དེ་རིང་ནི2024ལོའི་ཟླ12པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་དཔོན་ལ་འཕྲིན་ཡིག་འབྲི།

ཡིག་སྐུར་ངེས་ཤེས།

ཡིག་སྐུར་བདག་སྤྲོད་བྱེད་ཁོངས།

1 སྲིད་གཞུང་གི་སྲིད་ཇུས་དང་ཇུས་ཆོད། བྱེད་ཐབས་གལ་ཆེན། དེ་བཞིན་དོན་རྐྱེན་གལ་ཆེན་བཅས་ཐད་ཀྱི་བསམ་འཆར་དང་གྲོས་འཆར། བློ་འདྲི་སོགས།

2 སྲིད་འཛིན་ལག་བསྟར་ཐད་ཀྱི་གནད་དོན་སྙན་ཞུ་བྱེད་པ།

3 སྲིད་འཛིན་ལས་ཁུངས་དང་། སྤྱི་པའི་ལས་དོན་དོ་དམ་བྱེད་པའི་རྩ་འཛུགས་དང་དེའི་ལས་བྱེད་མི་སྣ། སྤྱི་ཚོགས་ཚོགས་པའམ་ཡང་ན་ཁེ་ལས་དང་བྱ་ལས་སྡེ་ཚན་ཁྲོད། རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱིས་བསྐོ་གཞག་དང་མངག་གཏོང་བྱས་པའི་མི་སྣའི་ལས་ཀའི་བྱེད་སྒོའི་ཁྲོད་ཀྱི་ལས་ཐོབ་བྱ་སྤྱོད་ཐད་ཀྱི་གནད་དོན་སྙན་ཞུ་བྱེད་པ།

4 གནོད་འཚེ་དང་ཆག་སྒོ། བདེ་འཇགས་དོན་རྐྱེན་ཚབས་ཆེན་སོགས་སྤྱི་པའི་བདེ་འཇགས་ཐད་ཀྱི་གནད་དོན་སྙན་ཞུ་བྱེད་པ།

5 སྤྱི་ཚོགས་ཀྱི་གཞི་རྩའི་ཐོན་སྐྱེད་དང་འཚོ་བ། སྤྱི་པའི་ཞབས་ཞུ་བཅས་ལ་ཤུགས་རྐྱེན་བཟོ་བའི་གནད་དོན་སྙན་ཞུ་བྱེད་པ།

བདག་སྤྲོད་མི་བྱེད་པའི་ཡིག་སྐུར།

1 ཁྲིམས་ལྟར་གཏུག་བཤེར་དང་འདུམ་གཅོད། སྲིད་འཛིན་བསྐྱར་གྲོས་སོགས་ཁྲིམས་ཁེལ་ཐབས་ལམ་བརྒྱུད་དེ་ཐག་གཅོད་བྱེད་དགོས་པའམ་བྱས་ཟིན་པའི་རིགས།

2 རིམ་པ་ཁག་གི་ཏང་ཨུ་དང་དེའི་ལས་དོན་སྡེ་ཁག དམངས་ཆེན་དང་དེའི་རྒྱུན་ཨུ་ཁང་། སྲིད་གྲོས་དང་དེའི་རྒྱུན་ཨུ་ཁང་། ཞིབ་དཔྱོད་ཁང་། ཁྲིམས་ཁང་ངམ་དམག་དཔུང་བཅས་ཀྱི་འགན་དབང་ཁྱབ་ཁོངས་སུ་གཏོགས་པ།

3 མཇུག་བསྒྲིལ་ཟིན་པའི་ཡིག་སྐུར་ངོ་བཅར་གྱི་དོན་དག

4 བདག་སྤྲོད་བྱས་ཟིན་པའམ་སྒྲུབ་བཞིན་པའི་ཡིག་སྐུར་ངོ་བཅར་གྱི་དོན་དག་དེ། ཡིག་སྐུར་ངོ་བཅར་བྱེད་མཁན་གྱིས་གཏན་ཁེལ་བྱས་པའི་ལས་སྒྲུབ་དུས་བཅད་ནང་། དོན་དང་རྒྱུ་མཚན་གཅིག་འདྲ་ཡིན་པའི་དོན་དག་ཡང་བསྐྱར་ཞུ་གཏུག་བྱེད་པ།

