དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

སྐུད་མེད་གློག་གི་རྒྱང་སྒྲོག རྒྱང་རིང་ནས་ཁོ་བོས་ཁྱོད་ཀྱི་སྐད་སྒྲ་ཐོས།

2024-12-10 15:25:29   |   118

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས།  མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་། 


 གློག་རིག་དང་གློག་སྡུད་རིག་པ་ཡར་རྒྱས་གོང་འཕེལ་བྱུང་བ་དེས། གློག་སྡུད་རླབས་རྙེད་པར་ཆ་རྐྱེན་བསྐྲུན། མའེ་ཁི་སི་ཝེའི་རླབས་ཆེ་བའི་མ་འོངས་ལུང་བསྟན་དང་ཧེར་ཙེའི་ཁྱད་པར་དུ་འཕགས་པའི་ཚོད་ལྟས་གློག་སྡུད་རླབས་ཀྱི་ཟབ་གསང་གི་གདོང་ཁེབས་དེ་བཤུས་སོང་། མཱ་ཁོ་ཉི་དང་པཱོ་པཱོ་ཧྥུ་ཡིས་ཕྱེ་བའི་སྐུད་མེད་གློག་དངོས་སུ་བཀོལ་སྤྱོད་བགྱིས་པའི་སྒོ་ཆེན་ནང་དུ་ཕྱིན་ནས། 1906ལོའི་ཟླ12པའི་ཚེས24ཉིན། ཨ་རིའི་དངོས་ཁམས་རིག་པ་བ་ཧྥེ་སིན་ཏིན་གྱིས་མཐའ་མར་འགྲོ་བ་མིའི་ལོ་རྒྱུས་སྟེང་ཐོག་དང་པོར་སྐུད་མེད་གློག་གི་རྒྱང་སྒྲོག་གཏོང་བ་མངོན་འགྱུར་བྱས་སོང་། 

“1906ལོའི་ཟླ12པའི་ཚེས24ཉིན་ཏེ། ཡེ་ཤུའི་འཁྲུངས་སྐར་གྱི་སྔ་ནུབ་ཀྱི་དགོང་མོའི་ཆུ་ཚོད8ཡས་མས་སུ། ཨ་རིའི་ཡུལ་དབྱིན་ཀི་ལན་གསར་པའི་མཚོ་འགྲམ་དུ་འགྲོ་འོང་བྱེད་བཞིན་པའི་གྲུ་གཟིངས་ཀྱི་སྟེང་དུ།‘ཏིས་ཏིས་ཏཱ་ཏཱ’ཞེས་གྲག་པའི་མོར་སི་གློག་འཕྲིན་བརྡ་རྟགས་ཀྱི་སྒྲ་ལ་རྟག་ཏུ་ཉན་པའི་གློག་འཕྲིན་གཏོང་ལེན་པ་ཚོས་ཉན་ཆས་ཀྱི་ནང་ནས་འགྲོ་བ་མིས་སྐད་ཆ་བཤད་པ་དང་རོལ་མོའི་སྒྲ་དབྱངས་གྲག་པ་གློ་བུར་དུ་ཐོས — ཧིན་ཏིར་གྱི་འཇམ་ཞིང་མཉེན་པའི་རོལ་དབྱངས་ཁྲོད་དུ། མི་ཞིག་གིས་ལྷ་ཆེམས་ཀྱི་གཏམ་རྒྱུད་ཀློག་འདོན་བྱེད་ཀྱིན་ཡོད་ཅིང་། མཇུག་མཐར་ད་རུང་ཚང་མར་ཡེ་ཤུའི་འཁྲུངས་སྐར་ལ་བདེ་ཞིང་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུས། གློག་འཕྲིན་གཏོང་ལེན་པ་ཚོ་ཧ་ལས་ཏེ་གཅིག་རྗེས་གཉིས་མཐུད་དུ་ཉན་ཆས་རང་གི་ལས་གྲོགས་ལ་གཏད་ནས་ཉན་དུ་བཅུག་པས། ཚང་མས་སྐད་ཆ་དང་རོལ་དབྱངས་གྲག་པའི་སྒྲ་དངོས་སུ་ཐོས་པར་མ་ཟད། མཇུག་མཐར་ད་རུང་བྱམས་བརྩེ་དང་ལྡན་པའི་བཀྲ་ཤིས་སྨོན་འདུན་ཞུ་བའང་ཐོས་བྱུང་། ཆུ་ཚོད་སྐར་མ་འགའི་རྗེས་སུ། ཉན་ཆས་ཀྱི་ནང་ནས་སླར་ཡང་རྒྱུན་པར་གོ་བའི་གློག་འཕྲིན་བརྡ་རྟགས་ཀྱི་སྒྲ་གྲག་བྱུང་། ……”

