དེ་རིང་ནི2025ལོའི་ཟླ12པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སི་ཁྲོན་འདབ་པ་རྫོང་ཕན་རོགས་གནའ་ཤུལ་དང་ཉེ་བར་བཅར་བ།

2025-12-30 10:12:08   |   27

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


1.png

འཕྲེད་ཐིག29°དང་ས་བབ་སྨི4300ཡིན་པའི་མདོ་དབུས་མཐོ་སྒང་ཤར་ལྷོ་རྒྱུད་ཀྱི་རྒྱང་རིང་ལ་གཟིགས་ཚེ་གནའ་བོའི་འཁྱག་རོམ་ཞི་ནས་མཐོ་སྒང་གི་མཚོ་དང་མཚེའུ་གྲུབ། གནས་དེ་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་གི་མཚོ་ཆེན་ཡིན།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། གནའ་རྫས་རྟོག་ཞིབ་པས་མཚོ་ཆེན་ཉེ་འཁོར་ནས་ནང་དོན་གལ་ཆེན་ལྡན་པའི་རྡོ་ཆས་རྙིང་པ་སྤྱོད་པའི་དུས་རབས་ཀྱི་གནའ་ཤུལ་ཞིག་རྙེད་པ་དང་། ཆེད་མཁས་མི་སྣས་བརྗོད་པ་ལྟར་ན། འདབ་པ་རྫོང་ཕན་རོགས་གནའ་ཤུལ་ཚོགས་པའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པའི་ངོས་ནས། མཚོ་ཆེན་གནའ་ཤུལ་གྱིས་མིག་སྔར་ལོ་རྒྱུས་སྔོན་གྱི་མིའི་རིགས་མདོ་དབུས་མཐོ་སྒང་ཤར་རྒྱུད་ནས་གནས་སྤར་ཞིང་ཕྱོགས་བཞིར་ཁྱབ་པའི་ས་བབ་ཆེས་མཐོ་བའི་ཟིན་ཐོ་བསྐྲུན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ་ས་ཡའི་མིའི་རིགས་འབྱུང་རྩའི་ལོ་རྒྱུས་དང་ལོ་ངོ་ཁྲི་ཕྲག་གི་མིའི་རིགས་ལོ་རྒྱུས་སྔོན་གྱི་ཤེས་རིག་འཕེལ་བའི་ལོ་རྒྱུས་གཙོ་བོ་གནའ་རྫས་རྟོག་ཞིབ་གྲུབ་འབྲས་ལ་བརྟེན་ནས་བསྐྲུན་དགོས།

ཉེ་བའི་ལོ་འགའི་རིང་ཕན་རོགས་གནའ་ཤུལ་ནས་རིམ་བཞིན་ས་ཁར་བུད་པའི་རྡོ་ཆས་ཁྲི་ཕྲག་གིས་མདོ་དབུས་མཐོ་སྒང་གི་མིའི་རིགས་ལོ་རྒྱུས་སྔོན་གྱི་རིག་གནས་འཕེལ་རྒྱས་ཐད་གནའ་རྫས་དཔྱད་ཞིབ་མཁོ་འདོན་བྱས་ཏེ། ལོ་ངོ་ཁྲི22སྔོན་དུ་མིའི་རིགས“ཚེ་སྲོག་གི་མྱ་ངམ་ཐང”དུ་བསྐྱོད་དེ་མདོ་དབུས་མཐོ་སྒང་ནས་རྡོ་ཆས་བཟོས་ཤིང་རིགས་རྒྱུད་སྤེལ་བ་རེད།

