དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཉེ་བའི་ལོ63ནང་གཙང་གསུམ་ཆུ་མགོའི་གནམ་གཤིས་ཇེ་དྲོ་རུ་ཕྱིན་ཡོད།

2024-10-18 09:26:51   |   408

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


 ཟླ10པའི་ཚེས16ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ནས་ཤེས་གསལ་ལྟར་ན། ཉེ་བའི་ལོ63ཀྱི་རིང་ལ་གཙང་གསུམ་ཆུ་མགོའི་ས་ཁུལ་གྱི་སྤྱི་ཡོངས་ཀྱི་གནམ་གཤིས་ཇེ་དྲོ་དང་ཆར་ཆུའི་འབབ་ཚད་ཇེ་མང་དུ་ཕྱིན་ཡོད།

གཙང་གསུམ་ཆུ་མགོ་ནི་མཚོ་བོད་མཐོ་སྒང་གི་དབུས་སུ་གནས་ཤིང་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་སོགས་གཙང་པོ་ཆེན་པོ་དང་ཆུ་བོ་ཆེན་པོའི་འབྱུང་ཁུངས་ཡིན་པས།“ཀྲུང་ཧྭའི་ཆུ་མཛོད”དང“གཙང་གསུམ་མགོ་ཁུངས”ཞེས་བརྗོད་ཀྱིན་ཡོད། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཚོར་སྣང་སྐྱེན་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པའི་གཙང་གསུམ་ཆུ་མགོའི་ས་ཁུལ་ཡང་རང་རྒྱལ་གྱི་ཆུ་ཁུངས་ཁུལ་དང་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་རེད།

མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱི་གནམ་གཤིས་དཔྱད་ཡིག་ལས་མངོན་པར། 1961ལོ་ནས2023ལོའི་བར། གཙང་གསུམ་ཆུ་མགོའི་ཆ་སྙོམས་ལོ་རེའི་དྲོད་ཚད་ལོ་བཅུ་རེར་ཧྲེ་ཧྲི་ཏུའུ0.35འཕར་ནས། དྲོད་ཚད་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་ཀྱི་འཕར་ཚད་ལས་མཐོ་བ་རེད། ལྷག་པར་དུ1998ལོ་ནས་བཟུང་། གཙང་གསུམ་ཆུ་མགོའི་ཆ་སྙོམས་དྲོད་ཚད་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད། 1998ལོ་ནས2023ལོའི་བར་གཙང་གསུམ་ཆུ་མགོའི་ཆ་སྙོམས་དྲོད་ཚད་དེ1961ལོ་ནས1997ལོའི་ཆ་སྙོམས་དྲོད་ཚད་དང་བསྡུར་ན་ཧྲེ་ཧྲི་ཏུའུ1.3མཐོ་རུ་ཕྱིན་ཡོད། དེའི་ནང་། འབྲི་ཆུའི་ཆུ་མགོ་ས་ཁུལ་གྱི་གནམ་གཤིས་ཇེ་དྲོ་རུ་འགྲོ་ཚད་དེ་རྨ་ཆུའི་ཆུ་མགོ་ས་ཁུལ་དང་རྫ་ཆུའི་ཆུ་མགོ་ས་ཁུལ་ལས་མགྱོགས་པ་རེད།

1961ལོ་ནས2023ལོའི་བར། གཙང་གསུམ་ཆུ་མགོའི་ལོའི་ཆར་ཆུ་འབབ་ཚད་དེ་ཆ་སྙོམས་ལོ་བཅུ་རེར་ཧའོ་སྨི13.1འཕར་ནས། མཚོ་བོད་མཐོ་སྒང་གི་དུས་མཚུངས་ཀྱི་ཆར་ཆུ་འབབ་ཚད་ཀྱི་མྱུར་ཚད་ལས་མགྱོགས་པ་རེད། དེ་དང་ཆབས་ཅིག་ཏུ། གཙང་གསུམ་ཆུ་མགོའི་ཆར་ཆུ་འབབ་ཚད་དེ་དུས་རབས21པའི་ལོ་སྟོད་དུ་ཉུང་བ་ནས་མང་བའི་བར་གྱི་ལོ་རབས་ལ་འགྱུར་ལྡོག་བྱུང་ནས། 1961ལོ་ནས2002ལོའི་བར་གྱི་ཆ་སྙོམས་ཐང་གྲངས་དང་བསྡུར་ཚེ། 2003ལོ་ནས2023ལོའི་བར་གཙང་གསུམ་ཆུ་མགོའི་ཆར་ཆུ་འབབ་ཚད13%འཕར་བ་དང་། དེའི་ནང་འབྲི་ཆུའི་ཆུ་མགོ་ས་ཁུལ་དུ་ཆར་ཆུ་འབབ་ཚད་མངོན་གསལ་གྱིས་འཕར་ཡོད་པ་རེད།


མཉམ་སྤྱོད།