དེ་རིང་ནི2024ལོའི་ཟླ12པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

221རྟེན་གཞིར་བསྐྱོད་དེ་མཛད་རྗེས་ཅན་ལ་གུས་འདུད་ཞུ། (ཁག་ལྔ་པ)

2024-08-28 09:25:39   |   201

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུ།
“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱེད།
འགད་རྫས་ཐོག་མ་གནས་འདི་ནས་ལེགས་འགྲུབ་བྱུང་བ།——221རྟེན་གཞིའི་ཡན་ལག་བཟོ་གྲྭ་གཉིས་པར་བསྐྱོད་པ།

221རྟེན་གཞིར་བསྐྱོད་དེ། མཛད་རྗེས་ཅན་ལ་གུས་འདུད་ཞུ།

ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་བྱེད་སའི་རྟེན་གཞི་ཐོག་མ་ལ་ཁྱོན་བསྡོམས་བཟོ་གྲྭ18ཀྱིས་གྲུབ་ཞིང་། དེའི་ཁྲོད་གདོད་མའི་རྣམ་པ་ཡོངས་སུ་ཕྱུག་པའི་བཟོ་གྲྭ་ནི་ད་ལྟ་ང་ཡོད་སའི་ཡན་ལག་བཟོ་གྲྭ་གཉིས་པའི་རྗེས་ཤུལ་འདི་རེད། བཟོ་གྲྭ་འདིའི་འཁོར་ཁང་ཚང་མ་ཡོངས་འགེབས་སམ་ཕྱེད་འགེབས་ཀྱི་རྣམ་པས་སྐྲུན་ཡོད་པ་རེད། བཟོ་གྲྭ་ཆེ་གྲས་འདིས221རྟེན་གཞིའི་ལས་འགན་ཡོངས་འགྲུབ་བྱེད་པར། གཙོ་བོར་ཉིང་རྡུལ་འབར་མདེལ་ནང་ཁུལ་གྱི་མཐོ་ནུས་གས་གཏོར་གྱི་མནོན་འཇུག་གཟུགས་གྲུབ་དང་འགད་སློང་ལྷུ་ལག་ཐོན་སྐྱེད་བྱེད་པའི་ལས་འགན་དང་དུ་བླངས་ཡོད་པ་མ་ཟད།ཆེས་མཐའ་མཇུག་གི་ཉིང་རྡུལ་ཐོན་རྫས་སྒྲིག་འཇུག་གི་ལས་འགན་དང་དུ་བླངས་ཡོད་པ་རེད། གནས་འདི་ནས་ཀྲུང་གོ་གསར་བས་དམིགས་བསལ་གྱི་དྲག་ཆས་མཚོན་ཆ་དང་འབར་རྫས་བཟོ་སྐྲུན་བྱེད་པའི་གོམ་པ་ཐོག་མ་སྤོས་ལ། ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཐོག་མ་བཟོ་བའི་འགད་རྫས་ལེགས་འགྲུབ་བྱུང་ས་རེད། དེ་དང་དུས་མཉམ་དུ། སྔ་རྗེས་སུ་རང་རྒྱལ་གྱི་མ་རྡུལ་འབར་མདེལ་ཐོག་མ་དང་ཆིང་མདེལ་ཐོག་མ། དེ་མིན་ཉིང་རྡུལ་ཐོན་རྫས་མང་པོ་གནས་འདི་ནས་སྒྲིག་འཇུག་བྱས་པ་རེད།གལ་ཏེ་ཁྱེད་ཉིད་ཡན་ལག་བཟོ་གྲྭ་གཉིས་པ་རུ་ཡོང་མེད་ཚེ། འགད་རྫས་ནང་འཇུག་བྱེད་པའི་ལས་ཀ་ཚང་མ་བཟོ་བས་ནན་ཏན་གྱིས་ཞིབ་ལས་བྱས་པ་ཤེས་དཀའ་བ་རེད།རྒྱུ་ཆ་ཧ་ཡང་ལས་གྲུབ་པའི་ཟོ་བ་འདི་ནི་མཚོ་སྔོན་མ་རྡུལ་གྲོང་རྡལ་རྗེས་དྲན་ཁང་གི་རིམ་པ་གཉིས་པའི་གསར་བརྗེ་རིག་དངོས་ཡིན་ཞིང་། ཡན་ལག་བཟོ་གྲྭ་གཉིས་པས་བཀོལ་མྱོང་བ་ཞིག་རེད། ཟོ་བ་འདི་ཕར་བལྟས་ཚོད་ཀྱིས་ཧ་ཅང་སྤྱིར་བཏང་བ་ཞིག་ཡིན་ནའང་།རང་རྒྱལ་གྱི་མ་རྡུལ་འབར་མདེལ་ཐོག་མ་ཞིབ་འཇུག་བྱེད་པའི་གོ་རིམ་ཁྲོད་ནུས་པ་མི་དམན་པ་བཏོན་པ་རེད། ཧ་ཡང་གིས་བཟོས་པའི་ཟོ་བའི་བར་རིམ་དུ་རླངས་པ་གཏོང་བ་དང་ནང་རིམ་དུ་འགད་རྫས་བརྔོ་ཞོར་དུ། གླང་ཀོ་ཤོག་བུ་དང་རྟ་ལུད་ཤོག་བུ་ལས་གྲུབ་པའི་ལུགས་པར་ནང་ལྡུག་དགོས་པ་ཞིག་རེད། ཐབས་བཀོལ་འདི་ཧ་ཅང་རྗེས་ལུས་ཡིན་ནའང་ཕན་འབྲས་མངོན་གསལ་ལྡན་པ་རེད། དེ་ལྟར་ཉིན་མཚན་མང་པོར་དཀའ་སྤྱད་འབད་བརྩོན་བྱས་མཐར། ཀྲུང་གོས་རྒྱལ་སྲུང་གི་རྩེར་སོན་མཚོན་ཆ་བཟོ་བའི་ལག་རྩལ་ཁོང་དུ་ཆུད་དེ། འཛམ་གླིང་སྟེང་མ་རྡུལ་འབར་མདེལ་བཟོ་ཤེས་པའི་རྒྱལ་ཁབ་ཨང་ལྔ་པར་གྱུར་ལ། རིམ་འདས་ཉིང་རྡུལ་རྒྱལ་ཁབ་ཆེན་པོའི་ཉིང་རྡུལ་སྒེར་སྡེམ་དང་ཉིང་རྡུལ་འཇིགས་སྐུལ་གྱི་བཀག་རྒྱ་གཏོར་ཏེ། འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོང་བྱེད་པར་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་གལ་ཆེན་བཞག་པ་རེད། །


མཉམ་སྤྱོད།