གསར་འགོད་པས་ཉེ་ལམ་སི་ཁྲོན་ཞིང་ཆེན་རིག་དངོས་རྟོག་ཞིབ་ཅུ་ནས་རྒྱུས་ལོན་པ་ལྟར་ན། འདབ་པ་རྫོང་མཚོ་མང་སྒང་མཚོ་ཆེན་མངའ་ཁོངས་ནས་རྟོག་ཞིབ་བྱས་པ་བརྒྱུད་དེ་རྡོ་ལེབ་ཆུང་ངུའི་ཅ་ལག་དང་རྡོ་ཆས་ཕྲ་མོ190ལྷག་རྙེད་པ་དང་། འབྲེལ་ཡོད་དཔྱད་རྩོམ་རྒྱལ་སྤྱིའི་དུས་དེབ《གནའ་བོའི་ས་གཤིས་རིག་པ། གནའ་བོའི་གནམ་གཤིས་རིག་པ། གནའ་བོའི་སྐྱེ་ཁམས་རིག་པ》བཅས་ཀྱི་སྟེང་སྤེལ་ཡོད་པས། ཕན་རོགས་གནའ་ཤུལ་ཚོགས་ཀྱི་ཞིབ་འཇུག་ལ་བདེན་དཔང་གསར་པ་བསྣན།

ཕན་རོགས་གནའ་ཤུལ་གནའ་རྫས་རྟོག་ཞིབ་ཀྱི་འགན་ཁུར་མི་སྣ་སི་ཁྲོན་ཞིང་ཆེན་རིག་དངོས་རྟོག་ཞིབ་ཞིབ་འཇུག་ཁང་གི་རྡོ་ཆས་རྙིང་པ་རྟོག་ཞིབ་ཞིབ་འཇུག་ཁང་གི་སའོ་ཀྲང་ཀོན་ཀྲུའུ་ཞོན་གྱིས། “གནའ་ཤུལ་དེ་རྙེད་པས་མིའི་རིགས་གནམ་གཤིས་ལྟོས་བཅས་ཀྱིས་དྲོ་བའི་དུས་སྐབས་སུ་མཚོ་འགྲམ་དུ་འཚོ་སྡོད་བྱས་པ་དང་། གནས་དེ་ནི་མཐའ་མཇུག་གི་འཁྱག་རོབ་དུས་སྐབས་རྗེས་སུ་མིའི་རིགས་འགུལ་སྐྱོད་བྱས་པའི་ཁྱབ་ཁོངས་གཙོ་བོ་ཡིན་སྲིད”ཅེས་ངོ་སྤྲོད་བྱས།

2.jpg

པར་འདི་ནི2021ལོའི་ཟླ9པའི་ཚེས22ཉིན་པར་བླངས་པའི་ཕན་རོགས་གནའ་ཤུལ་ཡིན།

ཕན་རོགས་གནའ་ཤུལ་ནི་མདོ་དབུས་མཐོ་སྒང་ནས་རྙེད་པའི་དུས་རབས་ཆེས་སྔ་ཞིང་གཞི་ཁྱོན་ཆེས་ཆེ་བ། རིག་གནས་ནང་དོན་ཆེས་ཕུན་སུམ་ཚོགས་པའི་ལོ་རྒྱུས་སྔོན་གྱི་གནའ་ཤུལ་ཞིག་ཡིན། ཀོན་ཀྲུའུ་ཞོན་གྱིས་ཕྱིར་དྲན་བྱས་པ་ལྟར་ན། ཐོག་མར་ཕན་རོགས་གནའ་ཤུལ་རྙེད་པའི་རྣམ་པ་ད་དུང་མིག་ལམ་དུ་མངོན་ཡོད། 2020ལོའི་ཟླ5པའི་ཚེས12ཉིན། ཀོན་ཀྲུའུ་ཞོན་དང་ཁོའི་ལས་གྲོགས་གཉིས་ཀྱིས་ཕན་རོགས་གནའ་ཤུལ་ནས་སྟ་རེ་ཐོག་མ་རྙེད་པ་དང་། བསམ་བློ་ཞིག་བཏང་རྗེས་ཁོ་གཉིས་ཀྱིས་ཕན་ཚུན་གྱི་མིག་མདངས་ལས་དགའ་སྤྲོ་དང་ཡིད་ཆེས་མཐོང་། དེ་ནས་སྔར་ལས་མང་བའི་རྡོ་ཆས་རིམ་བཞིན་རྙེད་པས་མི་རྣམས་ཀྱིས་དོ་སྣང་བྱུང་།

