དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་དྲུག་པའི་མཇུག་འབྲས།

2024-08-14 10:23:42   |   228

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


2.png     

 མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་དང་། ཞིན་ཧེ་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་རོགས་སྒྲུབ་བྱས་པའི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་དྲུག་པའི་མཇུག་འབྲས་སྤྱི་ཟླ8པའི་ཚེས13ཉིན་དངོས་སུ་ཁྱབ་བསྒྲགས་བྱས། རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ནི་བོད་ཡིག་གི་ལམ་ནས་གསར་རྩོམ་གནང་བའི་རྩོམ་པ་པོས་ཕུལ་དུ་བྱུང་བའི་རྩོམ་རིག་བརྩམས་ཆོས་གསར་རྩོམ་བྱ་རྒྱུར་སྐུལ་ལྕག་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་བྱ་གཞག་དར་རྒྱས་དང་གོང་འཕེལ་དུ་བཏང་སྟེ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་བསམ་པའི་འཚོ་བཅུད་ཕུན་སུམ་ཚོགས་པ་མཁོ་འདོན་བྱེད་པར་དམིགས་པ་ཡིན།

དཔྱད་འདེམ་ཚོགས་པས“མི་དམངས་ལ་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བ”ཡི་ཁ་ཕྱོགས་བརྩི་སྲུང་དང་། “མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང”གི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་པ་དང་། དབྱངས་རྟ་གཙོ་བོ་མཆོག་ཏུ་འཛིན་པ་དང་། སྣ་མང་རང་བཞིན་དར་སྤེལ་གཏོང་བ། ཁྲིད་ཕྱོགས་རང་བཞིན་དང་། དབང་གྲགས་རང་བཞིན། དྲང་བདེན་རང་བཞིན་བཅས་གཙིགས་སུ་བཟུང་ནས། བསམ་བློའི་ནང་དོན་གཏིང་ཟབ་པ་དང་མཛེས་དཔྱོད་ཀྱི་དོན་སྙིང་ཕུན་སུམ་ཚོགས་པའི་ཕུལ་བྱུང་བརྩམས་ཆོས་དཔྱད་འདེམ་བྱས་པ་རེད།

 ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་རྩོམ་ཡིག་སྤེལ་ཡུན་ནི2023ལོའི་ཟླ3པའི་ཚེས1ཉིན་ནས2024ལོའི6པའི་ཚེས30ཉིན་བར་ཏེ་བསྡོམས་པས་ལོ་གཅིག་དང་ཟླ་ངོ་དྲུག་ཡིན། སྐབས་ཐོག་ཏུ་བོད་ལྗོངས་ཉིན་རེའི་ཚགས་པར་དང་ཀྲུང་གོ་བོད་ཀྱི་དྲ་བ། ཁམས་པའི་དྲ་བ། མཚོ་སྔོན་བོད་ཡིག་གསར་འགྱུར། རྨ་ལྷོ་བོད་ཡིག་གསར་འགྱུར། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར་སོགས་བོད་ཀྱི་སྨྱན་སྦྱོར་ཆེ་ཁག་དང་། དེ་མིན་སྐད་འཕྲིན་དང་ཟིན་ཕྲན་སོགས་ཀྱི་བར་སྟོང་དུ་བརྒྱུད་སྐུར་བྱས་ཏེ་ཀུན་ལ་རྩོམ་ཡིག་འགྲན་སྡུར་སྤེལ་བའི་གནས་ཚུལ་ཞིབ་ཕྲ་དག་དུས་ལྟར་ཞུས། འདིའི་རིང་དུ་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་ཡུལ་གྲུ་སོ་སོ་ནས་སྒྲུང་ཐུང200ལྷག་འབྱོར་བྱུང་ལ། དེ་དག་རེ་རེ་བཞིན་རྩོམ་སྒྲིག་པས་ཞིབ་ཀྱིས་བཀླགས་ཤིང་ཞུས་ཐེངས་དང་པོ་དང་གཉིས་པ། མཐའ་ཞུས་སོགས་བརྒྱུད་དེ་མ་ཡིག་འབྱོར་བའི་སྔ་གཞུག་ལྟར«མཚོ་སྔོན་བོད་ཡིག་གསར་འགྱུར»སྟེང་བསྡོམས་པས་རྩོམ་ཡིག61སྤེལ། འགྲན་སྡུར་དེ་དྲང་བོ་དྲང་གཞག་ཡོང་རྒྱུར་འགན་ལེན་བྱ་ཆེད་དཔྱད་འདེམ་གོ་རིམ་ནན་མོ་བཟོས་ནས་རྩོམ་རིག་དཔྱད་བརྗོད་པ་དང་། རྩོམ་པ་པོ། སློབ་ཆེན་གྱི་དགེ་རྒན་ཆེན་མོ་སོགས་དཔྱད་འདེམ་པ་བདུན་གདན་ཞུ་བྱས་ཤིང་། ཁོང་ཅག་གིས་དཔྱད་འདེམ་ནན་ཏན་བྱས་པ་བརྒྱུད་བྱ་དགའ་ཨང་དང་པོ་གཅིག་དང་། བྱ་དགའ་ཨང་གཉིས་པ་གཉིས། བྱ་དགའ་ཨང་གསུམ་པ་གསུམ་བཅས་བདམས་ཐོན་བྱུང་། བརྩམས་ཆོས་དེ་དག་གིས་རྩོམ་རིག་གི་ཕྱོགས་ནས་བོད་འབྲེལ་ས་ཁུལ་གྱི་མཛེས་སྡུག་ལྡན་པའི་འཚོ་བ་ཞིབ་འབྲི་བྱས་ཡོད་པ་མ་ཟད། ཕུན་སུམ་ཚོགས་པའི་མི་སྒེར་གྱི་བརྩེ་སེམས་དང་ཐུན་མོང་མ་ཡིན་པའི་མཛེས་རིག་གི་མཐོང་རྒྱར་བརྟེན་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྒྱལ་ཡོངས་དང་འབྲེལ་བ་ཡོད་པའི་བོད་འབྲེལ་ས་ཁུལ་ལ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས། གྲོང་གསེབ་དར་སྤེལ་སོགས་ཕྱོགས་གང་ཅིའི་ཐད་ནས་ཐོབ་པའི་གྲུབ་འབྲས་ཆེན་པོར་བསྟོད་བསྔགས་བྱས་ཡོད་དོ། ། 

བྱ་དགའ་ཐོབ་པའི་མིང་ཐོ།

བྱ་དགའ་ཨང་དང་པོ།

རྩོམ་པ་པོ། ཚེ་རིང་བསམ་འགྲུབ།

བརྩམས་ཆོས། «ངང་སྒུག»

བྱ་དགའ་ཨང་གཉིས་པ།

རྩོམ་པ་པོ། དུར་སྲི།

བརྩམས་ཆོས། «གསང་བའི་སྒྲོམ་ཆུང་ནང་གི་མུ་ཏིག»

རྩོམ་པ་པོ། བཙུན་ཐར་རྒྱལ།

བརྩམས་ཆོས། «དམར་རྒན»

བྱ་དགའ་ཨང་གསུམ་པ།

རྩོམ་པ་པོ། གཡུ་སྒྲོན་འཚོ།

བརྩམས་ཆོས། «སྨག་རུམ་ཁྲོད་ཀྱི་འབོད་པ»

རྩོམ་པ་པོ། ནམ་མཁའ་བཀྲ་ཤིས།

བརྩམས་ཆོས། «རླབས་ཀྱི་རྩེ་མོ»

རྩོམ་པ་པོ། གཅུང་བསྟན་བཟང་།

བརྩམས་ཆོས། «ཆུ་ལྷམ»

མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས། ཞིན་ཧེ་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས།

2024ལོའི་ཟླ8པའི་ཚེས13ཉིན།


མཉམ་སྤྱོད།