790a4ef0d3ea731773d38.jpg

  ཐུན་རིན་གྲོང་ཁྱེར་གྱིས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དང་། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་གནས་ཡུལ“ངོ་མཚར་རེབ་གོང”རིག་གནས་གནས་སྐོར་གྱིས་འཛུགས་སྐྲུན་ལ་སྤུས་ཚད་མཐོ་བའི་སྐུལ་འདེད་གཏོང་བ་དང་། “ཀྲུང་གོའི་ཐང་གའི་ཕ་སའི”མིང་བྱང་ལ་བརྟེན་ཏེ་ཐང་གའི་སྒྱུ་རྩལ་རིག་གནས་ཤུལ་བཞག་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། ཐང་གའི་སྒྱུ་རྩལ་ཁྲོད་ཀྱི་བློ་གྲོས་དང་སྐྱེ་ཁམས་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ཏེ། དེང་རབས་སྤྱི་ཚོགས་ལ་བཏོན་པའི་ཐུན་མོང་མ་ཡིན་པའི་རིན་ཐང་ལ་ཞིབ་དཔྱད་བྱེད་པ་དང་། “ཐང་ག”དང“སྐྱེ་ཁམས”ཟུང་འབྲེལ་སྒོས་དེང་རབས་ཐང་གའི་སྒྱུ་རྩལ་གསར་གཏོད་ཀྱི་ལམ་བུའི་ཁྲོད་སྲོལ་རྒྱུན་རིག་གནས་དང་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་འཆམ་མཐུན་མཉམ་གནས་ཡོང་བར་བརྩོན་ལེན་བྱས་ཡོད།

31722252bc9f4d3df951289a7db0d594.jpg

   རྒྱུས་ལོན་པ་ལྟར་ན། རེབ་འདིའི་འགྲེམ་སྟོན་ལ“རྒྱལ་ཁབ་ཆེན་པོའི་བཟོ་པོ་དང་། གཟུགས་མེད་རིག་གནས་ཤུལ་བཞག་གི་རེབ་གོང་། སྨྱུག་རྩེའི་སྐྱེ་ཁམས། རྒྱུད་འདེད་པ”བཅས་སྐྱེ་ཁམས་ཐང་ག་བཤམ་ཁུལ་བཞི་བཙུགས་ཡོད་པར་སྐྱེ་ཁམས་བརྗོད་གཞི་ཡིན་པའི་ཐང་ག76བཤམས། ཕབ་འབྲི་ཁུལ་ནི“སྨྱུག་རྩེའི་བརྡོལ་ཤེས•རི་ཆུའི་དུངས་སེམས”ཞེས་པ་གཙོ་དོན་ཡིན་པའི“ཀྲུང་ཧྭའི་ཆུ་ལྕོག རྨ་ཆུའི་མགོ་ཁུངས། རབ་མཛེས་ཀྲུང་གོ  གནམ་སྔོ་ཆུ་དྭངས། དགུ་ཆུའི་བཞུར་རྒྱུན། སྐྱེ་ཁམས་མཛེས་ལྗོངས”བཅས་སྐྱེ་ཁམས་ཕབ་འབྲི་ཁུལ་དྲུག་བཙུགས་ཡོད་ལ། ཡུལ་དངོས་སུ་ལྷ་རིས་པ56གིས་ཐུན་མོང་མ་ཡིན་པའི་ཐང་གའི“ཐིག་རིས”ལ་བརྟེན་ནས་སྐྱེ་ཁམས་མཛེས་ལྗོངས་འབྲི་བཞེངས་བྱས་པ་དང་། ཁོ་ཚོས་མི་རིགས56མཚོན་དོན་དུ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པ་དང་མཉམ་དུ་རབ་མཛེས་ཀྲུང་གོའི་རྔམ་བརྗིད་ལྡན་པའི་མཛེས་རིས་བཞེངས་ཡོད།

0ca623fcea2c8d1dbe2c1e85b2d032ca.jpg

རེབ་འདིའི་བྱ་འགུལ་སྟེང་། རྒྱལ་ནང་གི་སྐྱེ་ཁམས་རིག་གནས་དང་ཐང་ག་སྒྱུ་རྩལ་གྱི་ཆེད་མཁས་པ་གྲགས་ཅན30ལྷག་ཙམ་དང་། རེབ་གོང་ས་ཁུལ་གྱི་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་མཁས་ཅན8དང་ལྷ་རིས་པ200ལྷག་ཙམ་ཞུགས་ཡོད། ཞིང་ཆེན་ཕྱི་ནང་གི་སྐུ་མགྲོན་དག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཐང་ག་སྒྱུ་རྩལ་གསར་གཏོད་སོགས་ཀྱི་ཐད་གཏམ་བཤད་སྤེལ་ནས་དུས་རབས་གསར་པའི་རྒྱབ་ལྗོངས་འོག་ཐང་ག་སྒྱུ་རྩལ་གྱི་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ཤུགས་རྐྱེན་ཟབ་མོ་ཐེབས་ཚུལ་བརྗོད།


མཉམ་སྤྱོད།