3.jpg

པར་འདི་ནི2022ལོའི་ཟླ10པའི་ཚེས6ཉིན་པར་བླངས་པའི་ཕན་རོགས་གནའ་ཤུལ་གྱི་གནའ་རྫས་སྟ་རེ་ཡིན།

“འདི་ནི་སློབ་དེབ་སྒྱུར་ཆོག་པའི་ཤེས་རྟོགས་ཤིག་ཡིན”ཞེས་པེ་ཅིན་སློབ་ཆེན་གནའ་རྫས་རྟོག་ཞིབ་རིག་དངོས་རྟེན་མཛོད་སློབ་གླིང་གི་དགེ་རྒན་ཆེན་མོ་ཝང་ཡུས་ཕིང་གིས་དེ་ལྟར་བརྗོད། སྔོན་ཆད་རིག་གཞུང་གིས“མིའི་རིགས་ས་བབ་མཐོ་ས་ནས་འཚོ་སྡོད་བྱས་པའི་དུས་སྐབས་ནི་དེང་རབས་མི་རིགས་བྱུང་བའི་རྡོ་ཆས་རྙིང་པ་སྤྱོད་པའི་དུས་སྐབས་རྗེས”ཡིན་པར་གཏན་ཁེལ་བྱས། པེ་ཅིན་སློབ་ཆེན་གྲོང་ཁྱེར་དང་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེན་མོ་ཀྲུང་ཅ་ཧྥུའུ་རུ་ཁག་གིས་འོད་འགྲེལ་འོད་ཞིབ་ལོ་བརྩི་ཐབས་ལམ་སྤྱད་དེ་ཕན་རོགས་གནའ་ཤུལ་གྱི་ལོ་རབས་གནས་བབ་དང་ལོ་ངོ་ཁྲི22ནས4ཡོད་པའི་བར་དུ་གཏན་ཁེལ་བྱས། དོན་དངོས་སུ་དེ་ལས་ཀྱང་ཡུན་རིང་བ་རེད།

དོན་དངོས་དེས་ལོ་ངོ་ཁྲི22སྔོན་དུ་མེས་པོ་རྣམས་ཀྱིས་གནས་དེར་མཐོ་སྒང་གི་མཐའ་གནས་དབང་སྒྱུར་བྱས་ཏེ་ཚེ་སྲོག་གི་ངོ་མཚར་ལོ་རྒྱུས་བྲིས་པ་མཚོན་ཡོད།

2021ལོའི་ཟླ4པ་ནས་བཟུང་། སི་ཁྲོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་པེ་ཅིན་སློབ་ཆེན་གནའ་རྫས་རྟོག་ཞིབ་རིག་དངོས་རྟེན་མཛོད་སློབ་གླིང་དང་མཉམ་འབྲེལ་གྱིས་ཕན་རོགས་གནའ་ཤུལ་སྔོག་འདོན་ལས་དོན་སྤེལ། མིག་སྔའི་བར་དུ་སྨི་གྲུ་བཞི་མ100ལྷག་གི་གནའ་ཤུལ་རྩད་བཅད་པས། བསྟུད་མར་རིག་གནས་རིམ་པ9ཡི་རྣམ་པ་ངོ་མ་མངོན་ཏེ། གཅོད་གཏོར་ཆས་དང་གཏོར་ཆས། སྟ་རེ། གྲོ་སྐད་སོགས་ཀྱི་རྡོ་ཆས་རྙིང་པ་ཡང་བསྐྱར་ཕྱིར་མངོན་པ་རེད། ད་ལོའི་ཟླ5པའི་ཚེས11ཉིན། སྤྱི་འབོར་མ་དངུལ་སྒོར་དུང་ཕྱུར2.4བཏང་བའི་ཕན་རོགས་གནའ་ཤུལ་སྲུང་སྐྱོང་བེད་སྤྱོད་ལས་གཞི་དངོས་སུ་མགོ་བརྩམས་ཏེ། མཐོ་སྒང་གི་ལོ་རྒྱུས་སྔོན་གྱི་དཔལ་ཡོན་གྱི་གནས་རྟགས་གསར་པ་ཡུལ་དེ་ནས་བྱུང་།

