དེ་རིང་ནི2025ལོའི་ཟླ04པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་དུ5Gཡི་རུས་ནད་ཚན་ཁག་གི་འཕྲུལ་ཆས་ཀྱི་གཤགས་བཅོས་ཐོག་མ་ལེགས་འགྲུབ་བྱུང་།

2024-08-19 10:41:37   |   282

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  5Gཡི་རུས་ནད་ཚན་ཁག་གི་འཕྲུལ་མི་མཐོ་སྒང་ས་ཁུལ་དུ་ཐོག་མར་བཀོལ་སྤྱོད་བྱས་ཤིང་། དེས་ང་ཚོའི་རུས་ནད་ཚན་ཁག་གི་དཔྱད་བཅོས་གནད་འཁེལ་ཅན་དང་།  གཤགས་བཅོས་ཕྲན་བུ་ཅན།    རིག་ནུས་ཅན་དུ་འཕེལ་བར་སྐུལ་འདེད་གཏང་ཐུབ་པ་དང་།  མཐོ་སྒང་དུ་བཅའ་སྡོད་བྱས་པའི་དཔོན་དམག་དང་མཚོ་སྔོན་གྱི་མི་རིགས་ཁག་གི་མང་ཚོགས་ལ་སྔར་ལས་སྤུས་ལེགས་ཤིང་བདེ་འཇགས་ཡིན་པའི་སྨན་བཅོས་ཞབས་ཞུ་འདོན་ཐུབ་ཅེས་ཟླ8ཚེས15ཉིན་མཉམ་འབྲེལ་ཞབས་ཞུ་འགན་སྲུང་དཔུང་སྡེ་ཟི་ལིང་མཉམ་འབྲེལ་ཞབས་ཞུ་འགན་སྲུང་ལྟེ་གནས་དགུ་བཞི་གཅིག་སྨན་ཁང་གི་རུས་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཀྲོའུ་ཕིང་གིས་དེ་སྐད་ཟེར།

ཉེ་ལམ་སྨན་ཁང་དེའི་རུས་ནད་ཚན་ཁག་གིས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་རུས་ནད་ཚན་ཁག་གི་ཆེད་མཁས་པས5Gཡི་གཤགས་བཅོས་རྒྱང་ཁྲིད་བྱས་པ་ལ་བརྟེན་ནས།   ཟི་ལིང་གི་བུ་མོ་ལོ19ཅན་གྱི་ནད་པར་གཤགས་བཅོས་བྱས་ཤིང་། དེ་ནི་རུས་ནད་ཚན་ཁག་གི་འཕྲུལ་མིའི་རམ་འདེགས་འོག་ཡང་བསྐྱར་ལྷ་ངའི་ཚིགས་སྤར་བའི་ལྷ་ངའི་ནང་ངོས་ཀྱི་འདེགས་སྐྱོར་(MPFL)ནུས་པ་བསྐྱར་བཟོ་ཡི་གཤགས་བཅོས་ཐོག་མ་བྱས་ནས་ལེགས་པར་གྲུབ་ལ། དེ་ནི5Gཡི་རིག་ནུས་འཕྲུལ་མིས་མཐོ་སྒང་ས་ཁུལ་གྱི་འགུལ་སྐྱོད་གསོ་རིག་ཁྱབ་ཁོངས་སུ་རྒྱང་བཅོས་དང་། ཕྲན་བཅོས།  གནད་སྨིན་གཤགས་བཅོས།   རང་གཤིས་ཅན་གྱི་གཤགས་བཅོས་དུས་རབས་སུ་བསྐྱོད་པའི་མཚོན་རྟགས་རེད། 

 བསྐྱར་འཕར་རང་བཞིན་གྱི་ལྷ་ང་སྤར་བའི་ནད་དེ་མང་ཆེ་བ་ན་གཞོན་ལ་སྡང་བའི་པུས་ཚིགས་ཀྱི་ནད་ཅིག་རེད།  དེས་གཞོན་ནུ་ལོ་ཆུང་གི་ཉིན་རྒྱུན་གྱི་འགུལ་སྐྱོད་དང་འཚར་ལོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། ད་སྔ་ནད་གཞི་དེ་ཕོག་མཁན་ནད་པ་མང་ཆེ་བ་གཤགས་བཅོས་ལ་བརྟེན་དགོས་པ་རེད།   སྲོལ་རྒྱུན་གྱི་གཤགས་བཅོས་བྱེད་ཐབས་དང་བསྡུར་ན།  རུས་ནད་ཚན་ཁག་གི་འཕྲུལ་མིས“གཤགས་བཅོས་གནད་ལ་འཁེལ་ཞིང་། གནོད་འཚེ་ཉུང་བ།  ནད་བཅོས་རྗེས་སུ་མི་བདེ་བ་ཆེར་མེད་པ”ཡི་སྨན་བཅོས་ཕན་ནུས་འདོན་ཐུབ་ལ།  གཤགས་བཅོས་བྱེད་ཧ་ཅང་དཀའ་བ་དེ་སླ་བོར་བསྒྱུར་ཡོད།   རུས་ནད་ཚན་ཁག་གི་འཕྲུལ་མི་ད་དུང་གཤགས་བཅོས་ཀྱི་སྐབས་ལ“རྨ་ཁ་ཆུང་ཞིང་།  གནོད་པ་ཆུང་བ།  འཁྲག་འཛེར་ཉུང་བ། ན་ཟུག་ཆུང་བ”བཅས་ཀྱི་གཤགས་བཅོས་ཕྲན་བུར་སྤྱོད་ཐུབ་པས།   གཤགས་བཅོས་ཁྲོད་ཉེན་ཁ་ཆུང་བ་དང་།  ནད་གསོ་དང་ནད་སྡོད་ཀྱི་དུས་ཡུན་ཇེ་ཐུང་དུ་གཏང་ཐུབ།   གཤགས་བཅོས་ཀྱི་དུས་ཡུན་དེ་ཡང་སྲོལ་རྒྱུན་གཤགས་བཅོས་ཀྱི་སྐར་མ60ནས་སྐར་མ30བར་ཇེ་ཐུང་དུ་བཏང་ཡོད་པ་མ་ཟད།  ནད་པ་དང་སྨན་བཅོས་བྱེད་མཁན་གྱི་རྩིབས་འཕྲོའི་གནོད་པ་ཇེ་ཆུང་དུའང་གཏང་ཐུབ་པ་རེད།


མཉམ་སྤྱོད།