དེ་རིང་ནི2025ལོའི་ཟླ06པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་དབུས་མཐོ་སྒང་ནས་འགྱུར་རྡོ་དཀོན་རིགས་ཤིག་རྙེད་ཅིང་། དེས་གཙོད་རིགས་རིམ་འགྱུར་གྱི་འགག་གནད་ཅིག་གསལ་སྟོན་བྱེད་ཐུབ་སྲིད།

2025-06-16 16:51:02   |   22

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོའི་ཚན་རིག་གླིང་གནའ་བོའི་སྒལ་ཅན་སྲོག་ཆགས་ཞིབ་འཇུག་སུའོ་གཙོར་བྱས་པའི་མཉམ་འབྲེལ་ཞིབ་འཇུག་རུ་ཁག་གིས་མདོ་དབུས་མཐོ་སྒང་གི་བྱང་རྒྱུད་དེ་མཚོ་སྔོན་ཞིང་ཆེན་ཐུན་ཏེ་རྫོང་གི་དུས་གསར་གོང་མའི་ས་རིམ་ཁྲོད་ཉར་ཚགས་བྱས་པ་ཆ་ཚང་བའི་གཙོད་རིགས་ཀྱི་འགྱུར་རྡོ་ཞིག་རྙེད་ཅིང་། དེ་ནི“ཉི་ཧོ་གཙོད"("Gazella" nihensis)ཡིན་པར་ངོས་འཛིན་བྱས་པ་རེད། འགྱུར་རྡོ་འདིའི་གཟུགས་དབྱིབས་རིག་པའི་ཁྱད་རྟགས་དམིགས་བསལ་བ་ཡིས་གཙོད་རིགས(Antilopini)ཀྱི་རིམ་འགྱུར་ལ་ཞིབ་འཇུག་བྱེད་པར་གནད་འགག་གི་བདེན་དཔང་མཁོ་འདོན་བྱས་ཤིང་། དེང་གི་གཙོད་རིགས་ཀྱི་ཚད་མཐོའི་སྣ་མང་རང་བཞིན་ནི་དུས་གསར་གོང་མའི་སྐབས་ཀྱི་མདོ་དབུས་མཐོ་སྒང་ནས་བྱུང་བ་ཤུགས་ནས་སྟོན་ཐུབ། 

གཙོད་རིགས་ནི་ནོར་ཚན་སྲོག་ཆགས་ཀྱི་ཡན་ལག་གལ་ཆེན་ཞིག་ཡིན་ལ། རིགས་མི་འདྲ་བ30ལྷག་འདུས། ཕྱེད་ཀ་ཡན་ཆད་ཧྥེ་གླིང་དུ་ཁྱབ་ཡོད་ཅིང་། སྐྱེ་ཁམས་རིགས་སྣ་ཚོགས་ལ་འཕྲོད་མཐུན་བྱེད་ཐུབ། ཡ་གླིང་དབུས་རྒྱུད་དང་ཤར་རྒྱུད་ཀྱི་རིགས་ཁྱུ་ལ་མིག་ཅེར་གཙོད་ཁོངས་དང་རྒོ་བའི་ཁོངས་སོགས་ཡོད་ཅིང་། གཙོ་ཆེར་ཁོད་ཡངས་པའི་ཐང་རྒོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་འཕྲོད་མཐུན་བྱེད་ཐུབ། འོན་ཏེ། གཙོད་རིགས་ཀྱི་འགྱུར་རྡོའི་རིགས་དབྱེ་ལ་དུས་ཡུན་རིང་བོར་རྩོད་གཞི་ལྷག་ཡོད། སྲོལ་རྒྱུན་གྱི་གཟུགས་དབྱིབས་རིག་པའི་ཞིབ་འཇུག་གིས་འོལ་ཚོད་སྒོས་འགྱུར་རྡོ་འབོར་ཆེན་མིག་ཅེར་གཙོད་ཀྱི་ཁོངས་སུ་བསྡུས་པ་རེད། ཡིན་ནའང་། གྱེས་རྡུལ་སྐྱེ་དངོས་རིག་པའི་བདེན་དཔང་ལྟར་ན། དོན་དངོས་ཐོག་དེ་ལའང་སྒེར་ཚུགས་ཀྱི་རིམ་འགྱུར་ཡན་ལག་མང་པོ་འདུས། ཀྲུང་གོ་རུ་ངང་མགྲིན་གཙོད་རྒྱ་ཁྱབ་ཏུ་ཡོད་པར་མ་ཟད། དམིགས་བསལ་རིགས་ཁྱུ་སྟེ་རྒོ་དམར་ལྟ་བུ་ཡང་ཡོད། དེ་བས། ཡང་དག་པའི་ངང་འགྱུར་རྡོའི་ཟིན་ཐོ་མང་པོ་ལ་རིགས་དགར་རྒྱུ་ནི་རིག་གཞུང་སྨྲ་བའི་སྡེ་རུ་རྒྱུན་པར་མཐོང་བའི་དཀའ་གནད་ཅིག་ཏུ་གྱུར་ཡོད། 

