དེ་རིང་ནི2025ལོའི་ཟླ08པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས“ཤེར་ཕྱིན”གྱི་གཞུང་ཞིག་ལག་སོན་བྱུང་འདུག

2025-08-28 10:03:14   |   134

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཁམས་པ་བརྙན་འཕྲིན་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ལྷ་ས་འགག་སྒོའི་ཁོངས་གཏོགས་སྤུ་ཧྲེང་འགག་སྒོས་མངའ་ཁོངས་ཕྱི་རོལ་དུ་གྱར་བའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས“ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པརྒྱལ་ཁོངས་སུ་འབྱོར་བར་ལྟ་སྐུལ་དོ་དམ་བྱེད་པའི་ལས་དོན་བདེ་བླག་ངང་ལེགས་འགྲུབ་བྱུང་ཡོད།

6666.jpg

སྤུ་ཧྲེང་འགག་སྒོ་ལས་ཁུངས་ཀྱིས་བོད་རང་སྐྱོང་ལྗོངས་དང་སྤུ་ཧྲེང་རྫོང་སོགས་ས་གནས་སྡེ་ཁག་དང་མཉམ་ལས་ཧུར་ཐག་བྱས་ཏེ་ཆ་འཕྲིན་སྤེལ་རེས་དང་། ཁྲིམས་འཛིན་རོགས་སྐྱོར། ཐོན་ཁུངས་མཉམ་སྤྱོད་བཅས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལམ་སྲོལ་ཕྱོགས་མང་པོ་བཙུགས་ནས་བསྟན་བཅོས་ཞིབ་དཔྱད་དང་འབྲེལ་ཡོད་ཆེད་མཁས་པས་ཉམས་ཞིབ་བྱེད་པའི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རིག་དངོས་ཁག་དེ་ནི་བོད་དུ་ཁྱབ་རྒྱ་ཆེ་བའི་“ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའིཔར་གཞི་ཆ་ཚང་ཞིག་ཡིན་པ་དང་། ཁྱོན་བསྡོམས་བམ་པོ12ཡོད་ཅིང་། དེ་ནི་དུས་རབས་11པ་ནས12པའི་བར་གྱི་རྩ་ཆེའི་བསྟན་བཅོས་ཤིག་ཡིན་པ་ར་སྤྲོད་བྱས་པ་དང་། དེར་ཡིག་གཟུགས་དང་རི་མོའི་སྒྱུ་རྩལ། རིག་དངོས་བཅས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་པས། ཀྲུང་ཧྭ་ཤེས་རིག་གི་ནོར་བུ་ཞིག་ཡིན།


མཉམ་སྤྱོད།