དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁབ་དང་སྐུད་པའི་བར་ནས། མི་རིགས་མཐུན་སྒྲིལ་མཚར་སྡུག་རྣམ་པར་བཀྲ།

2025-03-12 10:09:50   |   1659

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་། 


500208818_afadf736-4cf7-4420-b993-cd3bd838e45f.jpeg

པར་འདི་ནི་བདེ་སྐྱིད་འཚོས་སློབ་མར་གཙགས་དྲུབ་སློབ་ཁྲིད་བྱེད་བཞིན་པའི་ཚུལ་རེད།

“《ཀུན་འདུས་ཞལ་ཐང་ཆེན་མོ》ནི་མཚོ་སྔོན་ཞིང་ཆེན་རྟེན་མཛོད་ཁང་དུ་ཉར་ཡོད་པ་དང་། དེ་ལ་ས་ཁུལ་དང་མི་རིགས། བྲིས་རྒྱུན་མི་འདྲ་བའི་རི་མོ་པ་རྩེ་གྲའི་རྔུལ་ཁྲག་གི་ཉིང་ཁུ་འདུས་ནས། མཐར་ཀུན་ལ་མངོན་དུ་རི་བའི་སྒྱུ་རྩལ་བརྩམས་ཆོས་ཆེན་མོ་འདི་གྲུབ།” ཟླ3པའི་ཚེས10ཉིན། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་མཚོ་སྔོན་རཏྣ་རེབ་གོང་སྒྱུ་རྩལ་སྒྲོག་སྤེལ་ཚད་ཡོད་སྤྱི་གཉེར་དུ་ཕྱིན་པ་ན། བདེ་སྐྱིད་འཚོས་བློ་རྩེ་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་ཚན་རིག་ཁྱབ་གདལ་བརྙན་ཐུང་ལ་སྐད་སྦྱོར་བཞིན་འདུག མོས་སྐད་སྒྲ་ལ་བརྟེན་ནས་རེབ་གོང་སྒྱུ་རྩལ་གྱི་འཇིག་རྟེན་དུ་བསྐྱོད་པའི་སྒོ་ཆེན་ཞིག་ལྟད་མོ་པ་རྣམས་ལ་འབྱེད་བཞིན་མཆིས།

སྒྲ་བླངས་ཚར་རྗེས། བདེ་སྐྱིད་འཚོས་སྔམ་པ་རིང་མོ་ཞིག་འཐེན་པ་དང་། གདོང་ལ་ཡིད་ཚིམ་པའི་འཛུམ་མདངས་དྲོད་མོ་ཞིག་རྒྱས་བཞིན། “འདི་ཡང་ཁོ་མོའི་བྱ་བའི་གྲུབ་ཆ་ཞིག་ཡིན། ད་ལོར། ངས་མི་རིགས་རིག་གནས་སྒྲོག་སྤེལ་སྐོར་གྱི་བརྙན་ཐུང་མང་པོ་ཞིག་སྒྲ་ལེན་རྩིས་ཡོད་ཅིང་། མི་རིགས་སོ་སོའི་སེམས་པ་སྔར་ལས་ཐག་ཇེ་ཉེར་གཏོང་བ་དང་། རིག་གནས་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་ཐུབ་པའི་རེ་བ་ཡོད”ཅེས་བཤད།

“འགྲོ། ཉེ་ལམ་ང་ཚོས་ལེགས་འགྲུབ་བྱུང་བའི་འཚེམ་ཐང་ལ་བལྟ་རུ་འགྲོ།” བདེ་སྐྱིད་འཚོའི་མིག་ཟུང་ལས་སྤྲོ་དགའ་དང་སྤོབས་པའི་འོད་མདངས་ཤིག་འཕྲོ་བཞིན། གོམ་སྟབས་ཡང་མོས་སྔོན་ནས་ལམ་ཁྲིད།