5.jpg

པར་འདི་ནི2021ལོའི་ཟླ5པའི་ཚེས18ཉིན་པར་བླངས་པའི་ཕན་རོགས་གནའ་ཤུལ་གྱི་མིའི་རིགས་འགུལ་སྐྱོད་བྱས་པའི་རྗེས་ཤུལ་ཡིན།

ཀྲུང་གོ་ཚན་རིག་ཁང་གི་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀའོ་ཞིན་གྱིས། “ཕན་རོགས་གནའ་ཤུལ་རྙེད་པ་ནི་ཀྲུང་གོའི་ལྷོ་ནུབ་ས་ཁུལ་དུ་ཀྲུང་གོ་སྐྱོར་བྱེད་དང་ཨེ་ཤེ་ཡ་ཤར་མའི་རྡོ་ཆས་རྙིང་པ་སྤྱོད་པའི་དུས་རབས་ཀྱི་རིག་གནས་ཐོག་ཁང་ཆེན་མོའི་སྐྱོར་བྱེད་ཅིག་རྙེད་པ་དང་མཚུངས”ཞེས་བརྗོད།

མིའི་རིགས་དཔལ་ཡོན་འཕོ་འགྱུར་ཁྲོད་ཀྱི་མངའ་ཁོངས་ཆེན་པོའི་སྟེང་བོད་ཁུལ་མཐོ་སྒང་དེ་ནི་རྒྱང་ཐང་རིང་བའི་མཐའ་མཚམས་མིན་པར། ལོ་རྒྱུས་ནང་འདྲེས་པའི་གནས་ཚད་གལ་ཆེན་ཞིག་ཏུ་གྱུར་ཡོད།

ཕན་རོགས་གནའ་ཤུལ་རྡོ་ཆས་རྙིང་པ་སྤྱོད་པའི་དུས་རབས་ཀྱི་གསང་བ་དེའི་འབྱུང་ཁུངས་གཅིག་ནི་ཨ་ཧྲི་ལེ་ལག་རྩལ་ནས་བྱུང་ཞིང་། ལག་རྩལ་དེའི་ཚབ་བྱེད་རང་བཞིན་གྱི་རྡོ་ཆས་སྟ་རེ་དང་འཇོར། གྲི་སྐད་བཅས་ཡིན། དེ་ནང་ཕྱོགས་གཉིས་རྡུང་བཟོ་དང་དབྱིབས་རྣམ་ཆ་འགྲིག་པའི་སྟ་རེ་ལ་རང་གི་ཁྱད་ཆོས་ལྡན་པས་གཏུབ་རྡུང་དང་གཏུབ་གཅོད་ཐད་སྤྱོད་པ་རེད། དུས་རབས20ལོ་རབས40ནང་ཨ་རིའི་གནའ་རྫས་རྟོག་ཞིབ་པ་མའོ་ཝེ་སི་ནས་མིང་ཐོགས་པའི“མའོ་ཝེ་སི་ཐིག”གཞུང་ལུགས་ལས་བསྟན་དོན། ཨེ་ཤེ་ཡ་ཤར་མའི་ཁྱབ་ཁོངས་སུ་གཏུབ་རྡུང་རྡོ་ཆས་སོགས་ཀྱི་ལག་ཆ་ཡོད་པ་ལས་ཨ་ཧྲི་ལེའི་ལག་རྩལ་བྱང་དུ་ཆུབ་མེད།

6.jpg

པར་འདི་ནི2020ལོའི་ཟླ6པའི་ཚེས5ཉིན་པར་བླངས་པའི་གནའ་རྫས་གཙོ་བོ་གཅོད་གཏོར་བྱེད་ཆས་ཡིན།

