མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས02ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞི་ཅིན་ཕིང་གིས་གཅིག་གྱུར་ཨུ་རུ་སིའི་ཏང་གི་ཀྲུའུ་ཞི་མའེ་ཏི་ཝེ་ཅེ་ཧྥུའུ་ལ་མཇལ་འཕྲད་གནང་།

2022-12-24 07:46:21   |   204

རྩོམ་སྒྲིག   སངས་དོན།   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།     ལོ་ཙཱ།   བན་དེ་སྐྱབས།       དུས་ཚོད།  2022-12-24   7:51


ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ། ཀྲུང་གོ་གུང་ཁྲན་ཏང་གིས་གདན་དྲངས་པ་ལྟར་ཀྲུང་གོར་འཚམས་འདྲིར་ཡོང་བའི། གཅིག་གྱུར་ཨུ་རུ་སིའི་ཏང་གི་ཀྲུའུ་ཞི་མའེ་ཏི་ཝེ་ཅེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་མའེ་ཏི་ཝེ་ཅེ་ཧྥུའུ་བརྒྱུད་དེ་ཙུང་ཐུང་ཕུའུ་ཅིན་ལ་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བསྐུར་ནས་བསྟན་དོན། ཀྲུང་གུང་གི་ཚོགས་ཆེན་ཐེབས་ཉི་ཤུ་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་ལས་འགན་གཙོ་བོ་ཁ་གསལ་བཟོས་ཡོད། ང་ཚོར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་ཡག་པོ་བསྐྱོད་རྒྱུར་གདེང་ཚོད་དང་ཡིད་ཆེས་བརྟན་པོ་ཡོད་ལ། འཛམ་གླིང་ཞི་བདེ་དང་དར་རྒྱས་ཡོང་རྒྱུར་གོ་སྐབས་སྔར་ལས་གང་མང་མཁོ་འདོན་བྱེད་རྒྱུ་ཡིན། ཀྲུང་གོ་གུང་ཁྲན་ཏང་དང་གཅིག་གྱུར་ཨུ་རུ་སིའི་ཏང་གིས་དུས་ཡུན་རིང་པོའི་ནང་ལམ་སྲོལ་ཅན་གྱི་འགྲོ་འོང་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་ཀའི་འཐབ་ཇུས་མཉམ་ལས་ཀྱི་ཐུན་མོང་མ་ཡིན་པའི་ཐབས་ལམ་དང་ལས་སྟེགས་མངོན་པ་བཅས་བྱས་ཏེ། དུས་རབས་གསར་པའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། མིག་སྔར། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀའི་སྲིད་འཛིན་ཏང་བར་གྱི་འགྲོ་འོང་དེ“ལོ་བཅུ་སྐོར་གསུམ་པའི”ནང་སླེབས་ཡོད། ཏང་གཉིས་ཀས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ལ་མུ་མཐུད་དམ་པོར་དམིགས་ཏེ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། སྲིད་ཏང་དང་རྒྱལ་སྤྱིའི་ཕྱོགས་མང་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བརྗེ་རེས་གཏིང་ཟབ་བྱས་ནས། སྲིད་འཛིན་ཏང་འཛུགས་སྐྲུན་ཐད་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་བཟུང་སྟེ། ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། འདས་ཟིན་པའི་ལོ་ངོ་བཅུ་ཡི་རིང་ལ། ཀྲུང་ཨུའི་འབྲེལ་བས་རྒྱལ་སྤྱིའི་འཕོ་འགྱུར་གྱི་ཚོད་བགམ་ཐེག་ནས། ཐོག་མཐའ་བར་གསུམ་དུ་བདེ་ཐང་དང་བརྟན་པོ། ཆུ་ཚད་མཐོ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་བྱུང་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀས་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི། ཕྱོགས་གཉིས་ཀས་རང་རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་ཡུན་རིང་གི་འཐབ་ཇུས་གདམ་ག་བྱས་པ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་དུས་རབས་གསར་པའི་ཀྲུང་ཨུའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་སྟེ། འཛམ་གླིང་བཅོས་སྐྱོང་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། ཝུའུ་ཁི་ལན་གྱི་ཉམས་ཉེན་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བྱ་བ་དེ་ཉིད་ཀྱི་བདེན་རྫུན་དྲང་འཁྱོག་ལ་གཞིགས་ནས་རང་ཉིད་ཀྱི་ལངས་ཕྱོགས་དང་སྲིད་ཇུས་གཏན་འཁེལ་བྱེད་རྒྱུ་དང་། ལུགས་མཐུན་གཞུང་དྲང་གི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པ། འདུམ་འགྲིག་དང་གྲོས་མོལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་ཀྱིན་ཡོད། འབྲེལ་ཡོད་ཕྱོགས་ཁག་གིས་ཚུལ་མཐུན་གྱི་ཚོད་འཛིན་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་གྲོས་མོལ་བྱས་ཏེ། ཆབ་སྲིད་ཀྱི་བྱེད་ཐབས་བརྒྱུད་ནས་བདེ་འཇགས་ཁྱབ་ཁོངས་ཀྱི་ཐུན་མོང་གི་དོ་ཁུར་ཐག་གཅོད་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས།

མའེ་ཏི་ཝེ་ཅེ་ཧྥུའུ་ཡིས་བསྟན་དོན། གཅིག་གྱུར་ཨུ་རུ་སིའི་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཕྱི་ཕྱོགས་ཀྱིས་སྤྲད་པའི་གནོན་ཤུགས་དང་དྲང་བདེན་མིན་པའི་བྱེད་ཐབས་སྣ་ཚོགས་ལ་ཐུན་མོང་ཐོག་བཀག་འགོག་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཝུའུ་ཁི་ལན་གྱི་ཉམས་ཉེན་བྱུང་རྐྱེན་ལ་རྒྱུ་རྐྱེན་ཡོད་པ་དང་རྙོག་འཛིང་ཆེ་བ་ཞིག་ཡིན་པས། ཨུ་རུ་སིས་ཞི་བའི་གྲོས་མོལ་བྱེད་ཐབས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ཅེས་བསྟན།

ཕྱོགས་གཉིས་ཀས་ད་དུང་ཐུན་མོང་ཐོག་དོ་ཁུར་བྱེད་ཀྱིན་པའི་རྒྱལ་སྤྱི་དང་ས་ཁུལ་གཞན་དག་གི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

ཝང་དབྱི་སོགས་མཇལ་འཕྲད་དངོས་ཀྱི་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།


མཉམ་སྤྱོད།