མིག་མདུན་གྱི《འུན་ཤིང་ཀོང་ཇོ་བོད་དུ་ཕེབས་པ》ཞེས་པའི་བརྩམས་ཆོས་འདི་ནི་འཚེམ་དྲུབ་ལག་རྩལ་བརྒྱུད་ནས་གྲུབ་པ་དང་། འཚེམ་དྲུབ་ཀྱི་ཁབ་ལེན་སྟངས་རྙོག་འཛིང་ཆེ་ཡང་། རི་མོ་ལ་བསླངས་གཟུགས་ཀྱི་ཚོར་བ་དྲག་པོ་ལྡན། འདིས་འཚེམ་དྲུབ་པའི་སྙིང་རུས་དང་ལག་རྩལ་ལ་ཉམས་ཚོད་ཆེན་པོ་ལེན། དེའི་རིང་ཚད་ལ་སྨི་གསུམ་དང་ཞེང་ལ་སྨི་གཅིག་ཡོད། བརྩམས་ཆོས་འདི་ལེགས་འགྲུབ་འབྱུང་ཆེད། བདེ་སྐྱིད་འཚོ་འདུས་པའི་མི5ཡིས་ཟླ་བ8ཀྱི་དུས་ཚོད་བེད་སྤྱད། “ང་ཚོ་མི་ལྔའི་ཁྲོད་ཧོར་རིགས་དང་བོད་རིགས་སོགས་མི་རིགས་མི་འདྲ་བ་ཡོད་པ་དང་། ང་ཚོ་ནི་སྲོལ་རྒྱུན་སྒྱུ་རྩལ་གྱི་དགའ་ཞེན་དང་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ལ་བརྟེན་ནས་གནས་གཅིག་ཏུ་འཛོམས་པ་ཡིན”ཞེས་བདེ་སྐྱིད་འཚོས་བཤད།

མོས་རི་མོའི་ངོས་ལ་མཛུབ་མོས་བསྟན་ནས། མིག་ཟུང་ལས་སྤྲོ་དགའ་གཡོ་བཞིན། “འུན་ཤིང་ཀོང་ཇོ་བོད་དུ་ཕེབས་སྐབས། སྔོན་ཐོན་ཐོན་སྐྱེད་ལག་རྩལ་དང་རིག་གནས་འཁྱེར་ཡོང་བ་དང་། རྒྱ་བོད་མཛའ་མཐུན་བརྗེ་རེས་ཀྱི་སྒོ་ཆེན་ཕྱེ། དེ་ནི་མི་རིགས་མཐུན་སྒྲིལ་གྱི་གཟི་འོད་འབར་བའི་དཔེ་མཚོན་ཞིག་ཡིན། ང་ཚོས་འཚེམ་དྲུབ་བྱེད་དུས། ཞིབ་ཆ་འདི་དག་ལ་གཞན་དང་མི་འདྲ་བའི་མཐོང་ཆེན་བྱས་པ་ཡིན། འུན་ཤིང་ཀོང་ཇོའི་ལྷུན་ཆགས་དང་བོད་རིགས་སྤུན་ཟླའི་སྤྲོ་སེམས་ཚང་མ་ཕུན་སུམ་ཚོགས་པའི་ངང་མངོན་པར་བྱས། ཁབ་སྐུད་རེ་རེས། ལོ་རྒྱུས་འཚེམ་དྲུབ་བྱས་པར་མ་ཟད། དེ་བས་ཀྱང་ང་ཚོས་མི་རིགས་མཐུན་སྒྲིལ་གྱི་རྒྱུན་འཛིན་དང་བརྟན་སྲུང་འཚེམ་དྲུབ་བྱས་ཡོད། ད་ནི་བརྩམས་ཆོས་འདི་ཡོངས་སུ་ལེགས་འགྲུབ་བྱུང་བ་ཡིན། རེ་བ་ལ་འདི་ཉིད་མི་རིགས་མཐུན་སྒྲིལ་གྱི་སྦྲེལ་ཐག་ཏུ་གྱུར་ནས། མི་སྔར་ལས་མང་པོར་མི་རིགས་མི་འདྲ་བས་ལག་གདང་སྦྲེལ་ནས་མཛེས་སྡུག་གསར་སྐྲུན་བྱས་པའི་ཚོར་བ་མྱོང་དུ་འཇུག་དགོས”ཞེས་བརྗོད། བདེ་སྐྱིད་འཚོ་ཞེས་པའི་འཇོན་ཐང་དང་བརྩེ་སེམས་ཀྱིས་ཀུན་ནས་བརྟས་པའི་གཞོན་ནུ་མ་འདི་ཉིད། “རེབ་གོང་སྒྱུ་རྩལ་གྱི་ཕ་ས”ཞེས་གྲགས་པའི་ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་སེང་གེ་གཞོང་མ་མགོ་སྡེ་བར་འཚར་ལོངས་བྱུང་བ་དང་། འདི་ནི་མི་རིགས་མང་པོ་འདུས་སྡོད་མཉམ་འདྲེས་ཀྱི་གནས་ཤིག་ཡིན་ལ། མི་རིགས་མི་འདྲ་བའི་རིག་གནས་གནས་འདིར་མཉམ་སྐྱེད་མཉམ་དར་བྱུང་ཡོད།