འོན་ཀྱང་། ཕན་རོགས་གནའ་ཤུལ་ལས་རྙེད་པའི་སྟ་རེ་དང་གྲི་སྐད་བརྒྱ་ཕྲག་ལྷག་ནང་ཨ་ཧྲི་ལེ་ལག་རྩལ་མ་ལག་ཨེ་ཤེ་ཡ་ཤར་མར་གནས་པར་ད་ལྟའི་བར་གྱི་ཆེས་སྲ་ཞིང་བརྟན་པ་དང་ཕུན་སུམ་ཚོགས་པའི་གནའ་རྫས་རྟོག་ཞིབ་བདེན་དཔང་བྱས། དེས་ཤུགས་ལྡན་པའི་ངང་ཨེ་ཤེ་ཡ་ཤར་མའི་ལོ་རྒྱུས་སྔོན་གྱི་རིག་གནས“རྗེས་ལུས”ཡིན་པའི་ལྟ་ཚུལ་གཏོར།

ཕན་རོགས་གནའ་ཤུལ་གནའ་རྫས་རྟོག་ཞིབ་སྔོག་འདོན་དྲོད་ཁང་ཆེན་མོ་ནང་བསྐྱོད་དུས། མཐུག་ཚད་ནཱ་སྨི་གཉིས་ཀྱི་རིག་གནས་རིམ་པ་ལངས་གཟིགས་ཀྱི“ས་ཡི་དཔེ་ཆ”ཞིག་དང་འདྲ། ཞིབ་ཀྱིས་ལྟོས་ཚེ་འཚོལ་ཞིབ་ཕྱོགས་ཀྱི་གཤགས་ངོས་ཀྱི་ས་རིམ་ཧོང་དམར་སྣོལ་འབྲེལ་ཡིན་པ་དང་། སེར་མདོག་གི་རིམ་པ་ནི་འཁྱག་དུས་ཀྱི་དཔར་རྟགས་ཡིན། དམར་མདོག་རིམ་པ་ནི་དྲོད་དུས་ཀྱི་ཉར་ཚགས་ཡིན། ས་ངོས་རེ་རེ་ནི་ལོ་ངོ་ཁྲི་ཕྲག་གི་བདེན་དཔང་ཡིན་པས་མདོ་དབུས་མཐོ་སྒང་ཤར་ལྷོ་རྒྱུད་ཀྱི་གནའ་བོའི་ཁོར་ཡུག་གི་འཕོ་འགྱུར་མཚོན།

7.jpg

པར་འདི་ནི་ཕན་རོགས་གནའ་ཤུལ་གནའ་རྫས་རྟོག་ཞིབ་དྲོད་ཁང་ཆེན་མོ་ནང་གི་སྔོག་འདོན་རྣམ་པ་ཡིན།

གནའ་རྫས་རྟོག་ཞིབ་དྲོད་ཁང་ཆེན་མོའི་འཚོལ་གནས་སུ་རིག་གནས་རིམ་པ9དང་ས་ངོས་ནས་རྡོ་ཆས་བརྒྱ་ལྷག་རྙེད་པའི་སྟེང་རྡོ་ཆས་རྙིང་བའི་དུད་རབས་ཀྱི“རྡེའུ་རྡོ་ཆས་གྲུབ་ཆ་གཙོ་བོ་སྟེ་ཨ་ཧྲེ་ལི་ལག་རྩལ་མ་ལག་ཕྱོགས་གཉིས་རྡོ་ཆས་དང་རྡོ་ལེབ་ཆུང་ངུ་མ་ལག་སོགས”ཀྱི་རིག་གནས་འཕོ་འགྱུར་རྗེས་ཤུལ་ཡོད།

