དེ་རིང་ནི2024ལོའི་ཟླ12པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

221རྟེན་གཞིར་བསྐྱོད་དེ་མཛད་རྗེས་ཅན་ལ་གུས་འདུད་ཞུ། (ཁག་བཞི་པ)

2024-08-27 15:25:28   |   237

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུ།
“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱེད།
ཡན་ལག་བཟོ་ཁང་དང་པོ་ནི221རྟེན་གཞིའི་ཆེས་གལ་ཆེ་བའི་ཡན་ལག་བཟོ་ཁང་ཞིག་ཡིན།

221རྟེན་གཞིར་བསྐྱོད་དེ། མཛད་རྗེས་ཅན་ལ་གུས་འདུད་ཞུ།

    ཡན་ལག་བཟོ་ཁང་དང་པོ་ནི221རྟེན་གཞིའི་ཆེས་གལ་ཆེ་བའི་ཡན་ལག་བཟོ་ཁང་ཞིག་ཡིན་ལ། དེས་མདེལ་མགོ་ལས་སྣོན་དང་ཡིའུ་རྒྱུ་ཆ་ཐོན་སྐྱེད། ཞིབ་ཚགས་ལྡན་པའི་ལས་སྣོན་དང་དེ་བཞིན་སྐུད་མེད་གློག་གི་མ་ལག་ཚོད་འཛིན་སོགས་ཀྱི་ལས་ཀའི་འགན་ཁུར་ཡོད་པར་བརྟེན། མདེའུ་མགོ་ལས་སྣོན་བཟོ་ཁང་ཞེས་འབོད་པ་དང་། བཟོ་ཁང101དང102། 103། 104སོགས་འཁོར་ཁང་ཆེ་གྲས་རིགས་ཡོད། ད་ལྟ་ང་ཚོ་ཡོད་ས་ནི་རྡུལ་ཕྲན་འབར་མདེལ་དང་ཆིང་འབར་མདེལ་གྱི་ཐོན་སྐྱེད་ལག་རྩལ་ཐོད་བརྒལ་བྱེད་སའི་ལྟེ་བའི་བཟོ་ཁང་ཁུལ་ཡིན་པ་དང་། འདི་ནི་དུས་རབས་ཕྱེད་ཀའི་སྔོན་དུ་ཚན་རྩལ་གྱི་འགག་གནད་རེ་རེ་བརྟོལ་སའི་ཡུལ་དངོས་ཡིན།
    རྡུལ་ཕྲན་འབར་མདེལ་དང་པོའི་ལྷུ་ལག་དང་པོ་ནི་སྐམ་ལས་པ་ཆན་ཅིན་ཆིན་གྱིས་བཟོས་པ་དང་། ལས་ཀ་འདིའི་བླང་བྱ་ཤིན་ཏུ་མཐོ་ཞིང་། ཝེ་སྨི་འགའི་ཧེ་བག་གིས་ཀྱང་རྡུལ་ཕྲན་འབར་མདེལ་འབར་གས་ཀྱི་ཚོད་ལྟར་ཕམ་ཁ་བཟོ་སྲིད། དུས་སྐབས་དེའི་རིང་ལ། རྒྱལ་ཁབ་ཧྲིལ་པོའི་རྒྱལ་སྲུང་གི་སྲོག་རྩ་ནི་སྤྱིར་བཏང་གི་མི་ཞིག་གི་ལས་དབང་དང་འབྲེལ་བ་དམ་དུ་བཅིངས་ཡོད། ཆན་ཅིན་ཆིན་གྱིས་དངོས་གཞིའི་ཐོན་རྫས་ལས་སྣོན་བྱེད་སྐབས། དཀའ་ངལ་མང་པོ་ཁྱད་དུ་སེལ་ནས། མཇུག་མཐར་དུས་ཡུན་ཆུ་ཚོད་གསུམ་སྤྱད་དེ། ཚད་ལྡན་གྱི་ཐོན་རྫས་བཟོས་ལ། ཀུན་གྱིས་སྒྲུབ་མི་ཐུབ་པར་འདོད་པའི་ལས་འགན་དེ་ལེགས་འགྲུབ་བྱས། འདི་ནི་ཁོའི་མི་ཚེའི་ཁྲོད་ཀྱི་ཚོད་བགམ་གལ་ཆེན་ཞིག་སྟེ། རྒྱལ་རུང་བ་ལས་ཕམ་མི་ཆོག་གོ།
    “མདེལ་གཉིས”གསར་བཟོའི་ཐོད་བརྒལ་ཀྱི་གོ་རིམ་ཁྲོད། མཐའ་ཡས་པའི་གསེར་དངུལ་ཐང་རྩྭ་ཐང་སྟེང་། བྱང་ཚད་མཐོ་ཞིང་ཆུ་ཚད་མཐོ་བའི་ལག་རྩལ་ཤེས་ལྡན་མི་སྣ་མང་པོ་འདུས་ཡོད་དེ། ཏག་ཏག་ཁོ་ཚོའི་ཧ་ལས་པའི་སྙིང་རུས་དང་སྙིང་སྟོབས་ལ་བརྟེན་ནས། ཚད་ཡོད་ཀྱི་ཚན་རིག་ཞིབ་འཇུག་དང་ཚོད་ལྟའི་བྱེད་ཐབས་བེད་སྤྱད་དེ། ཚན་རིག་ལ་བརྟེན་ནས་དཔའ་ངར་ཞུམ་མེད་ཀྱིས་ལག་རྩལ་གྱི་དཀའ་གནད་རེ་རེ་མཁྲེགས་གཏོར་བྱས། དེ་བས། དུས་རབས་གསར་པར་ཕུགས་འདུན་མངོན་འགྱུར་བྱེད་པའི་བགྲོད་ལམ་སྟེང་། ཁོང་ཚོའི་ངར་ཤུགས་དང་སྤྲོ་སེམས། འབད་འཐབ་སྙིང་སྟོབས་ཀྱིས་མི་རབས་ནས་མི་རབས་བར་གྱི་ལས་བཏོད་པ་དང་རྩེར་སྙེག་པས་འབད་འབུངས་མདུན་སྐྱོད་བྱེད་པར་སྐུལ་ལྕག་གནང་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད།


མཉམ་སྤྱོད།