微信图片_20241210153634.jpg

“ཏཱ་ཏིས་ཏཱ། ཏཱ་ཏིས་ཏཱ། གྲོགས་པོ་ཆུང་ཆུང་ཚོ། དུང་བརྡ་ཆུང་ཆུང་གིས་རྒྱང་སྒྲོག་གཏོང་བའི་འགོ་བརྩམས་པ་ཡིན།”གསལ་ཞིང་སྙན་ལ་བློ་བག་ཡངས་པོ་བཟོ་བའི་བྱིས་པའི་སྐད་ཀྱིས་བཤད་པའི་འགོ་བརྗོད་དེར་འགྲོགས་ནས་མི་རབས་དུ་མ་འཚར་ལོངས་བྱུང་། 2005ལོའི་ཟླ5པའི་ཚེས18ཉིན། ཀྲུང་གོའི་སྒྲ་སྡུད་འཕྲུལ་ཆས་རྟེན་མཛོད་ཁང་དང་པོ་དེའི་སྒོ་དངོས་སུ་ཕྱེ་ཞིང་། སྒྲ་སྡུད་འཕྲུལ་རྩ་ཆེན1728རྒྱ་ཆེའི་མང་ཚོགས་ཀྱི་འདྲེན་བྱེད་ཀྱི་ལམ་དུ་ཐོག་དང་པོར་མངོན།

བློ་ཡུལ་ལས་འདས་པའི་ངོ་མཚར་ཆེན་པོ་བྱུང་སོང་། གོང་གསལ་གྱི་ཡི་གེ་ཚན་པ་འདི་ནི་རང་རྒྱལ་གྱི་གློག་རྡུལ་རིག་པའི་ཆེད་མཁས་པ་ཀྲའོ་པའོ་ཅིན་གྱི་ལག་ནས་ཐོན་པ་ཡིན་ལ། དེ་ལས་བརྗོད་པ་ནི་སྔོན་དུས་མཚོ་ཐོག་ཏུ་སྐྱོད་པའི་གྲུ་པ་ཚོས་ཨ་རིའི་དངོས་ཁམས་རིག་པ་བ་ཧྥེ་སིན་ཏིན་གྱིས་འགྲོ་བ་མིའི་སྐུད་མེད་གློག་གི་རྒྱང་སྒྲོག་ཐོག་དང་པོར་བཏང་བར་ཉན་པའི་སྐབས་ཀྱི་གནས་ཚུལ་ཡིན། སྐུད་མེད་གློག་གི་རྒྱང་སྒྲོག་སྒྲིག་ཆས་དེ་ནི་ཧྥེ་སིན་ཏིན་གྱིས་མི་ལོ་བཞིའི་རིང་གི་དུས་ཡུན་ནང་ཇུས་འགོད་བྱས་པ་ཡིན་ལ། དེའི་ནང་དུ་དམིགས་བསལ་གྱི་འགུལ་ཚད་མྱུར་བའི་སྤེལ་རྒྱུག་སྐུད་མེད་གློག་འཕེན་འཕྲུལ་དང་གློག་རླབས་ཀྱི་གཡོ་རྒྱ་ལེགས་སྒྲིག་བྱེད་ཐུབ་པའི་མ་ལག་ཅིག་འདུས། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉིན་དེ་ནས་བཟུང་། འགྲོ་བ་མིས་སྐུད་མེད་གློག་གི་རྒྱང་སྒྲོག་གཏོང་བའི་འགོ་ཚུགས་པ་རེད།

དེའི་ཡར་སྔོན་དུ་ཡང་། སྐྱེ་བོ་གྲངས་མེད་པ་ཞིག་གིས་སྐུད་མེད་གློག་ལ་ཞིབ་འཇུག་བྱེད་པའི་ཐད་ནས་གྲུབ་འབྲས་བླངས་ཡོད་པ་ནི་འདི་ལྟ་སྟེ། ཐོག་མར། གློག་རིག་དང་གློག་སྡུད་རིག་པ་ཡར་རྒྱས་གོང་འཕེལ་བྱུང་བ་དེས། གློག་སྡུད་རླབས་གསར་རྙེད་བྱེད་པར་ཆ་རྐྱེན་བསྐྲུན། དེའི་འཕྲོར་གློག་སྡུད་རླབས་ཀྱི་ཟབ་གསང་གི་གདོང་ཁེབས་བཤུས་སོང་བ་དེ་ནི་མའེ་ཁི་སི་ཝེའི་རླབས་ཆེ་བའི་མ་འོངས་ལུང་བསྟན་དང་ཧེར་ཙེའི་ཁྱད་པར་དུ་འཕགས་པའི་ཚོད་ལྟའི་བཀའ་དྲིན་ཡིན། ཡང་དེའི་འཕྲོར། སྐུད་མེད་གློག་འཕྲིན་གྱི་གསར་གཏོད་མཛད་པོ་མཱ་ཁོ་ཉི་དང་རེག་བརྡའི་བསམ་ཚུལ་འདོན་མཁན་པཱོ་པཱོ་ཧྥུ་ཡིས་སོ་སོར་སྐུད་མེད་གློག་དངོས་སུ་བཀོལ་སྤྱོད་ཀྱི་སྒོ་མོ་ཕྱེ་བ་བཅས་ཡིན།