བདེ་སྐྱིད་འཚོའི་ཨ་ཕ་ནི་ལག་རྩལ་རྨད་དུ་བྱུང་བའི་ཐང་ག་འབྲི་བཞེངས་པ་ཞིག་ཡིན་ལ། ཨ་མ་ནི་ལག་རྩལ་བདེ་ལྕག་འཁྱུག་པོའི་འཚེམ་དྲུབ་པ་ཞིག་ཡིན། ཉིན་རྒྱུན། ཁྱིམ་དུ་མགྲོན་པོས་ཁེངས་ཡོད་པ་དང་། མི་རིགས་སོ་སོའི་སྒྱུ་རྩལ་དགའ་ཞེན་པ་རྣམས་འདིར་འདུས་ཤིང་། ཁོ་ཚོ་གདན་གཅིག་ཏུ་འཛོམས་ནས་ཐང་གའི་འབྲི་རྩལ་དང་གཙགས་དྲུབ་ཀྱི་ཁབ་སྐུད་ལེན་སྟངས་ཐད་བརྗེ་རེས་གླེང་མོལ་བྱས་ཏེ། སྒྱུ་རྩལ་གྱི་ཕུགས་འདུན་དང་གསར་རྩོམ་གྱི་ཚོར་བ་མཉམ་སྤྱོད་བྱེད། སྐབས་དེར། སྒྱུ་རྩལ་ལ་དགའ་བའི་ས་བོན་ཞིག་མོའི་སེམས་པའི་གཤིན་སར་བཏབ། རྒན་རབས་རྣམས་སྒྱུ་རྩལ་གྱི་ཆེད་དུ་འཛོམས་པ་དང་རྒྱུན་འཛིན་སླད་དུ་དཔུང་བ་མཉམ་སྦྲེལ་བྱེད་པའི་རྣམ་པ་དེས། མི་རིགས་མཐུན་སྒྲིལ་གྱི་ས་བོན་དེ་མོའི་སེམས་ཀྱི་གཤིན་སར་རྩ་བ་ཚུགས་ཤིང་མྱུ་གུ་འབུས།

ལོ་ཟླའི་རི་མོ་རིམ་གྱིས་བརྩེགས་པ་དང་ལྷན་དུ། བདེ་སྐྱིད་འཚོས་ཀྱང་རི་མོ་དང་གཙགས་དྲུབ་ནི་མངོན་ཚུལ་རྣམ་པ་མི་གཅིག་ཀྱང་། དེ་གཉིས་ལ་འབྲེལ་བ་སྣ་ཚོགས་ཤིག་མཆིས་པའི་ངེས་ཤེས་རིམ་གྱིས་སྐྱེས། “རི་མོ་ནི་གཙགས་དྲུབ་ཀྱི་རྨང་གཞི་རེད།” སྤོབས་པ་ཆེན་པོའི་བསམ་ཚུལ་ཞིག་མོའི་བློ་ལ་སྐྱེས། མོས་དེ་གཉིས་ཟུང་འབྲེལ་བྱས་ཏེ། འཚེམ་ཐང་ཞེས་པའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་རྣམ་པ་འདི་གསར་སྐྲུན་བྱེད་འདོད་སྐྱེས། དེའི་ཆེད་དུ། མོས་རིག་གནས་སྤྱི་གཉེར་བཙུགས་པ་དང་གཙགས་དྲུབ་བཟོ་རྩལ་གསར་དུ་བསྣན་ཞིང་། སྒྱུ་རྩལ་གྱི་ཕུགས་འདུན་སྙེག་པའི་ལམ་དུ་ཞུགས།

