དེ་རིང་ནི2024ལོའི་ཟླ12པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁ་ཆེ་གཡུ་རྫོང་གི་ལག་བྲིས་རྙིང་པ།

2024-08-13 10:09:51   |   317

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། སྡེ་དགེ་རྫོང་གེ་སར་རིག་གནས་ཞིབ་འཇུག་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


图片1.png

ཞིབ་འཇུག་གནས་གཞིའི་ཉར་དངོས། གླིང་གེ་སར་གྱི་སྒྲུང་ལས་ཁ་ཆེ་གཡུ་རྫོང་ལག་བྲིས་རྙིང་པ།

ཁ་ཆེ་གཡུ་རྫོང་།

ཁ་ཆེ་གཡུ་རྫོང་གི་གླེག་བམ་འདི་ནི།   

ཕ་ཡུལ་གོ་འཇོ་རྫོང་། ཇོ་རུ་ཡུལ་ཚོ་ནས་ཡིན་པའི་བླ་མ་འཆི་མེད་ཚེ་རིང་གིས་ཆེད་དུ་བཀྲ་ཤིས་ཁྲི་གླིང་གེ་སར་བཤམ་སྟོན་ཁང་ལ་ཕུལ་བ་ཞིག་སྟེ།

ཁོང་གིས་གསུང་རྒྱུ་ལ་འདི་ནི་ངའི་ཕ་སྐལ་བཟང་རྒྱལ་མཚན་དང་དེའི་ཕ་ཨ་ཕྱུག ཨ་དར། ཨ་ནང་གསུམ་གྱི་དུས་སུ་ཡོད་པ་ཞིག་ཡིན་པས་མི་ཐོག་གསུམ་ཙམ་བརྒལ་ཟིན་ལ།  ང་རང་ལོ་དྲུག་ཅུ་ཡིན་ལ་ངའི་ཕ་དེ་ཚེ་དུས་ལས་ཡོལ་ཟིན་ཀྱང་། ད་ལྟར་ཡོད་པའི་དབང་དུ་བྱས་ན་ལོ99རེད།  ཨ་མྱེ་ཆུང་བ་དེ་ངས་ཕྱོགས་ཙམ་དྲན་གྱིན་འདུག   འོན་ཀྱང་ཨ་མྱེ་གཞན་གཉིས་པོ་སྔོན་ཆད་ནས་དུས་ལས་ཡོལ་ཟིན་འདུག    ཡི་གེ་འདི་ལོ་ཡི་དབང་དུ་བྱས་ན་ལོ་བརྒྱ་ལྷག་ཅིག་སོང་ཡོད་པ་འདྲ་གསུངས།

图片2.png

ལག་བྲིས་རྙིང་པའི་འབྲི་གཞི་བོད་ཤོག་དང་། སྣག་ཚས་བྲིས་པ་ཡིན། 

རྒྱུ་ཆ་དང་འབྲི་སྟངས།

གནའ་བོའི་སྲོལ་རྒྱུན་ལྟར་བོད་ཤོག་ཐོག་ཏུ་སྣག་ཚས་བཤར་མའམ་དབུ་མེད་ཀྱི་ཡིག་ཆེན་དང་ཡིག་ཆུང་སྤེལ་མར་བྲིས་ཡོད་པའི་མཚལ་མགོ་ཅན་ཞིག་སྟེ།  ཡིག་གཟུགས་ཆེ་ཆུང་གང་ལ་བལྟས་ན་སྒྲོས་ཉམས་ལྡན་ལ་ཧ་ཅང་བཀླག་བདེ་བ་ཞིག་འདུག
གཞན་ཡང་།  གླེགས་ཤིང་དང་གླེགས་ཐག  གླེགས་ཆབ་དག་ཀྱང་མེས་པོ་གོང་མ་དག་གི་ཕྱག་ལས་འཕྱུག་མེད་དེ།  མཐོང་བ་ཙམ་གྱིས་ཚོར་བ་དམིགས་བསལ་བ་རེ་སྟེར་གྱིན་འདུག   མདོར་ན་ཤོག་གུ་དང་ཡིག་གཟུགས། གླེགས་ཤིང་དང་གླེགས་ཐག་སོགས་གང་ལ་བལྟས་ཀྱང་རིན་ཐང་དང་ལྡན་པ་ཞིག་ཡིན་པ་བཞུགས་སུ་གསོལ་ཡོད་པ་འདི་གའོ།།

图片3.png

图片4.png

ལག་བྲིས་རྙིང་པའི་སྒྲུང་གི་ཡི་གཟུགས་དབུ་མེད་ཆེ་ཆུང་བྱས་ཏེ་བྲིས་ཡོད།

图片5.png

དཔེ་ཐག་གི་ཀོ་རྒྱུན་དང་གླེགས་ཆབ་དག་ལའང་རིན་ཐང་ལྡན།

图片6.png

ཁ་ཆེ་གཡུ་རྫོང་ཞེས་པ་ནི་གླིང་གེ་སར་སྐྱེས་བུ་ཆེན་པོའི་མཛད་པའི་རྣམ་ཐར་གྱི་ཡན་ལག་གཅིག་ཡིན། འདིའི་ནང་དུ་གཙོ་བོ་ཁ་ཆེ་ཡུལ་གྱི་ཁྲི་བརྟན་རྒྱལ་པོའི་གཙོས་ཁེངས་དྲེགས་ཀྱིས་ཕྱུག་པའི་སྡེ་ཚོགས་ཐམས་ཅད་ཆམ་ཕབས་ཏེ། ཡུལ་ཁམས་དེ་ལུགས་གཉིས་ཀྱི་ཁྲིམས་དང་མཐུན་པའི་སྒོ་ནས་འཚོ་བ་རོལ་དུ་བཅུག་ནས་འབངས་རྣམས་བདེ་ལ་བཀོད། རིན་ཆེན་གཡུ་ཡི་གཏེར་སྒོ་ཕྱེས་ཏེ་གླིང་དཀར་མཐོང་བ་ཀུན་སྨོན་དུ་གཡུ་ཡི་ནོར་འགྱེད་རྒྱ་ཆེར་མཛད་པ་སོགས་ཀྱིས་འབངས་ལ་བདེ་སྐྱིད་བསྐྲུན་པའི་ལོ་རྒྱུས་དག་བརྗོད་བྱར་བྱས་པ་ཞིག་གོ།


མཉམ་སྤྱོད།