ཞིབ་འཇུག་རུ་ཁག་གིས་བསྟན་དོན། སྔོན་ཆད་འགྱུར་རྡོའི་རྒྱུ་ཆའི་ཆ་ཚང་རང་བཞིན་གྱི་ཚད་བཀག་ལ་རྐྱེན་བྱས་ཏེ། གནད་འགག་གི་གཟུགས་དབྱིབས་མང་པོར་དོ་སྣང་བྱེད་ཐུབ་མེད། གསར་དུ་རྙེད་པའི“ཉི་ཧོ་གཙོད"ཀྱི་མགོ་རུས་སུ་ཀླད་རུས་དང་རྭ་ཅོའི་རྩ་བ་སོགས་ཀྱི་གྲུབ་ཚུལ་ཆ་ཚང་ཉར་ཚགས་བྱས་ཡོད་པས། གཤམ་གྱི་དམིགས་བསལ་ཚན་སྡེབ་ཁྱད་རྟགས་འདི་དག་གསལ་བོར་མངོན་ཡོད་པ་སྟེ། 

1.ཀླད་རུས་རིང་བ། ལྟག་ཀོང་ནི་རྣ་ལྷན་འབུ་རུ་ཕལ་བའི་གནས་ལས་མངོན་གསལ་གྱིས་བརྒལ་བ་དང་། དེ་ཕར་སྲིང་ཚད་གཙོད་སྐེ་རིང་ལས་གཞན་པའི་གཙོད་རིགས་མང་ཆེ་བ་ལས་བརྒལ་ཡོད་པ། 

2.མགོ་རུས་ཀྱི་གཡས་གཡོན་ཕྱེད་བགོས་ངོས་དྲང་སྙོམ་ཡིན་ཞིང་། ཕལ་ཆེར་འཁྱོགས་མེད་ཚུལ་ནི་གཙོད་སྐེ་རིང་དང་འདྲ་བས། དཔེ་མཚོན་ལྡན་པའི་གཙོད་ཀྱི་ཚན་པ་ཕལ་བའི་ཀླད་རུས་འཁྱོག་པོའི་གྲུབ་ཚུལ་དང་ཁྱད་པར་མངོན་གསལ་ཡོད་པ། 

3.གཞོགས་གཉིས་ཀྱི་རྭ་ཅོའི་རྩ་བ་རྒྱབ་ཕྱོགས་སུ་ཏུའུ60འཁྱོགས་ཏེ་མངོན་གསལ་སྒོས་ཕར་བསྲིངས་ཡོད་པ་དང་། ཧྥེ་གླིང་ས་ཆའི་བྱེ་ཐང་གི་གཙོད་དང་མཆོང་གཙོད་ཀྱི་རྭ་ཅོའི་རྩ་བའི་དབྱིབས་དང་ཧ་ཅང་འདྲ་བ།

