དེ་རིང་ནི2025ལོའི་ཟླ01པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་ལས་ཧོང་ལུང་དང་གཟི་ཚྭ་སྡེ་དགུའི་ལམ་མཚམས་དངོས་སུ་ཤར་གཏོང་བྱས་པ།

2024-09-03 11:11:24   |   278

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་ཚེས30ཉིན་གྱི་དུས་ཚོད10དང་སྐར་མ36སྟེང་། གསར་དུ་བསྐྲུན་པའི་སི་ཁྲོན་ཁྲེང་ཏུའུ་ནས་མཚོ་སྔོན་ཟི་ལིང་བར་གྱི་ལྕགས་ལམ་ལས་ཀྲུན་ཅིང་ཀོན་ནས་ཧོང་ཧྲུན་ཀོན་གྱི་ལམ་མཚམས་དངོས་སུ་ཤར་གཏོང་བྱེད་མགོ་བརྩམས་པ་དང་། ཁྲེང་ཏུའུ་ཤར་ཕྱོགས་འབབ་ཚིགས་ནས་ཧོང་ལུང་གཟི་ཚྭ་སྡེ་དགུ་འབབ་ཚིགས་སུ་ཆེས་མགྱོགས་ན་དུས་ཚོད1དང་སྐར་མ39གིས་ཐོན་ཐུབ། དེ་ནས་འཛམ་གླིང་ཤུལ་བཞག་རིག་གནས་ཧོང་ལུང་དང་གཟི་ཚྭ་སྡེ་དགུ། སི་ཁྲོན་ནུབ་བྱང་རྒྱུད་ལྟེ་གནས་སུ་ཆགས་པའི་ཟུང་ཆུ་རྩྭ་ཐང་དངོས་སུ་རང་རྒྱལ་གྱི་སྒུལ་འཁོར་ལྕགས་ལམ་དྲ་བར་སླེབས། 

1.png

འདི་ནི་ཟླ8པའི་ཚེས30ཉིན། ཧོང་ལུང་གཟི་ཚྭ་སྡེ་དགུ་འབབ་ཚིགས་སུ་ས་གནས་མང་ཚོགས་ཀྱིས་ཞབས་བྲོ་འཁྲབ་ནས་རྟེན་འབྲེལ་བྱེད་བཞིན་པའི་ཚུལ་རེད།

འཆར་འགོད་སྡེ་ཚན་ཀྲུང་གོ་ལྕགས་ལམ་གཉིས་པ་སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་སྤྱི་ཆའི་འཆར་འགོད་འགན་ཁུར་མི་སྣ་མའོ་ཡཱ་ལིན་གྱིས་ངོ་སྤྲོད་ལྟར་ན། སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་ནི་རང་རྒྱལ་གྱི“གཞུང་བརྒྱད་འཕྲེད་བརྒྱད”མྱུར་བགྲོད་ལྕགས་ལམ་དྲ་བ་ལན་ཀྲུའུ་དང་ཟི་ལིང་ནས་ཀུང་ཀྲུའུ་བར་ཤར་གཏོང་བྱས་པའི་གནད་འགག་ལམ་དུམ་ཡིན། སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ནས་མེ་འཁོར་བཏང་ནས་བར་དུ་སྡེ་དབྱང་གྲོང་ཁྱེར་དང་། མིན་དབྱང་གྲོང་ཁྱེར། རྔ་བ་ཁུལ། ཀན་ལྷོ་ཁུལ། མཚོ་སྔོན་རྨ་ལྷོ་ཁུལ། མཚོ་ཤར་གྲོང་ཁྱེར། ཟི་ལིང་གྲོང་ཁྱེར་བརྒྱུད་དེ་ཟི་ལིང་མེ་འཁོར་འབབ་ཚིགས་སུ་ཐོན་པ་དང་། ལམ་ཐིག་ཧྲིལ་བོའི་རིང་ཚད་སྤྱི་ལེ836ཟིན་ནས་འཆར་འགོད་དུས་ཚོད་རེར་སྤྱི་ལེ200ཟིན་པས་རྒྱལ་ཁབ་ཀྱིⅠརིགས་ཀྱི་ལམ་ཐིག་གཉིས་ཀྱི་ལྕགས་ལམ་ཁོངས་སུ་གཏོགས། ལམ་ཐིག་ཧྲིལ་བོ་དུམ་བུར་བཅད་ནས་འཛུགས་སྐྲུན་བྱས་པས་མིག་སྔར་ཁྲེང་ཏུའུ་ཤར་ནས་ཀྲུན་ཅིང་ཀོན་ལམ་དུམ། མཚོ་ཤར་ནུབ་ནས་ཟི་ལིང་ལམ་དུམ་བཅས་ཤར་གཏོང་བྱས་པ་དང་། ཀྲུན་ཅིང་ཀོན་ནས་ཧོང་ཧྲུན་ཀོན་ཤར་གཏོང་བྱས་རྗེས་ཧོང་ཀྲུན་ཀོན་ནས་མཚོ་ཤར་ནུབ་ལམ་དུམ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན།

2.png

འདི་ནི་ཟླ8པའི་ཚེས30ཉིན། ཧོང་ལུང་གཟི་ཚྭ་སྡེ་དགུ་འབབ་ཚིགས་སུ་ས་གནས་མང་ཚོགས་ཀྱི་མགོ་ཚུགས་མཛད་སྒོ་སྟེང་རྟེན་འབྲེལ་བྱེད་བཞིན་པའི་ཚུལ་རེད། 

