དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོར་བརླག་སོང་བའི་རིག་དངོས་སྒྱུ་རྩལ་ཐོན་རྫས56མེས་རྒྱལ་ལ་འབྱོར།

2024-11-12 09:17:19   |   565

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགོད་པས་ཟླ11པའི་ཚེས9ཉིན། རྒྱལ་ཁབ་རིག་དངོས་ཅུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོར་བརླག་སོང་བའི་རིག་དངོས་སྒྱུ་རྩལ་ཐོན་རྫས56ཉེ་ཆར་དབྱི་ཐ་ལི་ནས་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་པ་རེད། 

ངོ་སྤྲོད་བྱས་པར་གཞིགས་ན། 2022ལོའི་ཟླ10པ་དང2024ལོའི་ཟླ4པར་དབྱི་ཐ་ལིའི་རིག་དངོས་དམག་སྲིད་ཉེན་རྟོག་དམག་གིས་རང་རྒྱལ་ལ་ཁོ་ཚོས་རྩད་ཆོད་བྱུང་བའི་རིག་དངོས56ཀྲུང་གོའི་རིག་དངོས་ཡིན་དོགས་ཆེ་བའི་བརྡ་ཁྱབ་བཏང་བ་རེད། རྒྱལ་ཁབ་རིག་དངོས་ཅུ་ཡི་ཆེད་མཁས་པས་གསལ་འབྱེད་དང་བཅའ་ཁྲིམས་ཀྱི་ཞིབ་འཇུག་བརྡར་ཤ་བཅད་པ་གཞིར་བཟུང་། དབྱི་ཐ་ལིར་ཞིབ་ཅིང་ཁུངས་བཙན་པའི་གསལ་འབྱེད་བསམ་འཆར་དང་བཅའ་ཁྲིམས་ཀྱི་གཞི་འཛིན་སའི་སྙན་ཞུ་མཁོ་འདོན་བྱས་པ་དང་འབྲེལ་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད། དབྱི་ཐ་ལིའི་སྲིད་གཞུང་ལ་ཕྱིར་སློག་གི་བླང་བྱ་དངོས་སུ་བཏོན་པ་དང་དབྱི་ཐ་ལིའི་ཕྱོགས་ཀྱིས་གོང་གསལ་གྱི་རིག་དངོས་སྒྱུ་རྩལ་ཐོན་རྫས56ཕྱིར་སློག་བྱ་རྒྱུའི་ཐག་བཅད།


མཉམ་སྤྱོད།