རེབ་གོང་སྒྱུ་རྩལ་རྒྱུན་འཛིན་དང་ཁྱབ་གདལ་གཏོང་བའི་ལམ་དུ། བདེ་སྐྱིད་འཚོའི་གོམ་ཁ་ལ་ལྷོད་པ་མེད། མོས་མགོ་འབུལ་ལུས་འབུལ་གྱིས་སྒྱུ་རྩལ་གསར་རྩོམ་ལ་ཞུགས་པ་དང་། བརྩམས་ཆོས་རེ་རེ་བློ་རྣལ་མོས་གསར་རྩོམ་བྱས་ཤིང་། ད་དུང“རིག་གནས་དངོས་མང་སྟོན་ཚོགས”སོགས་འོས་སྦྱོར་བྱེད་སྒོ་ཆེན་མོ་སོ་སོའི་ཐོག་མཚར་སྡུག་མངོན། རིག་གནས་ཀྱི་སྟོབས་ཀྱིས་མི་སེམས་སྡུད་པ་དང་འཚོ་བར་འགྱུར་ལྡོག་གཏོང་ཐུབ་པ་མོས་གསལ་པོར་ཤེས་ཡོད་པས། རིག་གནས་སྐུལ་ཁྲིད་ཀྱི་དཔེ་རྣམ་བརྒྱུད་ཅིང་། གཙགས་དྲུབ་ཞིབ་འཇུག་འཛིན་གྲྭ་དང་རིག་གནས་མཉམ་སྤྱོད་ཚོགས་འདུ་རྩ་འཛུགས་བྱས་ནས། བུད་མེད་མང་པོ་ཞུགས་པར་བཀུག་པ་དང་། ཁོ་ཚོ་ཁྲིད་ནས་རང་སྟེང་གི་བག་ནུས་བསྔོགས་ཏེ། རིག་གནས་རྒྱུན་འཛིན་དང་མཉམ་དུ་རང་ངོས་རིན་ཐང་ཡང་མངོན་འགྱུར་བྱས།

“ཁྱོད་ཀྱིས་ཁབ་ཤུལ་འདིར་ལྟོས། ཁབ་ཤུལ་ཆ་སྙོམ་ཡིན་དགོས་པ་དང་། རིང་ཐུང་དོ་མ་མཉམ་ན་མི་ཆོག འདི་ལྟར་འཚེམ་དྲུབ་བྱས་པའི་སྐུད་པ་ནི་ད་གཟོད་འཇམ་མཉམ་ལྡན། ད་དུང་ཁ་དོག་གི་སྡེབ་སྟངས། ང་ཚོས་རེབ་གོང་ཐང་གའི་ཁ་དོག་སྡེབ་སྟངས་ལ་དཔེ་ལྟ་མང་དུ་བྱས་ཆོག སྤོབས་པ་ཆེན་པོས་ཁ་གཏད་ཚོན་མདོག་སྤྱད་ན། དེ་མ་ཐག་གསོན་ཤུགས་རྒྱས་ཡོང་། དལ་མོར་བྱོས། བྲེལ་བ་མ་ལངས། ཁྱོད་ལ་ལྷན་སྐྱེས་ཀྱི་ཤེས་རབ་ལྡན་པས། མགྱོགས་ལ་མྱུར་བའི་སྒོ་ནས་ཤེས་ཐུབ་པ་ཁོ་ཐག་རེད། ་་་་་” བདེ་སྐྱིད་འཚོའི་གཙགས་དྲུབ་བཟོ་ཁང་དུ། ཡང་བསྐྱར་མོས་གདམས་པ་གནང་བའི་སྒྲ་སྐད་སྙན་མོ་ལྷང་ལྷང་དུ་གྲག་བཞིན་འདུག