ཁྲེང་ལན་ལྕགས་ལམ་སྤྱི་གཉེར་གྱི་ལས་གཞི་མཛུབ་སྟོན་ལས་དོན་མི་སྣ་ལི་ཆོན་གྱིས། ལས་གཞིའི་ནང་ཞུགས་པའི་སྡེ་ཚན་སོ་སོས་བྲག་སྙི་རྡོའི་དབྱིབས་སྒྱུར་དང་ས་ངོས་དྲོད་ཚད་མཐོ་བ་སོགས་ཀྱི་དཀའ་ངལ་སེལ་ཏེ་ལོ་ངོ13རིང་ལ་ཏུའུ་ཧྲུན་ཕུག་ལམ་སོགས་ཕུག་ལམ7བསྐྲུན་པ་དང་། རྨིན་ཅང་གཙང་བོའི་ལམ་ཐིག་གཉིས་ཀྱི་ཟམ་ཆེན21བཙུགས་པ་དང་མའོ་ཐན་ལིན་སོགས་ཀྱི་རི་ཚོགས་མང་པོ་བརྒལ་བ་རེད། ས་བབ་ཀྲུན་ཅིང་ཀོན་འབབ་ཚིགས་ཀྱི་སྨི2503ནས་ཧོང་ཧྲུན་ཀོན་འབབ་ཚིགས་ཀྱི་སྨི3156ཟིན་པ་དང་། ཀྲུན་ཅིང་ཀོན་བྱང་རྒྱུད་དུ་ཟུང་ཆུ་འབབ་ཚིགས་དང་ཧོང་ལུང་གཟི་ཚྭ་སྡེ་དགུ་འབབ་ཚིགས་བཙུགས་ཡོད། ལམ་ཐིག་ཤར་གཏོང་བྱས་པ་དེས་སྔར་ལས་ལྷག་པའི་སྒོ་ནས་གནས་སྐོར་པ་ཧོང་ལུང་དང་གཟི་ཚྭ་སྡེ་དགུ་ལྗོངས་ཁུལ་དུ་འགྲོ་བར་སྟབས་བདེ་བཟོས་པ་མ་ཟད། སི་ཁྲོན་ནུབ་བྱང་རྒྱུད་ཀྱིས་ཁྲེང་ཏུའུ་དང་ཁྲེང་ཆིན་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ལྟེ་ཁུལ་འཛུགས་པར་སྐུལ་འདེད་བྱས།

3.png

འདི་ནི་ཟླ8པའི་ཚེས30ཉིན་ཧོང་ལུང་གཟི་ཚྭ་སྡེ་དགུ་འབབ་ཚིགས་སུ་ས་གནས་མང་ཚོགས་ཀྱིས་ཞབས་བྲོ་འཁྲབ་ནས་རྟེན་འབྲེལ་བྱེད་བཞིན་པའི་ཚུལ་རེད།

4.png

འདི་ནི་ཟླ8པའི་ཚེས30ཉིན་མེ་འཁོར་དང་པོC5818ཧོང་ལུང་གཟི་ཚྭ་སྡེ་དགུ་ནས་ཤར་གཏོང་བྱེད་མགོ་ཚུགས་པའི་ཚུལ་རེད།

5.png

འདི་ནི་ཟླ8པའི་ཚེས30ཉིན་ལྕགས་ལམ་འཛུགས་སྐྲུན་ནང་ཞུགས་པའི་ལས་དོན་མི་སྣ་ཞིག་གིས་པར་རྒྱག་བཞིན་པའི་ཚུལ་རེད།

6.png

འདི་ནི་ཟླ8པའི་ཚེས30ཉིན་མེ་འཁོར་དང་པོC5818ཧོང་ལུང་གཟི་ཚྭ་སྡེ་དགུ་ནས་ཤར་གཏོང་བྱེད་མགོ་ཚུགས་པའི་ཚུལ་རེད།

7.png

འདི་ནི་ཟླ8པའི་ཚེས30ཉིན་གནས་སྐོར་པ་ཞིག་མེ་འཁོར་དང་པོC5818ཧོང་ལུང་གཟི་ཚྭ་སྡེ་དགུ་ནང་འབུད་པའི་ཚུལ་རེད།

8.png

འདི་ནི་ཟླ8པའི་ཚེས30ཉིན་མེ་འཁོར་དང་པོC5818ཟུང་ཆུ་འབབ་ཚིགས་སུ་ཐོན་པའི་ཚུལ་རེད།

10.png

འདི་ནི་ཟླ8པའི་ཚེས30ཉིན་མེ་འཁོར་དང་པོC5818ཟུང་ཆུ་འབབ་ཚིགས་སུ་ཐོན་པའི་ཚུལ་རེད།

11.png

འདི་ནི་ཟླ8པའི་ཚེས30ཉིན་ལས་དོན་མི་སྣ་དག་གིས་པར་རྒྱག་བཞིན་པའི་ཚུལ་རེད།

12.png

འདི་ནི་མེ་འཁོར་ཞིག་ཧོང་ལུང་གཟི་ཚྭ་སྡེ་དགུ་འབབ་ཚིགས་སུ་འགྲོ་བཞིན་པའི་ཚུལ་རེད།

13.png

འདི་ནི་མེ་འཁོར་ཞིག་ཧོང་ལུང་གཟི་ཚྭ་སྡེ་དགུ་འབབ་ཚིགས་སུ་འགྲོ་བཞིན་པའི་ཚུལ་རེད།

14.png

འདི་ནི་ཧོང་ཧྲུན་ཀོན་འབབ་ཚིགས་ཡིན།

15.png

འདི་ནི་ཟུང་ཆུ་འབབ་ཚིགས་ཡིན།


མཉམ་སྤྱོད།