དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྐུ་འབུམ་དགོན་པའི་པར་ཁང་ནི་གང་ན་ཡོད།

2024-11-04 17:51:54   |   608

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། བོད་ཀྱི་རིག་གནས་རྒྱུན་ཤེས། བཤེར་འབེབས། རིན་ཆེན་ཚེ་རིང་།


སྐུ་འབུམ་དགོན་པ་ནི་མཚོ་སྔོན་གྱི་ཧོང་ཀྲུང་རྫོང་དུ་ཆགས་ཤིང་།  སྤྱི་ལོ1379ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་ཞལ་བཀོད་ལྟར་ཆོས་རྗེ་འོད་ཟེར་རྒྱ་མཚོས་ཕྱག་བཏབ།  རིམ་གྱིས་རྒྱ་བསྐྱེད་ནས་གྲྭ་ཚང་བཞིར་འཕེལ་རྒྱས་བྱུང་ཞིང་། མིང་ཆ་ཚང་ལ་སྐུ་འབུམ་བྱམས་པ་གླིང་ཞེས་འབོད།  སྐུ་འབུམ་དགོན་པ་ནི་རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་སྐུ་འཁྲུངས་སའི་ཡུལ་ཡིན།  སྐུ་འབུམ་དགོན་པའི་པར་ཁང་ནི་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་མཆོག་གིས་སྤྱི་ལོ1827ལོར་བཞེངས། དེའི་རྗེས་སུ་མཐུད་དུ་རྒྱ་བསྐྱེད་དང་འཕེལ་རྒྱས་སུ་སོང་ནས་པར་རྐོ་ཁང་དང་པར་ཁང་། པར་ཤིང་ཁང་། ཤོག་ཉར་ཁང་། པར་ཤིང་བཀྲུ་ས། དཔེ་ཁང་བཅས་ཀྱི་གཞི་ཁྱོན་ཆགས། སྐུ་འབུམ་དགོན་པའི་པར་ཤིང་ནི་རྒྱུ་མཁྲེགས་ཤིང་ཞིབ་ལ་ཤིང་སྟག་པས་ལས་སྣོན་བྱས་ཏེ་བྱུང་བ་དང་པར་ཤིང་གི་དབྱིབས་ཡུལ་གཞན་དག་དང་འདྲ། 

སྤྱི་ལོ1823ལོར། ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་མཆོག་གིས་ལྷ་རམས་པའི་དམ་བཅའ་བཞག་རྗེས་སྐུ་འབུམ་དགོན་གྱི་ཁྲི་རབས་བཞི་བཅུ་ཞེ་བདུན་པར་བཞུགས། དེའི་སྐབས་སུ་ལྷ་ས་དང་ཅོ་ནེ། སྡེ་དགེ་སོགས་ཀྱི་པར་མ་གཞིར་བཟུང་སྟེ་རྗེ་ཡབ་སྲས་གསུམ་གྱི་གསུང་རྩོམ་ཆ་ཚང་ཁྱོན་བསྡོམས་པས་པར་ཤིང་ཁྲི1སྟོང5ལྷག་པར་དུ་བརྐོས་ཤིང་པར་སྐྲུན་མཛད། གཞན་ད་དུང་མཁས་གྲུབ་དམ་པའི་གསུང་རྩོམ་དང་རྣམ་ཐར། སྐར་རྩིས། གསོ་རིག ལོ་རྒྱུས།  དམངས་ཁྲོད་གཏམ་རྒྱུད་སོགས་རིག་ཚན་དུ་མའི་དཔེ་ཆ་འབོར་ཆེན་གྱི་པར་ཤིང་བཟོ་སྐྲུན་གནང་། དཔེ་ཆ་དེ་དག་ཚང་མ་སྤྱིར་བཏང་དུ་དབུ་ཅན་ཡིན་པ་དང་ཡིག་ཚོན་ནག་པོ་ཡིན་ན་ཡང་། གསུང་རྩོམ་རེ་འགའ་ནི་གསེར་དངུལ་ལམ་གཡུ་བྱུར་སོགས་རྒྱུ་ཆ་རྩ་ཆེན་ཞིབ་བུར་དབུར་ཏེ་ཆུ་རུ་བྲིས་པ་དང་མང་ཆེ་ཤོས་དབུ་ཅན་གྱི་ཕྱག་བྲིས་རྐྱང་རྐྱང་རེད། སྐུ་འབུམ་པར་ཁང་གི་དཔེ་ཆེའི་ཡི་གེ་བྲིས་པ་གཙང་ཞིང་སྤུས་དག   ཡིག་གཟུགས་མཛེས་ལ་ཞིབ་ཚགས་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས་ན། ཤིང་པར་དཔེ་ཆ་ལས་མཆོག་གྱུར་ཡིན། ད་ལྟ་སྐུ་འབུམ་དགོན་པ་ནི་མཚོ་སྔོན་ཞིང་ཆེན་གྱི་གནའ་ཤུལ་གྲགས་ཅན་དང་རྒྱལ་ཡོངས་རིག་དངོས་གཙོ་གནད་སྲུང་སྐྱོང་ལས་ཁུངས་ཡིན།


མཉམ་སྤྱོད།