རྡོ་ཆས་རིགས་ཁྲི་ཕྲག་གི་ཕྱིའི་རྣམ་པ་མི་མཚུངས། རྡོ་ཆས་རེ་རེས་གནའ་བོའི་མིའི་རིགས་འཚོ་སྡོད་བྱེད་པའི་ཤེས་རབ་ཡོངས་སུ་མཚོན། དཀར་གོང་མཉེན་མཁྲེགས་ལྡན་པའི་བརྐོ་དཀའ་བས་གཏོར་ཆས་ཆུང་ངུ་བྱས་ཆོག བྱེ་རྡོ་རྩུབ་པོ་ཡིན་པས་དབྱིབས་ཆགས་སླ་བས་རྡོ་ཆས་ཆེ་གྲས་རིགས་བྱས་ཆོག ཟུར་བྲག་གི་རྒྱུ་ཆ་གཙང་བས་ལག་ཆ་ཞིབ་ཕྲ་བཟོས་ཆོག་པ་ཡིན། དཀར་གོང་དང་བྱེ་རྡོ་ནི་གནའ་ཤུལ་འགྲམ་རྒྱུད་ཀྱི་ཆུ་བོ་ནས་བླངས་པ་ཡིན། དེས་ས་གནས་ནས་རྒྱུ་ཆ་ལེན་པའི་འཚོ་སྡོད་རྣམ་པ་མཚོན། སྟ་རེ་བཟོ་བྱེད་ཀྱི་ཟུར་བྲག་ནི་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ཆུ་འགྲམ་རྒྱུད་དེ་སྟོང་སྨི13སའི་ཁུངས་དེད་པས་མཐར་རི་སྒང་ཞིག་ནས་རྒྱུ་ཆ་རྙེད། དེ་ནི་སྟ་རེ་བཟོ་བྱེད་རྒྱུ་ཆ་གཙོ་བོ་བསྡུ་ས་ཡིན།

“དཀའ་སྡུག་ལྡན་པའི་རང་བྱུང་ཁོར་ཡུག་ནང་ལྷག་ཏུ་མིའི་རིགས་སྲོག་ཆགས་གཞན་དང་མི་འདྲ་བའི་ཐུན་མོང་མ་ཡིན་པའི་འཕྲོད་ནུས་མངོན། རྡོ་ཆས་རེ་རེ་ནི་ཕ་མེས་ཡང་མེས་ཁོར་ཡུག་ངན་པ་དང་གདོང་གཏོད་པའི་ཤེས་རབ་དང་སྤོབས་པ། ནུས་བ་སོགས་མཚོན”ཞེས་ཀོན་ཀྲུའུ་ཞོན་གྱིས་དེ་ལྟར་བརྗོད།

ཕན་རོགས་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་འཚོལ་གནས་སུ་སྟ་རེ་ཞིག་གི་ཁ་ཤིན་ཏུ་རྣོ། དེ་ནི་ཡག་ཅིང་དབྱེ་འབྱེད་ཚད་མཐོ་བའི་རྡོ་བཟོས་ལག་ཆ་ཡིན། དབྱིབས་ནི་ཆུ་ཐིགས་དང་ཁམ་ཚིག་བཞིན། རྡོ་ཆས་རྙིང་བ་སྤྱོད་པའི་དུས་རབས་བརྒལ་བའི་ལོ་ངོ་ཁྲི་བརྒྱ་ལྷག་ཙམ་གྱི་ལོ་ཟླའི་ཁྲོད། ཨ་ཧྥེ་རི་ཁའི་རྩྭ་ཐང་ཆེན་མོ་ནས་ཨེ་ཤེ་ཡའི་ནུབ་རྒྱུད་ཀྱི་མྱ་ངམ་ཐང་། ཡ་གླིང་རི་ཁུལ་ནས་ཨེ་ཤེ་ཡའི་ཤར་རྒྱུད། འཛམ་གླིང་ས་ཆ་སོ་སོ་ནས་ས་ཁར་བུད་པའི་སྟ་རེ་རྣམ་པ་དང་ཆེ་ཆུང་ཕྱོགས་ནས་འདྲ་མཚུངས་ཆེ།

9.jpg

པར་འདི་ནི་ཕན་རོགས་གནའ་ཤུལ་གྱི་རྡོ་ཆས་ལག་རྩལ་དུས་རིམ་བཞི་བའི་འགྱུར་ལྡོག་དཔེ་རིས་ཡིན།