微信图片_20241210153640.jpg

1920ལོའི་ཟླ11པར། དབྱིན་ཇིའིBBCཡི་སྔོན་ཆད་ཀྱི་ལས་ཁུངས་ཏེ་ལོན་ཏོན་རྒྱང་སྒྲོག་ས་ཚིགས་ཀྱིས་ཉིན་རེའི་རྒྱང་སྒྲོག་གཏོང་བཞིན་པ།

དེའི་ནང་ནས། ཆེས་མིང་དུ་གྲགས་པ་ནི་སྐུད་མེད་གློག་གི་ཡབ་ཆེན — ཨ་རི་པ་པཱ་ན་ཐི·ཧྲི་ཐི་པོ་ཧྥེ་ཏི་ཡིན། ཁོང་གིས1886ལོ་ནས་བཟུང་མི་ལོ་བཅུ་ལྷག་གི་རིང་ལ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། 1902ལོར་ཡུལ་ཁིན་ཐཱ་ཅི་མངའ་སྡེའི་གྲོང་ཁྱེར་མུའུ་ལེ་རུ་ཐོག་དང་པོར་སྐུད་མེད་གློག་གི་རྒྱང་སྒྲོག་བཏང་བ་སྟེ། ཧྲི་ཐི་པོ་ཧྥེ་ཏིའི་བུ་ཡིས་སྐད་སྦུག་ལ་ཁ་གཏད་ནས་སྐད་ཆ་བཤད་པ་དང་ཁ་སྦྲེང་བུས་པ། ཡུལ་དེ་དང་ཐག་མི་རིང་སའི་ནགས་ཚལ་དུ་བཞག་ཡོད་པའི་གཏེར་རྡོའི་སྒྲ་སྡུད་འཕྲུལ་ལྔ་བོ་དེ་དག་ཚང་མ་ལས་སྐད་ཆ་དང་ཁ་སྦྲེང་གི་སྒྲ་དབྱངས་ཧ་ཅང་གསལ་པོ་གྲག་པ་ཧྲི་ཐི་པོ་ཧྥེ་ཏིས་ཐོས་ཤིང་ཉན་པ་རེད།

ཕྱིས་སུ། གློག་རྡུལ་སྦུ་གུ་གསར་གཏོད་བྱས་པ་དེས་སྐུད་མེད་གློག་གི་རྒྱང་སྒྲོག་ལ་འཕུར་སྐྱོད་ཀྱི་གཤོག་པ་སྤྲད་པ་ལྟ་བུ་བྱུང་། འཛམ་གླིང་འཁྲུག་ཆེན་དང་པོ་དང་གཉིས་པའི་ཁྲོད། སྐུད་མེད་ཁ་པར་དང་སྐུད་མེད་གློག་གི་རྒྱང་སྒྲོག་དངོས་སུ་བཀོལ་སྤྱོད་བྱེད་པའི་གོ་རིམ་དུ་ཕྱིན་པ་དང་ཆབས་ཅིག་ཏུ། ཟིལ་ཤུགས་ཧ་ཅང་ཆེན་པོའང་འདོན་སྤེལ་བྱས་སྟབས། འཛམ་གླིང་འཁྲུག་ཆེན་གཉིས་པ་ནི“སྐུད་མེད་གློག་གི་དམག་འཁྲུག་ཡིན”ཞེས་ཤོད་མཁན་ཡང་ཡོད་དོ། །

དུས་རབས20པའི་ལོ་རབས70པའི་ནང་དུ། རླབས་ཚད་མང་བའི་སྒྲ་སྡུད་འཕྲུལ་དར་ཆེ་བ་བྱུང་། ལོ་རབས80པའི་ནང་གློག་གིས་ཚོད་འཛིན་བྱེད་པའི་སྒྲ་སྡུད་འཕྲུལ་ཆས་རེ་ཞིག་ལ་དར་ཁྱབ་ཆེ་བ་བྱུང་། ལོ་རབས90པའི་ནང་། འཛམ་གླིང་ཡོངས་སུ་བོངས་ཆུང་ཤོས་ཀྱིFMསྒྲ་སྡུད་འཕྲུལ་བུད་ཅིང་། དེའི་ལྗིད་ཚད་སྒོར་གཅིག་ཅན་གྱི་དོང་ཙེ་ཞིག་གི་ལྗིད་ཚད་དང་འདྲ་བས། རྣ་བའི་ལྟག་རྒྱབ་ཏུ་བཞག་ནས་ཉན་ཆོག་གོ །

            (སྒྲོ་དཔལ་ཆེན་རྒྱལ་གྱིས་བསྒྱུར།)


མཉམ་སྤྱོད།