དེ་རིང་ནི2026ལོའི་ཟླ03པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གནའ་རབས་སྟག་གཟིག་ཆོས་ལུགས་དང་བོན་ཆོས་གཉིས་ཀྱི་རིག་གནས་ཀྱི་འབྲེལ་བར་དཔྱད་པ།

2026-03-30 10:20:14   |   97

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་སྤྱི་ཚོགས་ཚན་རིག་དུས་དེབ། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

རྩོམ་པ་པོ། རྡོ་དཀར་ཚེ་དཔལ་སྟོབས་ལྡན།

ནང་དོན་གནད་བསྡུས། ལོ་རྒྱུས་ཡིག་ཚང་གཞིར་བཟུང་ནས་སྟག་གཟིག་དང་བོད་གཉིས་ཀྱི་འབྲེལ་འདྲིས་ལོ་རྒྱུས་ལ་དཔྱད་ན། གནའ་རབས་སྟག་གཟིག་ཆོས་ལུགས་དང་བོན་ཆོས་བར་དུ་ཆོས་ཀྱི་བཞེད་དགོངས་དང་ཆོ་ག་ཕྱག་ལེན་སོགས་ལ་ཐུན་མོང་གི་ཆ་མང་དུ་སྣང་། ལྷག་པར་དུ་བོན་བྱ་བའི་མཚན་དོན་དང་། བྱབས་ཁྲུས་ཀྱི་ཆོ་ག གནམ་མཆོག་འཛིན་གྱི་འདུ་ཤེས། ཕུང་པོ་བྱ་གཏོར་གྱི་དུར་སྲོལ། དགེ་སྡིག་གི་རྒྱུ་གཉིས་སྨྲ་བའི་ལྟ་གྲུབ་སོགས་ནི་མ་བུ་ངོ་འཕྲད་པ་ལྟར་མཐུན་ཆ་མང་པོ་ཡོད་ཅིང་། དེ་ལས་བོན་གྱི་ཆོས་ལུགས་ཀྱི་ཆོ་ག་ཕྱག་ལེན་དང་གདོད་མའི་དད་མོས་ཀྱི་ལྟ་གྲུབ་མང་པོ་ཞིག་གནའ་རབས་སྟག་གཟིག་ཆོས་ལུགས་ལས་མཆེད་པ་དང་། དེ་དག་གིས་བོད་ཀྱི་རིག་གནས་དང་དད་མོས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་དོ། །

གནད་ཚིག ལོ་རྒྱུས་ཡིག་ཚང་། སྟག་གཟིག་ཆོས་ལུགས། བོན་ཆོས། རིག་གནས་འབྲེལ་འདྲིས།

2.jpg



14.jpg




མཉམ་སྤྱོད།