“སྟ་རེའི་ཚད་ལྡན་ཅན་གྱི་དབྱིབས་རྣམ་གང་ནས་ཡོང”ཞེས་ན། སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་ཞིབ་རིག་དངོས་རྟེན་མཛོད་སློབ་གླིང་གི་སློབ་གཙོ་ཧུང་ལང་གིས་བརྗོད་དོན། “ཚད་ལྡན་ཅན་གྱི་དབྱིབས་དེ་གློ་བུར་དུ་གྲུབ་པ་ཞིག་གཏན་ནས་མིན། རྡོ་ཆས་རྙིང་བ་སྤྱོད་པའི་དུས་རབས་སུ་འཛམ་གླིང་ས་ཆ་སོ་སོའི་སྟ་རེ་བཟོ་མཁན་ཚོས་མཉམ་དུ་ལག་རྩལ་ཞིག་སྤྱོད་པའི་འདུ་ཤེས་ཆགས་ཡོད་པས། ཕུན་སུན་འབྲེལ་འདྲིས་ཡོད་པའི་ལག་རྩལ་སྐད་བརྡ་དང་ངེས་ཤེས་གཏན་ཚིགས་ཆགས་ཡོད། རྡོ་ཐོག་བརྐོས་པའི་གཏིང་ཟབ་ཐུན་མོང་རང་བཞིན་དེས་མིའི་རིགས་སྤྱི་ཆ་ཡིན་པའི་ངོས་ཀྱི་དུས་ཐོག་རྣམ་པ་བསྟན”།

ངོ་མཚར་བ་ཞིག་ནི། སྔོན་ཆད་གནའ་རྫས་རྟོག་ཞིབ་པས་ཚོད་ལྟ་བྱས་པ་བརྒྱུད། ཨ་ཧྲི་ལེ་ལག་རྩལ་ལྟོས་པ་ཙམ་གྱིས་སློབ་དཀའ་ལ། ངག་རྒྱུན་ལ་བརྟེན་ནས་སློབ་དགོས་པ་རེད། ཆེད་མཁས་མི་སྣས་བསྟན་དོན། ཨ་ཧྲི་ལེ་ལག་རྩལ་ཁུང་དུ་ཆུད་པའི་མི་ཚོགས་ཀྱིས་སྐད་བརྡ་འཕྲོད་པ་ཡིན་པས། སྐད་སྒྲས་ཤེས་རབ་བརྒྱུད་སྤྲོད་བྱས་ཏེ་ཕན་ཚུན་བར་འབྲེལ་འདྲིས་བྱས་པ་ཡིན།

ལོ་ངོ་ཁྲི22སྔོན་ན། རང་རྒྱལ་གྱི་ཧྭ་ནན་ས་ཁུལ་གྱི་གནའ་བོའི་མིའི་རིགས་ཀྱིས་རྡོ་ཆས་རྡོ་ལེབ་སྟབས་བདེ་ཁྱེར་ཏེ་མཐོ་སྒང་གི་སྒོ་མོ་འབྱེད། རྗེས་སུ་ཨ་ཧྲི་ལེ་ལག་རྩལ་བྱང་དུ་ཆུད་པའི་མི་ཚོ་ཨེ་ཤེ་ཡ་ལྷོ་རྒྱུད་དང་ཨེ་ཤེ་ཡ་ནུབ་རྒྱུད་ནས་ཐོན། དེ་རྗེས་སུ་ཧྭ་པེ་ས་ཁུལ་ནས་ཡོང་བའི་རྡོ་ལེབ་ཆུང་ཆུང་རྡོ་ཆས་ལག་རྩལ་ཁོང་དུ་ཆུད་པའི་མི་ཚོགས་ལྷོ་ཕྱོགས་སུ་ཁྱབ་ནས་གནས་དེར་འདུས།

10.jpg

པར་འདི་ནི་གནའ་རྫས་རྟོག་ཞིབ་པས་ཕན་རོགས་གནའ་ཤུལ་ས་རིམ་ནསDNAམ་དཔེ་ལེན་བཞིན་པའི་རྣམ་པ་ཡིན།

ལག་རྩལ་མི་གཅིག་པ་དང་མི་ཚོགས་མི་གཅིག་པ་མདོ་དབུས་མཐོ་སྒང་ནས་མཉམ་འཛོམས་བྱུང་ནས་རྡོ་ཆས་བཟོ་རྩལ་མཉམ་བསྲེས་དང་འཚོ་སྡོད་ཤེས་རབ་མཉམ་དུ་འཕྲད། ཀོན་ཀྲུའུ་ཞོན་གྱིས་བརྗོད་དོན། “མཐོ་སྒང་འདི་ནི་རིག་གནས་ཞན་ཆ་མིན་པ་མ་ཟད། རིག་གནས་ཁྱམས་རིང་ཡིན། ཁྱམས་རིང་འདིས་ཀྲུང་གོའི་ལྷོ་བྱང་རྒྱུད་བརྒྱུད་པ་མ་ཟད། ཤར་ནུབ་རྒྱུད་རྒྱང་རིང་རིག་གནས་སྤེལ་རེས་ཀྱི་བགྲོད་ལམ”མཚོན།

