དེ་རིང་ནི2025ལོའི་ཟླ05པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས“རྒན་བཀུར་རྒན་གཅེས•རྒན་བཀུར་དུས་ཆེན་བརྩེ་བས་ཁེངས”ཞེས་པའི་མཐོན་པོ་སྒང་ལ་གོམ་བགྲོད་བྱེད་པའི་བྱེད་སྒོ་སྤེལ་བ།

2024-10-12 09:37:14   |   324

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ10པའི་ཚེས11ཉིན། མཚོ་བྱང་ཁུལ་དམངས་སྲིད་ཅུ་དང་རྒན་པའི་གཞུང་དོན་ཁང་གིས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། སྤྱི་བདེ་ཅུ། རྒན་པའི་ལུས་རྩལ་མཐུན་ཚོགས་བཅས་དང་མཉམ་འབྲེལ་གྱིས་ནུབ་མཚོ་གྲོང་རྡལ་གྱི་རྒན་པ50སྒྲིག་འཛུགས་བྱས་ཏེ། མདའ་བཞི་རྫོང་གི་མཐོན་པོ་སྒང་དུ“རྒན་བཀུར་རྒན་གཅེས•རྒན་བཀུར་དུས་ཆེན་བརྩེ་བས་ཁེངས” ཞེས་པའི་མཐོན་པོ་སྒང་ལ་གོམ་བགྲོད་བྱེད་པའི་བྱེད་སྒོ་སྤེལ།    

1.jpg

ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཆེ་ཚོ་ཅི་ཆང་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སུའུ་བདུན་ཅུ། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག    ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞའོ་རུའེ་ཞིན་བཅས་བྱེད་སྒོར་ཞུགས་པ་དང་འབྲེལ་ཁུལ་གྱི་ཚན་ཁག་ཆེན་པོ་བཞིའི་ཚབ་བྱས་ཏེ་རྒན་པ་ཚོར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་ཤིང་། རྒན་པ་ཚོས་ཚེ་མཇུག་སྐྱིད་པོ་ཞིག་རོལ་ཐུབ་པའི་སྨོན་འདུན་དང་སྐྲ་དཀར་ན་ཚོད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་མཚོ་བྱང་གི་རྒན་པའི་བྱ་གཞག་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་བཤད།

ཁུལ་རྒན་པའི་བྱེད་སྒོ་ལྟེ་གནས་དང་ཁུལ་རྒན་པའི་ལུས་རྩལ་མཐུན་ཚོགས་ཀྱིས་མཐོན་པོ་སྒང་སྒར་འདེབས་རྟེན་གཞིར་རིག་རྩལ་འཁྲབ་སྟོན་བྱས། རྒན་པ་ཚོས་གླུ་ལེན་གར་འཁྲབ་བྱས་ཏེ་དུས་རབས་གསར་པར་བསྟོད་གླུ་བླངས་པ་དང་། རྒན་བཀུར་དུས་ཆེན་སྤྲོ་བས་བསུས་ཏེ། རྒས་དུས་ལས་རྒྱུ་ཡོད་པ། རྒས་དུས་སྤྲོ་བ་ཡོད་པ། རྒས་དུས་ལོངས་སྤྱོད་ཡོད་པ་བཅས་ཀྱི་བདེ་སྐྱིད་འཚོ་བ་མངོན། རིག་རྩལ་འཁྲབ་སྟོན་མཇུག་གྲིལ་རྗེས་རྒན་པ་ཚོ་ལས་དོན་མི་སྣའི་སྣེ་ཁྲིད་འོག་གོ་རིམ་ལྡན་པའི་ངང་མཐོན་པོ་སྒང་ལ་ཕྱིན་ཏེ་གོམ་བགྲོད་བྱེད་སྒོ་སྤེལ། གཡུ་ཡུ་རླབས་ཕྲེང་རྩེན་པའི་མཚོ་སྔོན་པོ་དང་བརྗིད་ཆགས་ཡིད་དུ་འོང་བའི་མཐོན་པོ་སྒང་གི་མཐོང་འོག་ཏུ། མཚོ་བྱང་གི་མཛེས་ལྗོངས་ལ་མྱོང་རོལ་བྱས་པ་དང་དགའ་སྤྲོའི་དགོད་སྒྲའི་ཁྲོད་ནས་རང་བྱུང་ཁམས་ཆེ་མོས་བསྩལ་བའི་བག་ཕེབས་དང་སྤྲོ་སྣང་ལ་མྱོང་རོལ་བྱས་ཤིང་། དེང་རབས་རྒན་པ་ཚོས་འཚོ་བ་ལོངས་སུ་སྤྱོད་པའི་བསམ་པའི་ཉམས་འགྱུར་མངོན།

   ད་ཐེངས་ཀྱི་བྱེད་སྒོ་ནི་མཚོ་བྱང་ཁུལ་གྱི“རྒན་པ་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རྒན་པ་ལ་བརྩེ་བའི་སྤྱི་ཚོགས་གཏོད་དགོས”ཞེས་པའི་རྒན་བཀུར་ཟླ་བའི་བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་ཡིན་པ་དང་། ཁུལ་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་ད་དུང་རྒན་པ་ལ་འཚམས་འདྲི་དང་། རྒན་གསོའི་སྒྲིག་གཞིའི་འོས་འགན་སྨན་བཅོས། རྒན་པར་འཚམས་འདྲི་བྱས་ཏེ་བརྩེ་བ་མཚོན་པ། མགོ་སྐོར་སྔོན་འགོག་དྲིལ་སྒྲོག འཛད་སྤྱོད་འཛིན་ཤོག་སྤྲོད་པ་སོགས་ཀྱི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་རྒྱུ་མ་ཟད། རྒན་པའི་རྒན་གསོའི་ཞབས་ཞུ་དང་། བདེ་ཐང་ཞབས་ཞུ། ཁེ་དབང་འགན་ལེན་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་རྒན་པའི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་བས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།    

7.jpg

མཚོ་བྱང་ཁུལ་དམངས་སྲིད་ཅུ་དང་རྒན་པའི་གཞུང་དོན་ཁང་གི་འགན་འཁུར་བ་དང་དེ་བཞིན་ལས་དོན་མི་སྣ། སྨན་བཅོས་དང་བདེ་སྲུང་ལས་དོན་མི་སྣ། གཞོན་ནུ་དང་བླངས་པ་སོགས་མི40ལྷག་ཙམ་བྱེད་སྒོར་ཞུགས་པ་མ་ཟད། བྱེད་སྒོའི་སྒྲིག་འཛུགས་དང་། སྨན་བཅོས་འགན་ལེན། བདེ་འཇགས་སྲུང་སྐྱོང་སོགས་ཀྱི་ལས་དོན་ལེགས་པར་བསྒྲུབས།


མཉམ་སྤྱོད།