5 འདོན་སྤྲོད་བྱས་པའི་འབྲེལ་ཡོད་རྒྱུ་རྐྱེན་གནད་ལ་མི་ཁེལ་བའམ་ཞིབ་ཚགས་མིན་པ།(དཔེར་ན་རུས་མིང་དང་འབྲེལ་གཏུག་ཁ་པར། ཁྱིམ་ཚང་གི་སྡོད་གནས(ཐེར་འདོན་ཕུད་པ)སོགས་ཆ་འཕྲིན་ཇི་མ་ཇི་བཞིན་མི་འབྲི་བ།) བཏོན་པའི་གནད་དོན་ཞིབ་ཕྲ་མིན་པའི་དབང་གིས་དོན་བྱ་དེར་སྔར་བས་ཤེས་རྟོགས་དང་བཤེར་བདར་བྲལ་བའི་རིགས།

6 ཐོན་རྫས་འགྲེམ་འཚོང་དང་སྤྱི་ཚོགས་ཀྱི་མཚམས་སྦྱོར་ཞབས་ཞུའི་དགོས་མཁོ་སོགས་ཚོང་རའི་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས་རིགས།

7 ནང་ཁུལ་གྱི་སྲིད་འཛིན་དོ་དམ་གྱི་ཁོངས་སུ་གཏོགས་པའི་རྒྱུན་ལྡན་གྱི་ཐབས་ལམ་ལྟར་རིམ་པ་བཞིན་སྙན་སེང་ཞུ་དགོས་པའི་རིགས།

8 གདན་ཞུའི་ཡི་གེ་དང་བརྡ་ཐོའི་ཡི་གེ་སོགས་གཞུང་ཡིག་སྤེལ་རེས་ཐད་ལ་གཏོགས་པའི་རིགས།

9 དྲ་རྒྱ་བརྒྱུད་ནས་ལན་གསལ་པོ་བཏབ་པའི་རིགས།

10 དྲ་ཐོག་གླེང་སྟེགས་ཀྱི་འབྲེལ་ཡོད་ནང་དོན།

ལན་སློག་སྟངས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། ཡིག་སྐུར་དོན་དག་ཐག་གཅོད་བྱས་རྗེས། ང་ཚོས་སྒྲུབ་ཚུལ་དེ“ཁུལ་དཔོན་ཡིག་སྒམ”བརྒྱུད་ནས་ལན་འདེབས་རྒྱུ་ཡིན།

དོ་སྣང་བྱ་དགོས་པའི་དོན་ཚན་གཞན་དག

སྙན་ཞུ་བྱེད་མཁན་གྱིས་ཐོག་མར་འགན་ཁུར་སྡེ་ཚན་ནམ་ཁོངས་གཏོགས་ས་ཁུལ་དང་ཡང་ན་ལས་ཁུངས་ལ་གནས་ཚུལ་ཡར་ཞུ་བྱེད་དགོས་པ་དང་། འབྲེལ་ཡོད་གནས་ཚུལ་གོང་ཞུ་བྱེད་སྐབས་གཏན་འབེབས་ཀྱི་འབྲི་སྟངས་ལྟར་འབྲི་དགོས། ལྷག་པར་དུ་ཡར་ཞུ་དོན་ཚན་དང་འབྲེལ་ཡོད་དུས་ཚོད། ས་གནས། དོན་དངོས། རྒྱུ་མཚན་བཅས་གསལ་པོར་འབྲི་དགོས་ཤིང་། ཚིག་ཉུང་དོན་དྲིལ་ཡོང་གང་ཐུབ་དང་ཡིག་འབྲུ་སྤྱིར་བཏང་དུ2000ལས་མི་བརྒལ་བ། དོན་དག་གཅིག་དང་རེ་བ་གཅིག་དེ་ཡང་དང་བསྐྱར་དུ་ཡར་ཞུ་མི་བྱེད་པ།

ཁྱེད་ཀྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། བསམ་འཆར་དང་གྲོས་འགོ་གལ་ཆེན་འདོན་པར་དགའ་བསུ་ཞུ།

རིམ་པ་རྗེས་མ།