ཕན་རོགས་ཀྱི“རྡོ་ཡི་གཏམ་རྒྱུད”འཛམ་གླིང་ཡོངས་ལ་ཁྱབ། 2024ལོར་ཕན་རོགས་གནའ་ཤུལ་དང་འཛམ་གླིང་ཨེ་ཤེ་ཡ་དང་ཡ་གླིང་སྐམ་ས་ཆེན་མོ་གནའ་བོའི་མིའི་རིགས་གནས་སྤར་ཁྱབ་མཆེད་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཚོགས་པ་དང་། ཞི་ལིའི་ཁའུ་ལེ་ཐུའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཉི་ནཱ·ཀུའུ་ལན་ཉི་ཏུའུ་ཡིས་འགྲེམ་སྒམ་ནང་གི་སྟ་རེ་ལ་ལྟོས་ནས་བརྩེ་སེམས་ལྡན་པའི་ངང“རྡོ་ཆས་རྙིང་བའི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་པས་མིའི་རིགས་ཀྱི‘ཐུན་མོང་ཆ’འཚོལ་ཞིབ་བྱེད་པ་ཡིན། ང་ཚོས་སྟ་རེ་འདི་མཐོང་དུས‘འཛམ་གླིང་ཤིན་ཏུ་ཆུང་བ’རྟོགས་ཐུབ”ཅེས་བརྗོད།

11.jpg

པར་འདི་ནི་གནའ་རྫས་རྟོག་ཞིབ་པས་ཕན་རོགས་གནའ་ཤུལ་ལ་སྔོག་འདོན་འཚོལ་ཞིབ་བྱེད་བཞིན་པའི་རྣམ་པ་ཡིན།

ས་བབ་སྨི6033འཕགས་པའི་བུམ་པ་མེད་ཡུན་གངས་རི་ནི་འདབ་པ་ཉིན་སྟེང་གི་རི་རྩེ་ཆེས་མཐོ་ས་ཡིན། ལོ་ངོ་བྱེ་བ་རིང་ལ་བྲག་རྡོ་དང་སྐར་ཚོགས་མཉམ་དུ་གནས་པའི་ལོ་ཟླ་མཚོན་ཡོད། ཕ་མེས་ཡང་མེས་ཚོས་གནས་དེ་ནས་སྟ་རེ་རྡུང་བཟོ་བྱས་ནས། རྡོ་བར“ཚེ་སྲོག་གི་མྱ་ངམ་ཐང”གཏོར་བའི་ངར་ཤུགས་ལྡན་པ་དང་། མིའི་རིགས་རིམ་འགྱུར་གྱི་གནམ་ས་གོ་འབྱེད་བྱས། དེ་རིང་གི་མི་རྣམས་ཀྱིས་འདབ་པ་ནས་ས་བབ་མཐོ་བའི་འཇིག་རྟེན་འཕྲོ་འོད་ལྟ་ཞིབ་ཚད་འཇལ་ས་ཚིགས“ལགས་སོ”བསྐྲུན་པས། འཛམ་གླིང་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་ཕྱོགས་བསྡུས་ཚངས་ཐིག་གློག་འཕྲོས་རྒྱང་མཐོང་སོགས་ཀྱི་ཚན་རིག་སྒྲིག་ཆས་ཆེན་པོས་གནམ་གཤིས་ལ་བརྟགས་ནས། དཔལ་ཡོན་ལམ་བུ་ནང་མུ་མཐུད་དུ་མདུན་ལ་སྐྱོད་བཞིན་ཡོད། 


མཉམ་སྤྱོད།