དེ་རིང་ནི2025ལོའི་ཟླ01པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་པའི་ཤོམ་གྱི་འགྲན་བསྡུར་སྐབས་དྲུག་པ་མཇུག་འགྲིལ་བ།

2024-08-11 15:01:59   |   352

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ་8ཚེས་6ཉིན། དུས་ཡུན་ཟླ་བ་ཁ་ཤས་རིང་རིམ་པ་ལྟར་འདེམས་སྒྲུག་བྱས་ཤིང་། སྤྱི་ཚོགས་ལས་རིགས་ཁག་གིས་རྒྱ་ཁྱབ་ངང་དགའ་ཞེན་དང་དོ་ཁུར་བྱེད་པའི་2024ལོའི་བོད་པའི་ཤོམ་གྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱན་གོས་རིག་གནས་གྱོན་ཆས་གཟའ་འཁོར་དང་ཀྲུང་གོ་བོད་ཀྱི་ཤོམ་པའི་འགྲན་བསྡུར་ཆེ་མོའི་རྒྱལ་ཡོངས་རྟིང་རྩོད་འགྲན་བསྡུར་དེ་ཀན་ལྷོ་ཁུལ་བསང་ཆུ་རྫོང་བསང་ཁོག་རྩྭ་ཐང་དུ་བདེ་བླག་ངང་མཇུག་འགྲིལ་བ་རེད།

 ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་གུང་ཀན་ལྷོ་བསང་ཆུ་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཀན་ལྷོའི་ལམ་ན་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སིས་གཉེར་འགན་ཁུར་བ་ཞིག་ཡིན་ཞིང་། ཀན་སུའུ་ཨ་མདོ་མ་འཇོག་ཚོགས་པ་དང་། ཀན་སུའུ་ཟླ་བ་གཡང་འཛོམས་དེང་རབས་ཞིང་ལས་ཚོགས་པ། བསང་ཆུ་རྫོང་གངས་ལྗོངས་བོད་རུམ་བལ་འཐག་ཚད་ཡོད་འགན་འཁྲི་ཀུང་སི། ཞོ་སྟོན་འོ་ལས་ལས་རིགས། བསང་ཆུ་རྫོང་བླ་བྲང་ཡུལ་སྐོར་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་བཅས་ཀྱིས་བརྒྱུད་རིམ་ཧྲིལ་པོར་ཡིད་མཐུན་རོགས་རམ་བྱས་ཡོད་པ་རེད། རྒྱལ་ཁབ་རིག་གནས་ཡུལ་སྐོར་པུའུ་མི་དོན་སིའི་སི་ཀྲང་གཞོན་པ་ཝང་ལེ་དང་། ཀན་སུའུ་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཞིང་ཆེན་གྲངས་གཞི་ཆེན་པོའི་ལྟེ་གནས་ཀྱི་ཀྲུའུ་རེན་ཐང་ཀྲི་ཧྥུང་། ཀན་སུའུ་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཧྲུའུ་ཅེ། ཀན་སུའུ་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་ཏང་ཙུའུ་ཁོངས་མི་དང་ཐིང་ཀྲང་གཞོན་པ་ལུའི་ཤིང་ལའེ་སོགས་རྒྱལ་ཁབ་ཀྱི་པུའུ་ཨུད་དང་ཞིང་ཆེན་ཐད་གཏོགས་སྡེ་ཚན་གྱི་འགོ་ཁྲིད་དང་། དེ་བཞིན་ཀྲུང་གུང་ཀན་ལྷོ་ཁུལ་ཨུད་ཀྱི་ཧྲུའུ་ཅི་ཧོ་མོའུ་པའོ་དང་། ཀན་ལྷོ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན། ཀྲུང་གུང་ཀན་ལྷོ་ཁུལ་ཨུད་ཀྱི་རྒྱུད་ཨུ།བསང་ཆུ་རྫོང་གི་རྫོང་ཨུད་ཧྲུའུ་ཅི་དབྱང་ཀྲེན་ལིན། ཀྲུང་གུང་ཀན་ལྷོ་ཁུལ་ཨུད་ཀྱི་རྒྱུན་ཨུ་དང་ཁུལ་ཨུད་ཀྱི་དྲུང་ཆེན་ཝང་གོ་ཅུན། ཀན་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཝང་ཧྥང་། ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུའུ་དབྱི།ཀན་ལྷོ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་དབྱང་ཞའོ་ཆིང་།ཀྲུང་གུང་བསང་ཆུ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་དབྱང་ཧའེ་ཆང་། དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་བྱེད་སྒོར་ཞུགས་པ་རེད།

