དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྣམ་བུ་འཐག་སྟངས་སྦྱངས་ནས་ཡོང་འབབ་མང་དུ་བཏང་།

2024-10-24 11:40:26   |   523

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


图片1.png

འདི་ནི་དཔའ་ཤོད་རྫོང་ར་འོག་གྲོང་ཚོའི་སྣམ་བུ་ལས་སྣོན་བཟོ་གྲྭའི་ལས་མིས་སྣམ་བུ་འཐག་བཞིན་པ།

སྣམ་བུ་ནི་བོད་རིགས་མང་ཚོགས་ཚོས་གཡང་དཀར་ལུག་གི་བལ་རྒྱུ་ཆ་གཙོ་བོར་བྱས་ནས་བཏགས་པ་ཞིག་ཡིན་ཞིང་། ད་བར་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་ཡོད། ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གིས་སྲོལ་རྒྱུན་གྱི་འཐག་རྩལ་རྒྱུན་འཛིན་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕན་ཚུན་ཟུང་འབྲེལ་བྱས་ཏེ་ཚོང་འགུགས་མ་འདྲེན་ལ་བརྟེན་ནས་སྣམ་བུའི་ལས་སྣོན་བཟོ་གྲྭ་བཙུགས་པ་དང་། ཡུལ་དེའི་བུད་མེད་ལས་ཀར་བསྡུས་ནས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པར་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡངས་སུ་བཏང་ཡོད།


མཉམ་སྤྱོད།