གྱེས་རྡུལ་མ་ལག་རིག་པའི་ཞིབ་འཇུག་ལས་མངོན་པ་ལྟར་ན། རྒོ་བའི་ཁོངས་དང་མིག་ཅེར་གཙོད་ཀྱི་ཁོངས་གཉིས་ཀ་གཙོད་ཀྱི་ཚན་པ་ཕལ་བ་ནས་ཁ་གྱེས་པ་ཅུང་སྔ་བའི་སྒེར་ཚུགས་ཡན་ལག་གཉིས་ཡིན་པ་དང་། “ཉི་ཧོ་གཙོད"ཀྱི་འགྱུར་རྡོ་ལས་མངོན་པའི་འགལ་ཟླའི་ཁྱད་རྟགས་ཚན་སྡེབ་ལས་མངོན་པ་ལྟར་ན། དེའི་གཟུགས་དབྱིབས་ཀྱི་ཁྱད་རྟགས་ལ་རྒོ་བའི་ཁོངས་དང་གཉེན་ཉེའི་འབྲེལ་བ་ཡོད་པར་མ་ཟད། མགོ་རུས་དང་རྭ་ཅོའི་རྩ་བའི་དབྱིབས་སོགས་གནད་འགག་གི་ཁྱད་རྟགས་སྟེང་ཧྥེ་གླིང་གཙོད་སྐེ་རིང-བྱེ་ཐང་གཙོད-མཆོང་གཙོད་བཅས་ཀྱིས་གྲུབ་པའི་ཡན་ལག་དང་ཉེ་བ་རེད། གསར་རྙེད་འདིས་ཡ་གླིང་སྐམ་ས་ཆེན་མོ་དང་ཧྥེ་གླིང་སྐམ་ས་ཆེན་མོའི་གཙོད་ཀྱི་རིགས་ཁྱུ་ལ་མཉམ་འགྲོའི་འཕེལ་འགྱུར་སྣང་ཚུལ་ཡོད་པ་གསལ་སྟོན་བྱས་ཤིང་། དུས་མཚུངས་སུ། དེང་གི་ཧྥེ་གླིང་གཙོད་རིགས་ཀྱིས་འགྱེད་འཕྲོར་འཕྲོད་མཐུན་བྱེད་སྟངས་ཀྱི་འབྱུང་ཁུངས་ལ་ས་ཁམས་ཁུངས་སྣེ་གསར་བ་ཞིག་འདོན་སྤྲོད་བྱས་པ་སྟེ། དེའི་ཁ་གྱེས་དོན་རྐྱེན་ནི་དུས་གསར་གོང་མའི་སྐབས་ཀྱི་མདོ་དབུས་མཐོ་སྒང་གི་བྱང་རྒྱུད་ས་ཁུལ་ལ་གཏུགས་ཆོག་སྲིད། 

ཞིབ་འཇུག་འདིས་རྩྭ་གཟན་སྲོག་ཆགས་ཆེ་གྲས་སྐམ་ས་ཆེན་མོ་བརྒལ་ཏེ་མཆེད་པའི་ལམ་ཐིག་ལ་གནད་འགག་གི་འགྱུར་རྡོའི་བདེན་དཔང་མཁོ་འདོན་བྱས་ཤིང་། དུས་མཚུངས་སུ་ཡ་གླིང་ས་ཁུལ་གྱིས་གཙོད་ཀྱི་ཚན་པ་ཕལ་བའི་རིམ་འགྱུར་ཁྲོད་བཏོན་པའི་འགག་རྩའི་བྱེད་ནུས་ལ་ཡང་བསྐྱར་ལྟ་བཤེར་བྱ་དགོས་པ་ནན་བཤད་བྱས་ཡོད། 

མཚོ་སྔོན་ཞིང་ཆེན་ཐུན་ཏེ་རྫོང་ནས་རྙེད་པའི“ཉི་ཧོ་གཙོད"ཀྱི་མགོ་རུས།

1.png

2.png


མཉམ་སྤྱོད།