05.png

     དེ་བཞིན་བོད་པའི་ཤོམ་གྱི་སྤུས་རྟགས་གསར་གཏོད་པ་རྡོ་རྗེ་སྒྲོལ་མ་དང་གངས་ལྷ་མེ་ཏོག་སོགས་འབྲེལ་ཡོད་དར་སྲོལ་སྤུས་རྟགས་གསར་གཏོད་པ་དང་།དར་སྲོལ་ལས་རིགས་ཀྱི་མཁས་ཅན། རྒྱན་གོས་གསར་གཏོད་ཇུས་འགོད་པ། སྨྱན་སྦྱོར་ཆེ་གྲས་ཁག་གི་འཐུས་མི།དྲ་ཐོག་དང་ས་གནས་ས་ཐོག་གི་ལྟད་མོ་བ་བཅས་མི་ཁྲི་7ཙམ་གྱིས་ད་ཐེངས་ཀྱི་དགྱེས་སྟོན་ཆེ་མོར་དཔང་པོ་བྱས་པའི་ཁར། བསང་ཆུ་རྫོང་གི་སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་དེ་བཞིན་གྲོང་ཁྱེར་གྱི་སྙིང་སྟོབས་ཟབ་མོར་མྱོང་རོལ་གང་ལེགས་བྱས་པ་རེད།

རྒྱུས་ལོན་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་དང་ཡུལ་སྐོར་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དཔེ་མཚོན་ཁུལ་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ཞིང་ཆེན་དང་ཁུལ། རྫོང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ཁག་སྔར་བས་ལག་བསྟར་དོན་འཁྱོལ་བྱ་ཆེད་ཡིན་པ་རེད།

 ཛ་དྲག་ཆེ་བའི་འགྲན་བསྡུར་ཐེངས་མང་བྱས་པ་བརྒྱུད། མཐར་མཚོ་སྔོན་འགྲན་ཁུལ་ནས་ཡོང་བའི་ཚེ་རིང་ལྷ་སྐྱིད་ལ་ཨང་དང་པོ་ཐོབ་པ་དང་། དགེ་ལེགས་སྟོབས་ལྡན་དང་བདེ་སྐྱིད་སྒྲོལ་མ་གཉིས་ལ་ཨང་གཉིས་པ་དང་ཨང་གསུམ་པ་སོ་སོར་ཐོབ་པ་རེད།

27.png

28.png

འགྲན་བསྡུར་གྱི་ཡུལ་དངོས་སུ་གར་སྟེགས་ཇུས་འགོད་དང་ཤོམ་འགྲོའི་འགྲན་བསྡུར་འཁྲབ་སྟོན་ཕུད། ད་དུང་དམངས་སྲོལ་རིག་གནས་འཁྲབ་སྟོན་ལེ་ཚན་སྣ་ཚོགས་ཀྱང་སྤེལ་བ་དང་། མཐར་བྱེད་སྒོ་དེ་ཚོགས་ར་ཡོངས་ཀྱི་ལྟད་མོ་བ་ཚོའི་སྤྲོ་སྣང་གིས་ཁེངས་པའི་ཐལ་མོ་རྡེབ་སྒྲའི་ཁྲོད་མཇུག་འགྲིལ་བ་རེད།

འབྲེལ་ཡོད་འགན་ཁུར་བས་འབྱུང་འགྱུར་བོད་པའི་ཤོམ་གྱི་མི་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་རིག་གནས་དར་སྤེལ་དང་། རྒྱུན་འཛིན། འཕེལ་རྒྱས་གཏོང་རྒྱུ་དེ་མུ་མཐུད་རང་འགན་དུ་བརྩིས་ནས་མི་རིགས་རྒྱན་གོས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་བཏང་སྟེ། འཛམ་གླིང་ཡོངས་ལ་བོད་མི་རིགས་ཀྱི་ལོ་རྒྱུས་རིང་ཞིང་འོད་སྟོང་འཕྲོ་བའི་རྒྱན་གོས་རིག་གནས་ཀྱི་སྙིང་བཅུད་དང་དེ་བཞིན་དབྱར་མཚོ་རྒྱས་པ་ལྟ་བུའི་རིག་གནས་གསར་གཏོད་ནུས་པ་དང་གསོན་ཤུགས་རྣལ་མ་དེ་བལྟ་རུ་འཇུག་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་ཡོད་པ་རེད།


མཉམ་སྤྱོད།