དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

【ང་ཚོའི་དུས་ཆེན།·རྒྱལ་སྟོན་དུས་ཆེན།】རྒྱལ་སྟོན་དུས་ཆེན་གྱི་བྱུང་འཕེལ།

2024-09-26 15:08:33   |   534

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


图片8.png

“རྒྱལ་སྟོན་”ཞེས་པའི་ཚིག་འདི་ནི་གཙོ་བོ་རྒྱལ་ཁབ་ཀྱི་བཀྲ་ཤིས་པའི་དོན་ལ་གོ་ཞིང་། ལོ་རྒྱུས་ཀྱི་ཁུངས་དེད་ན་ཅིན་ནུབ་མའི་དུས་བར་དུ་འདེད་ཐུབ་ལ། ཅིན་རྒྱལ་རབས་ནུབ་མའི་རྩོམ་རིག་པ་ལུའུ་ཅི་ཡིས་《རྒྱལ་ཕྲན་རྒྱལ་པོ་ལྔའི་རྣམ་བཤད》ཅེས་པའི་རྩོམ་ཡིག་ཏུ། “རྒྱལ་སྟོན་སྐབས་སུ་ཁེ་བཟང་སྒེར་སྤྱོད་བྱས། སྡུག་དང་འཕྲད་དུས་བློན་གྱི་སེམས་ཁྲལ་དབེན་”ཞེས་བཀོད་ཡོད། རང་རྒྱལ་གྱི་བཀས་བཀོད་རྒྱུད་འཛིན་དུས་རབས་སུ། རྒྱལ་ཁབ་ཀྱི་བཀྲ་ཤིས་པའི་དོན་ཆེན་ནི་རྒྱལ་པོའི་འཁྲུངས་སྐར་དང་རྒྱལ་པོ་ཁྲི་སར་བཀོད་པ་(ཆིང་རྒྱལ་རབས་ཀྱི་སྐབས་སུ་གོང་མའི་སྐྱེས་སྐར་ནི་ཁྲི་ལོར་བརྟན་པའི་དུས་ཆེན་ལ་བརྗོད)སོགས་ལས་མ་འདས། དེ་བས། རང་རྒྱལ་གྱི་གནའ་རབས་སུ་གོང་མ་རྒྱལ་ཁྲིར་བཞུགས་པའམ་འཁྲུངས་སྐར་ལ་རྒྱལ་སྟོན་དུས་ཆེན་ཞེས་བརྗོད་ཅིང་། དེང་སྐབས་རྒྱལ་ཁབ་བཙུགས་པའི་དྲན་གསོའི་ཉིན་མོར་རྒྱལ་སྟོན་དུས་ཆེན་དུ་འབོད།

