དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

བཟོ་རྒྱུན་རིང་བའི་ལྷ་རྩེའི་བོད་གྲི།

2024-12-11 17:32:28   |   121

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


བོད་གྲི་ནི་རང་རྒྱལ་བོད་རིགས་ཀྱི་ལྕགས་རྡུང་བཟོའི་ལག་རྩལ་ལས་ཐོན་པའི་དཔེ་མཚོན་གྱི་ཉེར་སྤྱོད་དངོས་པོ་དང་བཟོ་རྩལ་ཐོན་རྫས་ཤིག་ཡིན། ལྷག་པར་དུ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ནས་ཐོན་པའི་བོད་གྲི་ནི་སྐད་གྲགས་ཆེ་བ་དང་། ལོ་རྒྱུས་རིང་བ་ཞིག་ཡོད།

图片1.png

ལྷ་རྩེའི་བོད་གྲི་ལས་སྣོན་ལ་མི་རིགས་ཀྱི་ཁྱད་ཆོས་དང་། ས་བབ་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད་ཅིང་། དེའི་ལྕགས་ཀྱི་སྤུས་ཚད་ལེགས་པ་དང་། རྣོ་ངར་ལྡན་པ། སྲ་བ། བརྐོས་ལེགས་པ་བཅས་ཡོད། ལོ་རྒྱུས་ཐོག་ལྷ་རྩེ་རྫོང་གི་དུད་ཚང་མང་པོས་གྲིའི་བཟོ་རྩལ་ལ་བརྟེན་ནས་འཚོ་ཐབས་བྱེད་ཀྱི་ཡོད་པ་དང་། ད་ལྟ་ཡང་ལྷ་རྩེ་རྫོང་དུ་བོད་གྲི་བཟོ་མཁན་མང་པོ་ཡོད། ལྷ་རྩེ་དམངས་ཁྲོད་བོད་གྲི་དར་སྤེལ་མཐུན་ཚོགས་སུ་བུ་ཟླ་བ་ལགས་དང་ཁོང་གི་བུ་རྡོ་རྗེ་དགྲ་འདུལ་གྱིས་ཏིང་ཏིང་ཏག་ཏག་གི་སྒྲ་ཡི་ཁྲོད་དུ་བོད་གྲི་ལས་སྣོན་བྱེད་བཞིན་འདུག  སྤུས་ཀ་དག་ལ་བཟོ་དབྱིབས་མཛེས་པའི་བོད་གྲི་རེ་རེ་ནི་ཁོང་ཕ་བུ་གཉིས་ཀྱིས་ཐོ་བས་རེ་རེ་བཞིན་བརྡུངས་པ་ཞིག་རེད།

640.jpg

བུ་ཟླ་བ་ལགས་ནི་ཕ་ཚ་བུ་རྒྱུད་དུ་བོད་གྲི་ལས་སྣོན་བྱེད་མཁན་ཞིག་ཡིན་པ་དང་། ལྷ་རྩེའི་བོད་གྲིའི་བཟོ་རྩལ་གྱི་རྒྱུན་འཛིན་པ་མི་རབས་དྲུག་པ་ཡིན་པ་རེད། ཁོང་གིས། ང་ཚོས་སྲོལ་རྒྱུན་གྱི་བཟོ་རྩལ་རྒྱུན་འཛིན་བྱས་ནས་སྤུས་དག་གི་བོད་གྲི་ཐོན་སྐྱེད་བྱེད་ཀྱི་ཡོད། མ་ཟད་ང་རང་གི་བུ་ལ་ཡང་བོད་གྲིའི་བཟོ་རྩལ་ཕ་ཤུལ་བུ་འཛིན་དུ་བསླབ་ཡོད་ཅེས་བརྗོད་ཀྱི་ཡོད།  བུ་རྡོ་རྗེ་དགྲ་འདུལ་བར་ཁོ་ཚོ་མི་རབས་བདུན་གྱིས་བོད་གྲིའི་བཟོ་རྩལ་རྒྱུན་འཛིན་བྱས་ཡོད། རྡོ་རྗེ་དགྲ་འདུལ་ལགས་ཀྱིས་རང་ལོ་བཅོ་བརྒྱད་ཀྱི་སྐབས་ནས་བོད་གྲིའི་བཟོ་རྩལ་སྦྱོང་མགོ་ཚུགས་པ་དང་། ད་བར་ཁོང་གིས་སྐམ་པ་དམ་པོར་བཟུང་ཞིང་ཐོ་བ་ཤུགས་ཀྱིས་རྡུང་བའི་སྟངས་སྟབས་མཚམས་འཇོག་བྱེད་མྱོང་མེད་ཅིང་། འཛད་སྤྱོད་པས་དགའ་པོ་བྱེད་པའི་བོད་གྲི་མང་དག་ཅིག་བཟོས་ཡོད། རྡོ་རྗེ་དགྲ་འདུལ་ལགས་ཀྱིས། ལྷ་རྩེའི་སྲོལ་རྒྱུན་བོད་གྲིའི་བཟོ་རྩལ་རྒྱུན་འཛིན་ཐུབ་པ་མ་ཟད་གོང་འཕེལ་བྱུང་ཡོད། བོད་གྲིའི་བཟོ་རྩལ་གྱི་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས་སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཛིན་ཆ་ཚང་བྱས་པའི་རྨང་གཞིའི་ཐོག་ཁྲོམ་རའི་དགོས་མཁོར་གཞིགས་ནས་བོད་གྲི་ཐོན་སྐྱེད་བྱས་ཡོད་པས་གནའ་བོའི་བཟོ་རྩལ་དེ་མི་ཉམས་གོང་འཕེལ་བྱུང་སོང་ཞེས་བརྗོད་འདུག

640 (1).jpg

བོད་གྲི་ནི་མཚོ་བོད་ས་མཐོ་ནས་དར་ཞིང་། དེས་བོད་རིགས་མི་དམངས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་རྩེར་སོན་ཆུ་ཚད་མངོན་གྱི་ཡོད། ད་ལྟ་གནས་སྐོར་ཁྲོམ་ར་དར་རྒྱས་བྱུང་བ་དང་བསྟུན་ནས་བོད་གྲི་ཡང་གནས་སྐོར་བ་དང་འགྲོགས་ཏེ་གངས་ལྗོངས་ས་མཐོ་ནས་རྒྱལ་ཁབ་ཕྱི་ནང་དུ་དར་ཁྱབ་འགྲོ་བཞིན་ཡོད།


མཉམ་སྤྱོད།