ད་སྐབས། མོའི་བཟོ་ཁང་དུ་དབུལ་ཐར་ཁྱིམ་ཚང་དང་དབང་པོ་སྐྱོན་ཅན་གྱི་མི80འདུས་ཡོད་ལ། ཁོ་ཚོ་ནི་ཧོར་རིགས་དང་ཧོས་རིགས། སོག་རིགས་སོགས་མི་རིགས་མི་འདྲ་བ་ནས་ཡོང་བ་དང་། བདེ་སྐྱིད་འཚོས་སྣེ་ཁྲིད་འོག ཁོ་ཚོ་གཙགས་དྲུབ་ཀྱི་ཆེད་དུ་ལྷན་དུ་འཛོམས་པ་དང་། མི་རིགས་ཀྱི་སྒྱུ་རྩལ་རྩལ་ནུས་རྒྱུན་འཛིན་བྱེད་པའི་ལམ་དུ་དཔུང་གདང་སྦྲེལ་ནས་མཉམ་དུ་སྐྱོད་བཞིན་མཆིས།

“རྡོ་རྗེ་སྒྲོལ་མ་ངའི་འདིར་ཡོང་དུས་ལོ19ཡིན་ལ། ཤིན་ཏུ་མངོན་ཆུང་ཡིན་པ་དང་སྐད་ཆ་བཤད་པར་མི་དགའ། གསོ་སྦྱོང་དང་སློབ་སྦྱོང་བརྒྱུད་རྗེས། མོ་བཤད་ལ་དགའ་ཞིང་སྤྲོ་སྣང་ལྡན་པ་ཞིག་ཏུ་གྱུར་པར་མ་ཟད། མོས་སྐྱ་རིས་འདེབས་ཤེས་པ་དང་རི་མོའི་ཞལ་འབྱེད་པ་སོགས་ལའང་ཕུལ་དུ་བྱུང་བར་གྱུར།”

“སྤྱི་གཉེར་རུ་ཚང་མ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་། སུ་ལ་དཀའ་ངལ་ཡོད་ན། ཚང་མས་རོགས་རམ་བྱེད་ངེས།” མི་ལ་ལར་འཚོ་བའི་ཐོག་དཀའ་ངལ་ལ་འཕྲད་ཚེ། ཚང་མས་སྦྱིན་པའི་ལག་ཟུང་རིང་དུ་བསྐྱངས་ངེས། མི་ལ་ལར་རྩལ་ནུས་ཐོག་འགག་རྩར་འཕྲད་དུས། ཚང་མ་མཉམ་དུ་འཛོམས་ནས་བློ་འདོན་ཇུས་འབུལ་བྱེད། མི་ལ་ལ་བྲེལ་འཚུབ་ཆེན་པོས་ངལ་དུབ་ཀྱིས་མནར་སྐབས། ལས་གྲོགས་ཚོས་མ་བགྲོས་གཅིག་མཐུན་གྱིས་དེར་ལས་རོགས་བྱེད།

བདེ་སྐྱིད་འཚོའི་འབད་པ་ལྷོད་མེད་འོག བཟོ་ཁང་ནི་མི་རིགས་ལག་རྩལ་རྒྱུན་འཛིན་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་སའི་སྤྲོ་སྐྱིད་ལྡན་པའི་ཁྱིམ་གཞིར་གྱུར། འདི་ན། རབ་ཏུ་མཛེས་པའི་གཙགས་དྲུབ་བརྩམས་ཆོས་ཡོད་ལ། དེ་བས་ཀྱང་མི་རིགས་མཛའ་མཐུན་གྱི་བརྩེ་བ་ཟབ་མོ་ཡོད། བདེ་སྐྱིད་འཚོ་དང་མོའི་ཚོགས་པས་རང་ཉིད་ཀྱི་འགུལ་སྐྱོད་དངོས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་ལེའུ་ཡག་པོ་བརྩམས། །


མཉམ་སྤྱོད།