图片9.png

1949ལོའི་ཟླ10པའི་ཚེས1ཉིན་ནི་ཀྲུང་གོ་གསར་བ་དབུ་བརྙེས་པའི་དྲན་གསོའི་ཉིན་མོ་ཡིན། འདིར་གསལ་བཤད་བྱེད་དགོས་པ་ཞིག་ནི། མི་མང་པོ་ཞིག་གི་སྣང་ངོར1949ལོའི་ཟླ10པའི་ཚེས1ཉིན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམག་དམངས་ཁྲི་བཅུ་ཕྲག་ཁ་ཤས་ཞུགས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོ་འཚོགས་པ་རེད་སྙམ་གྱིན་ཡོད་མོད། དོན་དངོས་སུ་མི་རྣམས་ཀྱི་སེམས་ཀྱི་བག་ཆགས་དེ་ཉིད་དེ་འདྲའི་ཡང་དག་པ་ཞིག་མ་རེད། རྒྱུ་མཚན་ནི1949ལོའི་ཟླ10པའི་ཚེས1ཉིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བའི་མཛད་སྒོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དབུ་བརྙེས་པའི་མཛད་སྒོ་གཟབ་རྒྱས་ཤིག་ཡིན་པ་ལས་རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོ་ཆེན་མོ་མིན། དོན་དངོས་སུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་“རྒྱལ་ཁབ་དབུ་བརྙེས་པ་”སྟེ།  གསལ་པོར་བཤད་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ལོ་དུས་ནི་འདི་ལྟ་སྟེ། ཟླ10པའི་ཚེས1ཉིན་སྔོན་གྱི་གཟའ་འཁོར་གཅིག་གི་སྔོན་ལ་ཁྱབ་བསྒྲགས་བྱས་ཟིན། སྐབས་དེར“རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོ་ཆེན་མོ་”ཞེས་ཀྱང་ཟེར་གྱིན་མེད་པར“རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོ་གཟབ་རྒྱས་”ཞེས་བརྗོད་ཀྱིན་ཡོད། དུས་ཚོད་ནི1949ལོའི་ཟླ9པའི་ཚེས21ཉིན་ཏེ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་གྲ་སྒྲིག་ཚོགས་འདུའི་ཀྲུའུ་རེན་མའོ་ཙེ་ཏུང་གིས་སྲིད་གྲོས་སྐབས་དང་པོའི་གྲོས་ཚོགས་ཚོགས་མགོ་ཚུགས་པའི་ཤིས་ཚིག་ནང་དུ་ཀྲུང་གོ་གསར་བ་དབུ་བརྙེས་པ་ཁྱབ་བསྒྲགས་བྱས་ཡོད།

图片10.png

  དེས་ན་ཟླ10པའི་ཚེས1ཉིན་གྱི་རྒྱལ་སྟོན་དུས་ཆེན་དེ་ཅི་ལྟར་བྱུང་བ་རེད་ཅེ་ན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་དང་པོའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཞུས་ཀོང་ཕིང་གིས་གཏམ་བཤད་གནང་སྐབས“ཨུ་ཡོན་མ་ཞུའེ་ལུན་དགོངས་པ་ཞུས་ནས་ཕེབས་མ་ཐུབ་པས། ཁོང་གིས་ང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པར་རྒྱལ་སྟོན་དུས་ཆེན་ཞིག་ཡོད་དགོས་ཞེས་བཤད་དགོས་པ་མངགས་བཅོལ་ཞུས་ཡོད། དེར་བརྟེན་ཐེངས་འདིའི་གྲོས་ཚོགས་ཀྱིས་ཟླ10པའི་ཚེས1ཉིན་ནི་རྒྱལ་སྟོན་དུས་ཆེན་དུ་གཏན་འཁེལ་བྱེད་རྒྱུའི་རེ་བ་ཞུས་པ་ཡིན་”ཞེས་གསུངས། མའོ་ཙེ་ཏུང་གིས་“དེས་ན་ང་ཚོས་གྲོས་གཞི་བྲིས་ཏེ་སྲིད་གཞུང་ལ་གྲོས་མགོ་འདོན། སྲིད་གཞུང་ལ་ཐག་གཅོད་བྱེད་དུ་འཇུག་ ”ཅེས་གསུངས་པ་རེད། 1949ལོའི་ཟླ10པའི་ཚེས2ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྟོན་དུས་ཆེན་སྐོར་གྱི་གྲོས་ཆོད》ལ་གྲོས་འཆམ་བྱུང་སྟེ། ལོ་རེའི་ཟླ10པའི་ཚེས1ཉིན་ནི་རྒྱལ་སྟོན་དུས་ཆེན་ཡིན་པ་དང་། ཉིན་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ཁྱབ་བསྒྲགས་བྱེད་པའི་ཉིན་མོར་གཏན་ཁེལ་བྱས། དུས་དེ་ནས་བཟུང། ལོ་རེའི་ཟླ10པའི་ཚེས1ཉིན་རྒྱལ་ཡོངས་ཀྱི་མི་རིགས་སོ་སོས་གཟབ་རྒྱས་ངང་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཉིན་མོར་གྱུར།


མཉམ་སྤྱོད།