དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེ་རིང་མཚོ་མོར་རྟེན་འབྲེལ་ཞུ།

2024-10-30 15:34:31   |   601

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ10པའི་ཚེས28ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུ་ནས་ཤེས་རྟོགས་བྱུང་བར། ཉེ་དུས་སྤེལ་བའི་ལུས་རྩལ་འགྲན་བསྡུར་ནང་བོད་ལྗོངས་ཀྱི་ལུས་རྩལ་པར་ཕུལ་བྱུང་གི་གྲུབ་འབྲས་ཐོབ་ཡོད།

1.jpg

བོད་ལྗོངས་ཀྱི་རྒྱང་རྒྱུག་དང་འབྲིང་རྒྱུག་ལུས་རྩལ་པ་ཚེ་རིང་མཚོ་མོར(དཀྱིལ)ཨེ་ཤེ་ཡ་ཤར་མའི་བུད་མེད་ཀྱི་ལམ་ཕྱེད་མར་སུན་འགྲན་རྒྱུག་གི་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ།

 ཟླ10པའི་ཚེས27ཉིན། 2024ལོའི་ཁྲེང་ཏུའུ་མར་སུན་འགྲན་རྒྱུག་དང་ཨེ་ཤེ་ཡ་ཤར་མའི་ལམ་ཕྱེད་མར་སུན་འགྲན་རྒྱུག་གི་ལེགས་སྐྱེས་འགྲན་བསྡུར་གྱི་རྒྱལ་ཡོངས་ཀྱི་ལམ་ཕྱེད་མར་སུན་འགྲན་རྒྱུག་གི་ལེགས་སྐྱེས་འགྲན་བསྡུར(འགྲན་ར་ལྔ་པ)སི་ཁྲོན་ཁྲེང་ཏུའུ་རུ་སྤེལ།
       བོད་ལྗོངས་ཀྱི་ལུས་རྩལ་པ་ཚེ་རིང་མཚོ་མོ་དང་བཀྲ་ཤིས་ཚེ་རིང(ཆེ་བ)གིས་རྒྱལ་ཁབ་རུ་ཁག་གི་ཚབ་ཞུས་ནས་ཀྲུང་གོའི་འགྲན་བསྡུར་ནང་ཞུགས་ཡོད།
       ཚེ་རིང་མཚོ་མོར་ཨེ་ཤེ་ཡ་ཤར་མའི་བུད་མེད་ཀྱི་ལམ་ཕྱེད་མར་སུན་འགྲན་རྒྱུག་གི་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་དང་། བཀྲ་ཤིས་ཚེ་རིང(ཆེ་བ)ལ་ཨེ་ཤེ་ཡ་ཤར་མའི་སྐྱེས་པའི་ལམ་ཕྱེད་མར་སུན་འགྲན་རྒྱུག་གི་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་གསུམ་པ་ཐོབ་ཡོད།

2.jpg

བོད་ལྗོངས་ཀྱི་རྒྱང་རྒྱུག་དང་འབྲིང་རྒྱུག་ལུས་རྩལ་པ་བཀྲ་ཤིས་ཚེ་རིང(གཡས)ལ་ཨེ་ཤེ་ཡ་ཤར་མའི་ལམ་ཕྱེད་མར་སུན་འགྲན་རྒྱུག་གི་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་ཚོགས་ཆུང་གི་ཨང་གསུམ་པ་ཐོབ་པ།

   ཟླ10པའི་ཚེས26ནས་ཚེས27ཉིན་བར། 2024ལོའིUརིགས་ཀྱི་འགྲོ་རྩལ་འགྲན་བསྡུར་ཧྲའན་ཞི་ཧན་ཀྲུང་དུ་སྤེལ་ཞིང་། རྒྱལ་ནང་གི་ཞིང་ཆེན་རིམ་པའི་འཐུས་མིའི་རུ་ཁག27གྱི་ལུས་རྩལ་པ350དེའི་ནང་ཞུགས་ཡོད་ལ། བོད་ལྗོངས་ཀྱི་ལུས་རྩལ་པ2འགྲན་བསྡུར་ནང་ཞུགས་ཡོད། པད་མ་སྒྲོལ་མར་བུད་མེད་ཀྱིU20ཚོགས་ཆུང་གི་སྤྱི་ལེ10ཡི་ཨང་དང་པོ་དང་སྤྱི་ལེ5ཡི་ཨང་གཉིས་པ་ཐོབ་པ་དང་། ཆོས་འཛིན་ཉི་མར་སྐྱེས་པའིU20ཚོགས་ཆུང་གི་སྤྱི་ལེ5ཡི་ཨང་གཉིས་པ་དང་སྐྱེས་པའི་སྤྱི་ལེ10ཡི་ཨང་གསུམ་པ་ཐོབ་ཡོད།

3.jpg

བོད་རང་སྐྱོང་ལྗོངས་ཀྱི་འབོག་སན་ལུས་རྩལ་པ་ཚེ་རིང་རྒྱ་མཚོར(དཀྱིལ)བྱ་དགའ་ཐོབ་རྗེས་རྩལ་ཁྲིད་པ་དང་རུ་མི་ཚོ་དང་མཉམ་དུ་དྲན་རྟེན་པར་རྒྱག་བཞིན་པ།

         ཟླ10པའི་ཚེས20ནས་ཚེས28ཉིན་བར། 2024ལོའི“དམངས་ཡོངས་ཀྱི་སྤུས་ལེགས་འཚོ་བའི་བུམ་པའི”རྒྱལ་ཡོངས་ཀྱི་སྐྱེས་པའི་ཁུར་འཛིང་འགྲན་བསྡུར་ཧའེ་ནན་པའེ་ཧྲ་རུ་གཉེར་ཞིང་། རྒྱལ་ནང་གི་ཞིང་ཆེན་རིམ་པའི་འཐུས་མི་རུ་ཁག31གི་ལུས་རྩལ་པ351འགྲན་བསྡུར་ནང་ཞུགས་ཡོད་ལ།

  བོད་ལྗོངས་ཀྱི་ལུས་རྩལ་པ3འགྲན་བསྡུར་ནང་ཞུགས་ཡོད། ཚེ་རིང་རྒྱ་མཚོར་སྤྱི་རྒྱ51ནས54བར་རིམ་པའི་ཨང་གསུམ་པ་ཐོབ་ཡོད།


མཉམ་སྤྱོད།